ཐེ་ཀོར་དང་ཁོང་གི་མི་ཚེའི་བྱུང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» འཛམ་གླིང་མཁས་དབང་། »ཐེ་ཀོར་དང་ཁོང་གི་མི་ཚེའི་བྱུང་བ།
ཐེ་ཀོར་དང་ཁོང་གི་མི་ཚེའི་བྱུང་བ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/11/5ལྟ་ཀློག (44635)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐེ་ཀོར་དང་ཁོང་གི་མི་ཚེའི་བྱུང་བ།

བསྒྱུར་སྒྲིག་པ། གངས་ཅན་དབྱངས་འཚོ།


             རྩོམ་རིག་གི་མཚན་སྙན་རླུང་ལྟར་ཁྱབ་པའི་རྩོམ་པ་པོ་ཐེ་ཀོར་ནི་ཕྱི་ལོ་ ༡༨༦༡ ཟླ་ ༥ ཚེས་ ༧ཉིན་རྒྱ་གར་གྱི་བྷང་གྷ་ལའི་ནུབ་ཁུལ་གྲོང་ཁྱེར་ཀཱ་ལི་ཀཱ་ཏཱ་ཞེས་པར་ཡབ་དེ་རོ་བན་དཱར་ན་ཐ་ཐེ་ཀོར་གྱི་སྲས་སུ་སྐུ་འཁྲུངས། ཁོང་གི་ཡབ་འདི་ཉིད་ཀྱང་ཤེས་བྱ་རིག་པའི་གནས་སྤྱི་དང་ལྷག་པར་རྒྱ་གར་གྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས། ཡང་སྒོས་མང་ཚོགས་ཀྱི་འཚོ་བ་དང༌། སྤྱི་ཚོགས་ཀྱི་གནས་བབ་ལ་གཟིགས་རྒྱངས་ཡངས་པའི་སྒྱུ་རྩལ་རྩོམ་རིག་ཐོག་སྐད་གྲགས་ཡོད་པར་མ་ཟད། ད་དུང་སྤྱི་ཚོགས་ནང་ཕན་སེམས་དང་ཡ་རབས་ཀྱི་སྤྱོད་པས་ཉམ་ཆུང་བྱམས་སྐྱོང་དང༌། རིག་གཞུང་གཅེས་འཛིན་གྱི་མཛད་པ་བཟང་པོས་མི་ཚེ་མཐའ་འཁྱོངས་མཛད་པས་ཀ་ཏའི་ཁུལ་གྱི་མི་མང་ཚོས་ཁོང་ལ་མཚན་སྙན་མཐོ་བའི་ཆོ་ལོ་དང་བླ་མེད་ཀྱི་གུས་བཀུར་བྱེད། ཐེ་ཀོར་འཁྲུངས་ནས་ཡུན་རིང་མ་སོང་བར་རང་གི་མ་ཡུམ་འཇིག་རྟེན་འདི་དང་ཁ་བྲལ་སྟབས་ཐེ་ཀོར་གྱི་རང་ཉིད་འཇིག་རྟེན་འདིར་ཐོག་མར་བསྐྱེད་པར་བྱེད་མཁན་གྱི་མ་ཡུམ་དངོས་ལས་དུས་ཡུན་ཧ་ཅང་ཐུང་བའི་ནུ་ཞོ་ཙམ་མ་གཏོགས་བྱམས་སྐྱོང་གི་བརྩེ་འདང་འོག་བྱིས་པའི་མཉོམ་ལག་རྒྱས་རྒྱུའི་སྐལ་བ་བྱུང་མེད༌། ཁོང་གི་ཡབ་དམ་པ་དེས་ཁོང་ཆུང་དུས་ནས་རྒྱ་གར་བའི་སྲོལ་རྒྱུན་གྱི་ལྟ་གྲུབ་རྨང་གཞི་ལྡན་པའི་ཐོག་ནས་སློབ་སྦྱོང་གི་ཐོག་མ་དབྱངས་ཡིག་བཅུ་དྲུག་དང་གསལ་བྱེད་སོ་བཞིའི་ཀློག་འདོན་གྱི་འགོ་འཛུགས་བྱེད་ས་ནང་ཁྱིམ་རང་དུ་བྱས། དགུང་ལོ་བཅུ་བདུན་པ་ཕྱི་ལོ་ ༡༨༧༧ ལོར་ཕྱི་རྒྱལ་སྐད་ཡིག་དང་ལུགས་སྲོལ་ཡང་ཡུལ་དུས་དང་བསྟུན་ནས་ཤེས་བྱའི་གནས་གལ་ཆེ་ཞིག་ཏུ་ངོས་འཛིན་ཐོག་ཐོས་རྒྱ་དང་མཐོང་རྒྱའི་ཉམས་མྱོང་གསོག་ཆེད་དབྱིན་ཡུལ་གྱི་རྒྱལ་ས་ལན་ཀྲུ་སློབ་གྲྭ་ཆེན་མོའི་ནང་དུ་བཏང༌། ད་དུང་ཁོང་གི་ཡབ་ཀྱིས་ཁོང་ལ་རེ་བ་དམིགས་བསལ་པ་ཞིག་བཅངས་ཡོད་པ་དེ་ནི་ཁྲིམས་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། དེའི་དམིགས་ཡུལ་ནི་དབྱིན་ཇིའི་བཙན་འཛུལ་འོག་ལྷུང་ནས་གནས་བཞིན་པའི་རྒྱ་གར་གྱི་མི་རིགས་འདིར་ས་གནས་ཁག་གང་ས་ནས་ཉེན་རྟོག་པ་དང་ཁྲིམས་ཞིབ་པའི་ལག་འོག་ནས་བསད་བཟུང་རྡུང་བརྡེགས་བར་མ་ཆད་པ་ཡོང་གིན་ཡོད་ཀྱང་ཁྲིམས་ལུགས་ཀྱི་སྒོ་ནས་ཡ་ལན་སློག་རྒྱུའི་ཤེས་ཚད་ལྡན་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དེས་ཡིན་སྲིད། གང་ལྟར་ཡང་ཐེ་ཀོར་གྱི་སེམས་ཁམས་སུ་ཡོད་པའི་སྔོན་གྱི་བག་ཆགས་དང༌། ཡབ་ཀྱིས་བསྐུལ་བའི་སློབ་སྦྱོང་གཉིས་ཀླད་པའི་རྩ་ལམ་གཅིག་གི་ནང་དུ་མཉམ་འགྲོ་བྱེད་ཐབས་མ་བྱུང་སྟབས། རང་འདོད་ལྟར་དབྱིན་ཡུལ་དུ་མི་ལོ་ཧྲིལ་པོ་གཉིས་དང་ཕྱེད་ཙམ་བསྡད་རིང་དེང་ལུགས་ཀྱི་ཤེས་བྱ་སྤྱི་དང་ལྷག་དོན་སྒྱུ་རྩལ་རྩོམ་རིག་གི་རྣམ་བཞག་འབུར་དུ་བཏོན་ནས་བསླབས་ཏེ་དབྱིན་ཇི་་ལྟ་གྲུབ་དང་འདྲེས་པའི་སྒྲུང་རྩོམ་དང་སྙན་ངག་ཁ་ཤས་ཀྱང་བྲིས་པར་ཁོར་ཡུག་དེ་ནས་ཀློག་མཁན་མང་པོའི་ས་ནས་དགའ་བསུ་ཐོབ། རྒྱ་གར་དུ་ཕྱིར་ལོག་རྗེས་ཁོང་གི་རྩོམ་རིག་གི་སྒྱུར་རྩལ་ལ་ཡབ་ཀྱིས་དགྱེས་ཚོར་ཆེན་པོ་གནང་ནའང་བརྗོད་གཞིའི་ལྟ་གྲུབ་ཀྱི་ཐོག་ནས་རྒྱ་གར་གྱི་སྲོལ་རྒྱུན་དང་ཡབ་མེས་ཚོའི་དགོངས་བཞེད་རང་གི་རིག་པའི་གཞུང་ལུགས་ཀྱི་ཆ་ལག་དང་དེའི་དགེ་མཚན། མི་རིགས་ཤིག་གི་སྲོག་རྩ་དམ་འཛིན་དགོས་ན་མི་རིགས་རང་གི་རིག་པའི་གཞུང་ལུགས་རྨོངས་གཞིར་བཞག་ནས་མི་རིགས་གཞན་གྱི་ལེགས་ཆའི་རིག་གཞུང་གིས་ཁ་བསབ་བྱས་ན། ད་བཟོད་རིག་གཞུང་རྙིང་པའི་སྲོལ་འཛིན་དང་གསར་པའི་སྲོལ་བཏོད་ཀྱི་ལག་རྗེས་བཞག་ཐུབ་པའི་བསམ་བློའི་ཁ་ཕྱོགས་ལ་ཉམས་མྱོང་གི་འཛུབ་སྟོན་དང་བསླབ་བྱ་འདི་ཉིད་ཐོབ་པའི་རྗེས། ཐེ་ཀོར་གྱི་རྩོམ་རིག་ཐོག་བསམ་བློའི་ལྟ་སྤྱོད་ཀྱི་ཁ་ཕྱོགས་གསར་པའི་ལམ་ཆེ་ཞིག་གི་སྒོ་ཐོག་མ་དེ་འབྱེད་པ་རེད།
༡༽   ལྷན་ཐབས། 

•      ཁོང་གི་རིགས་རྒྱུད་ཀྱི་མཆེད་ཁུངས་ནི་དུས་རབས་༡༧པའི་དུས་མཇུག་ཅིག་ནས་ཕན་ཀ་ན•ཁུའུ་ཧྲ་ལི་ཟེར་བའི་བྲམ་ཟེ་གཞོན་ནུ་ཞིག་ཁོང་གི་ཞང་བོ་དང་ལྷན་དུ་ཡུལ་གྱར་ཞིང་མཐར་ཧིན་རྡུ་གཙང་བོའི་འགྲམ་ངོགས་ཏེ་ཀ་ལི་ཀ་ཏའི་གྲོང་ཁྱེར་དུ་གཞིས་ཆགས་པ་ལས་བྱུང་བ་ཡིན་ཞིང་།  གནས་དེ་གའི་ཡུལ་མི་ཕལ་ཆེར་ནི་རིགས་དམན་པ་སྟེ་གདོལ་རིགས་སུ་གཏོགས་པས་ཁོང་ཅག་ལ་གུས་བཀུར་མཚོན་པའི་མིང་ཕན་ཀ་ན•ཐེ་ཀོར་ཞེས་འབོད་ལ།  དེ་ནི་"བཀུར་བར་འོས་པའི་སྐྱེ་བུ་"ཞེས་པའི་དོན་ཡིན། 

•    ཁོང་གི་མཚན་དངོས་ལ་བྷང་ག་ལའི་སྐད་དུ་རོ་པན་ཏཱ་ར་ནཱ་ཐི་ཞེས་བརྗོད་ཅིང་བོད་སྐད་དུ་བྱས་ན་"ཉི་མ"་ཞེས་པའི་དོན་ཡིན།  དེ་བས་ཁོང་གི་སྙན་ངག་སྔ་འགྱུར་ཁ་ཅིག་ཏུ་མཛད་པ་བོ་ཉི་དབང་མགོན་པོའམ་ཇོ་བོ་ཉིན་དབང་མགོན་པོ་ཞེས་འཁོད་འདུག   འདིའི་སྐབས་ཇོ་བོ་ཞེས་འདོགས་དོན་ནི་དམ་པ་ཁོང་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་འཁྲུངས་ཡུལ་གཅིག་པའི་དབང་དུ་བྱས་པ་མངོན་ནོ། །


ཐེ་ཀོར་གྱི་མི་ཚེ།

༢༽  ལྷན་ཐབས།

_______ཐེ་ཀོར་གྱི་འཁྲུངས་ཡུལ།

    •ཁོང་གི་སྐུ་ཡུལ་(加尔各答)ཀ་ལི་ཀ་ཏ་ནི་སྐབས་དེ་དུས་རྒྱ་གར་གྱི་ས་གནས་སྤྱི་ལ་དབྱིན་ཇིའི་ཚོང་ལས་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་མཆེད་མུས་ཡིན་པར་བརྟེན།   ཀ་ལི་ཀ་ཏ་ཡང་རིམ་བཞིན་རྒྱ་གར་ཚོང་ལས་ཀྱི་ལྟེ་བ་ལྟ་བུ་ཆགས།  དེ་དང་བསྟུན་ནས་ཐེ་ཀོར་ཁྱིམ་རྒྱུད་ཀྱང་མིང་དུ་གྲགས་པའི་འབྱོར་ལྡན་གྱི་ལམ་ཆས།

________ཐེ་ཀོར་གྱི་ཁྱིམ་རྒྱུད།

•   ཡབ་དམ་པ་ཏི་པན་ཏ་ར་ནཱ་ཐིའི་ཁྱིམ་ཚང་ལས་ཐེ་ཀོར་གྱི་ནུ་བོ་སྐྱེས་ནས་རིང་བོར་མ་འགོར་བར་རྐྱེན་ལམ་ཤོར་བས་ཁོང་ཉིད་མིང་སྲིང་བཅུ་ལས་སྐུ་ན་ཕྲ་ཤོས་སུ་གྱུར།

     སྤྱིར་ཁོང་གི་ཁྱིམ་ཚང་ནི་སྔ་མོ་ནས་སློབ་གསོ་དང་རིག་གནས་ཀྱི་མཁའ་དབུགས་དྭངས་ཟབ་ཏུ་ཡོད་པ་ཞིག་ཡིན་ཏེ། ཁོང་གི་ཡབ་ནི་བྲམ་ཟེའི་ཆོས་ལུགས་ཀྱི་སློབ་སྟོན་པ་དང་སྤྱི་ཚོགས་ལས་འགུལ་ལས་ཡར་སྐུལ་དང་དྲང་བདེན་ལ་སྨོན་མཁན་ཞིག་ཡིན་སྟབས་ཀ་ལི་ཏའི་མང་ཚོགས་རྣམས་ཀྱིས་གུས་བཀུར་དང་མཆོད་འོས་སུ་གྱུར་ཡོད།

     དེའང་ཁོང་གི་བུ་ཆེ་བ་ཏི་ཝ་ཀན་ཏ་ར་ནཱ་ཐི•ཐེ་ཀོར་ནི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་པར་མ་ཟད།  རོལ་དབྱངས་དང་སྙན་ངག་སོགས་སྒྱུ་རྩལ་རིག་གནས་ཀྱི་སྐོར་ལ་གཟིགས་རྒྱ་ཤིན་ཏུ་ཡངས་པ་ཞིག་ཡིན།

 དེ་མིན་ཐེ་ཀོར་གྱི་ཕུ་བོ་གཉིས་པ་སཱ་ཐི་ཡན་ཏ་ར་ནཱ་ཐི•ཐེ་ཀོར་ཡང་ལེགས་སྦྱར་དང་བྷ་གྷ་ལའི་སྲོལ་རྒྱུན་རྩོམ་རིགས་གང་མང་ཡིག་རིགས་དུ་མའི་ལམ་སྒྱུར་མཁན་གྱི་སྐད་མང་ལོ་ཅཱ་བ་གྲགས་ཅན་ཞིག་རེད།  

     གཞན་ཡང་ཡིག་ཆ་ཁག་ཏུ་ཕུ་བོ་གསུམ་པ་དང་བཞི་བ་ད་དུང་སྲིང་མོ་གསུམ་གྱི་གནས་ཚུལ་སྐོར་གསལ་བོ་འཁོད་ཡོད་པ་མ་མཐོང་ཡང་།  ཁོང་ཅག་གི་ཁྱིམ་ཚང་སྤྱིའི་གནས་བབས་ལ་བལྟས་ན་ཕུ་བོ་གཉིས་ཀྱི་ཤེས་ཚད་རུབ་ཙམ་མཁྱེན་ངེས།

     ད་དུང་ཐེ་ཀོར་དང་འབྲེལ་ནས་ཆེས་བཤད་རིན་ཡོད་པ་ནི་ཕུ་བོ་ལྔ་བ་སྟེ་ཆོ་ཏི་ལོན་ཏ་ར་ནཱ་ཐི•ཐེ་ཀོར་རེད།    དེ་ཡང་ཁོང་ནི་རོལ་མོ་དང་སྙན་ངག་ལ་བྱང་ཆུབ་ཅིང་འཁྲབ་གཞུང་མཁས་ཅན་ཞིག་ཀྱང་ཡིན།   ཐེ་ཀོར་གྱི་ཁྱིམ་ཚང་དགེ་རྒན་ཐོག་མའང་ཁོང་ཡིན་ལ།  རྗེས་ནས་ཐེང་ཀོར་གྱི་སྒྱུ་རྩལ་འཚོལ་སྙེག་གི་ལམ་ཕྱོགས་དུ་མ་ནས་ཁོང་གིས་གཟིགས་སྐྱོང་བླ་མེད་གནང་ཡོད། 

_______ཐེ་ཀོར་གྱི་བྱིས་དུས།

•    ཐེ་ཀོར་སྐུ་ན་ཕྲ་དུས་ཐེངས་དུ་མར་སློབ་གྲྭ་ལས་ཕྱིར་འབུད་བྱས་ཤིང་།  ག་དུས་ཡིན་ཡང་དགེ་རྒན་གྱི་མིག་ལ་མཛའ་བ་ཞིག་བྱུང་མེད་སྟབས།  བྱིས་དུས་འཚོ་བ་ཕལ་ཆེར་བ་ཁྱིམ་ཚང་ཁོ་ནར་བསྐྱལ་བ་རེད།  གོང་དུ་བཤད་ཟིན་པ་བཞིན་ཁོང་མི་ཡུལ་དུ་སྐྱེས་ནས་རིང་བོར་མ་སོང་བར་མ་ཡུམ་ཉིད་དང་གཏན་བྲལ་དུ་སོང་བས།   བྱིས་དུས་འཚོ་བ་ལ་སྐྱོ་སྡུག་གང་མང་མྱོང་ཡོད་པ་ནི། ཁོང་གི་བྱིས་རྩོམ་《གཏན་བྲལ་》དང་《ཡུམ་ཆེན་》《དྲན་པ་》སོགས་ལས་རྟོགས་ཐུབ།  འོན་ཀྱང་ཁོང་ནི་མིང་སྲིང་ཀུན་གྱི་ཐ་ཆུང་ཡིན་པས་ཕ་ཡབ་དང་ཕུ་བོ་རྣམས་ཀྱིས་བྱམས་བརྩེ་ལྷག་མ་ཞིག་བཅངས་ཡོད། གང་ལྟར་བྱིས་དུས་ཀྱི་ཕྱི་དྲན་ལས་དུས་ཕྱིས་སུ་ཡང་དྲན་ངོགས་ནས་ལྷམ་མེར་གསལ་བ་ཞིག་ནི་ཟླ་ཤས་རིང་ཧི་མ་ལའི་རི་རྒྱུད་དུ་ཁོང་དང་ཕ་ཡབ་ཟུང་ལྗོངས་རྒྱུ་ཕེབས་པའི་བག་ཡངས་ཀྱི་འཚོ་བ་དེ་ཡིན་ངེས།

 ༣༽   ལྷན་ཐབབས། 

______སློབ་སྦྱོང་གི་ཁོར་ཡུག

•    ཐེ་ཀོར་གྱི་སློབ་སྦྱོང་ཁོར་ཡུག་ནི་གོང་དུ་བཤད་ཟིན་པ་བཞིན་སློབ་བྱོལ་ལན་མང་བྱས་མཐར་གཙོ་བོ་ཁྱིམ་དང་རང་སྦྱོང་གི་བྱེད་ཐབས་ལ་བརྟེན་པ་རེད། དེའང་དགེ་རྒན་ནི་ཁོང་གི་ཡབ་ཆེན་དང་ཕུ་བོ་ལྔ་བ་ཆོ་ཏི་ལོན་ཏ་ར་ནཱ་ཐི་རེད།   ད་དུང་ཁོང་གི་ཡུམ་ཆེན་འདས་རྗེས་བརྩེ་བ་ཆེན་མོས་བྱམས་སྐྱོང་དང་ཐུགས་ཁུར།  ཤེས་ཡོན་གྱི་ས་བོན་ཐོག་མར་སྐྲུན་མཁན་ནི་ཕུ་བོ་ལྔ་བའི་ལྕ་མོ་ཀཱ་ཏན་ཕ་ལི•ཏི་ཝེ་རེད།  ཁོ་མོ་ནི་མཛངས་མའི་གཤིས་སྤྱོད་ཆ་ཐམས་ཅད་ནས་རྫོགས་པ་ཞིག་ཡིན་ལ།  ཐེ་ཀོར་གྱི་ན་ཚོད་ཀྱི་འཚར་ལོངས་དང་ཤེས་ཡོན་གྱི་འཚར་ལོངས་ལ་མཚོན་ན་ཁོ་མོ་ནི་མེད་ཐབས་མེད་པའི་མི་སྣ་ཉག་ཅིག་ཏུ་གྲུབ།  དེའང་ཡོངས་སུ་གྲགས་པ་ལྟར་ཐེ་ཀོར་གྱིས་རང་ལོ་བརྒྱད་ཀྱི་ཐོག་སྙན་ངག་བྲིས་ཤིང་།  གསར་རྩོམ་(新作)གྱི་ལམ་ཁ་གང་ལ་ཞུགས་ནའང་ལྕམ་མོ་ཏི་ཝེ་ལགས་ཀྱི་མཛུབ་སྟོན་ལ་ལྟོས་པ་ཤ་སྟག་རེད། ད་དུང་བཤད་སྒྲོས་སུ་ཁོང་གིས་གསར་རྩོམ་དག་ལ་གལ་ཏེ་ལྕམ་མོ་ཏི་ཝེ་ཡིད་འཐད་བྱུང་ཚེ།  ད་གཟོད་སྙན་ངག་རབ་ཀྱི་གྲས་སུ་བརྩི་ངེས་ཞེས་ཟེར།  གང་ལྟར་ཁོ་མོས་ཐེ་ཀོར་ལ་ཕྱོགས་གང་ཐད་ནས་ཕ་མ་ལྟར་བྱམས་པས་སྐྱོང་ཡོད་ལ་མཛའ་བོ་ལྟར་བརྩེ་དུང་གིས་འཚོས་མྱོང་།

     ཡང་ལ་ལས་ཐེ་ཀོར་གྱིས་སྐུ་ལྕམ་བཞེས་ནས་རིང་བོ་མ་སོང་བར་ལྕམ་མོ་ཏི་ཝེ་འཇིག་རྟེན་འདི་དང་ཁ་བྲལ་བས་ཁོ་མོ་དང་ཐེ་ཀོར་གྱི་བར་ལ་ལྐོག་གྱུར་གྱི་མཛའ་དུང་དམིགས་བསལ་བ་ཡོད་ཚུལ་ལབ་ཅིང་།  གཞན་ཡང་ཁོང་གི་རི་མོ་དང་སྙན་ངག་གི་བརྩམས་ཆོས་ཁག་ཏུ་བཞིན་མདངས་མི་གསལ་བའི་བུད་མེད་ཅིག་མཆིས་པའང་དོན་དངོས་སུ་ལྕམ་མོ་ཏི་ཝེ་ཡིན་པ་ལ་ཞེན་བློ་ཕྱོགས་བཞིན་ཡོད།  འོན་ཀྱང་ཚུལ་འདི་ད་དུང་ཅུང་ཟད་རྒྱུ་འདུག་མོད།  སྐབས་གཞན་ལས་འཆད་ན་འོས་ཤིང་མཚམས་འདིར་མང་བར་དོགས་ནས་མ་སྤྲོས་སོ། །

༤ ལྷན་ཐབས། 

_______སློབ་སྦྱོང་གི་ཁོར་ཡུག

     •ཐེ་ཀོར་གྱི་སློབ་སྦྱོང་ཁོར་ཡུག་ནི་གོང་དུ་བཤད་ཟིན་པ་བཞིན་སློབ་བྱོལ་ལན་མང་བྱས་མཐར་གཙོ་བོ་ཁྱིམ་དང་རང་སྦྱོང་གི་བྱེད་ཐབས་ལ་བརྟེན་པ་རེད།  དེའང་དགེ་རྒན་ནི་ཁོང་གི་ཡབ་ཆེན་དང་ཕུ་བོ་ལྔ་བ་ཆོ་ཏི་ལོན་ཏ་ར་ནཱ་ཐི་རེད།   ད་དུང་ཁོང་གི་ཡུམ་ཆེན་འདས་རྗེས་བརྩེ་བ་ཆེན་མོས་བྱམས་སྐྱོང་དང་ཐུགས་ཁུར།  ཤེས་ཡོན་གྱི་ས་བོན་ཐོག་མར་སྐྲུན་མཁན་ནི་ཕུ་བོ་ལྔ་བའི་ལྕ་མོ་ཀཱ་ཏན་ཕ་ལི•ཏི་ཝེ་རེད།  ཁོ་མོ་ནི་མཛངས་མའི་གཤིས་སྤྱོད་ཆ་ཐམས་ཅད་ནས་རྫོགས་པ་ཞིག་ཡིན་ལ།  ཐེ་ཀོར་གྱི་ན་ཚོད་ཀྱི་འཚར་ལོངས་དང་ཤེས་ཡོན་གྱི་འཚར་ལོངས་ལ་མཚོན་ན་ཁོ་མོ་ནི་མེད་ཐབས་མེད་པའི་མི་སྣ་ཉག་ཅིག་ཏུ་གྲུབ།  དེའང་ཡོངས་སུ་གྲགས་པ་ལྟར་ཐེ་ཀོར་གྱིས་རང་ལོ་བརྒྱད་[༡]ཀྱི་ཐོག་སྙན་ངག་བྲིས་ཤིང་།  གསར་རྩོམ་(新作)གྱི་ལམ་ཁ་གང་ལ་ཞུགས་ནའང་ལྕམ་མོ་ཏི་ཝེ་ལགས་ཀྱི་མཛུབ་སྟོན་ལ་ལྟོས་པ་ཤ་སྟག་རེད། ད་དུང་བཤད་སྒྲོས་སུ་ཁོང་གི་གསར་རྩོམ་དག་ལ་གལ་ཏེ་ལྕམ་མོ་ཏི་ཝེ་ཡིད་འཐད་བྱུང་ཚེ།  ད་གཟོད་སྙན་ངག་རབ་ཀྱི་གྲས་སུ་བརྩི་ངེས་ཞེས་ཟེར།  གང་ལྟར་ཁོ་མོས་ཐེ་ཀོར་ལ་ཕྱོགས་གང་ཐད་ནས་ཕ་མ་ལྟར་བྱམས་པས་སྐྱོང་ཡོད་ལ་མཛའ་བོ་ལྟར་བརྩེ་དུང་གིས་འཚོས་མྱོང་།

     ཡང་ལ་ལས་ཐེ་ཀོར་གྱིས་སྐུ་ལྕམ་བཞེས་ནས་རིང་བོ་མ་སོང་བར་ལྕམ་མོ་ཏི་ཝེ་འཇིག་རྟེན་འདི་ཁ་བྲལ་བས་ཁོ་མོ་དང་ཐེ་ཀོར་གྱི་བར་ལ་ལྐོག་གྱུར་གྱི་མཛའ་དུང་དམིགས་བསལ་བ་ཡོད་ཚུལ་ལབ་ཅིང་།  གཞན་ཡང་ཁོང་གི་རི་མོ་དང་སྙན་ངག་གི་བརྩམས་ཆོས་ཁག་ཏུ་བཞིན་མདངས་མི་གསལ་བའི་བུད་མེད་ཅིག་མཆིས་པའང་དམ་དོན་དུ་ལྕམ་མོ་ཏི་ཝེ་ཡིན་པ་ལ་ཞེན་བློ་ཕྱོགས་བཞིན་ཡོད།  འོན་ཀྱང་ཚུལ་འདི་ད་དུང་ཅུང་ཟད་རྒྱུ་འདུག་མོད།  སྐབས་གཞན་ལས་འཆད་ན་འོས་ཤིང་མཚམས་འདིར་མང་དོགས་ནས་མ་སྤྲོས་སོ། །

[༡]  དཔེ་ཆ་ལ་ལར་དགུང་གྲངས་བཅུ་བཞིའི་ཐོག་ནས་སྙན་ངག་བྲིས་ཞེས་གསལ་པས་དཔྱད་པར་འཚལ།       

     ཐེ་ཀོར་དགུང་གྲངས་༢༣་སྟེ་༡༨༨༡ ལོར་ལྕམ་མོ་ཎཱ་ལི་ནི་དང་གཉེན་སྒྲིག་གི་མགོ་བཙུགས་ཤིང་། ཁོང་ཉིད་རིགས་ཀྱི་ཁེངས་པ་དང་མཁས་པའི་དྲེགས་པ་ལ་རྩ་འཛིན་བྱེད་མཁན་གྱི་བྱབ་ཆུང་དེ་རིགས་མ་ཡིན་པར་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་གནས་སྟངས་ཆེ་ཕྲ་ཀུན་ལ་ཧ་ཅང་ཚོར་བ་རྣོན་པོས་ཞིབ་འཇུག་གནང་རྒྱུ་མ་ཟད་ད་དུང་སྐབས་དེར་རྒྱ་གར་རྒྱལ་ཡོངས་ཀྱི་ཐོག ཐོན་སྐྱེད་དང་འབྲེལ་བའི་ཐོན་ཁུངས་མང་ཆེ་བ་ཞིང་ཁ་ཡིན་པ་དང༌། མང་ཚོགས་མང་ཆེ་བ་ཞིང་པ་ཡིན་སྟབས་རང་ཉིད་སྐུ་ཀཱ་ལི་ཏའི་ཉེ་འགྲམ་སི་ཡཱ་ལ་དཱ་ཧ་ཟེར་བའི་གྲོང་གསེབ་ཏུ་ཡབ་ཀྱི་བཀའ་དགོངས་ལྟར་ཞིང་ཁ་སོ་ནམ་པ་བརྒྱ་ཕྲག་མང་པོ་དང་ལྷན་ཅིག་ཏུ་ཞིང་པའི་འཚོ་བར་ཞུགས་པ་དང་སྟབས་བསྟུན། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཉིང་ཁུ་ཕྱོགས་བསྡོམས་ཀྱིས་ས་གནས་དེ་ག་རང་ནས་《སཱ་དཱ་ནཱ》(བདུད་རྩི་ཚོང་རའི་ཚགས་པར)ཞེས་པའི་ཚགས་ཤོག་ཅིག་མི་ལོ་ཉི་ཤུའི་བར་བཏོན་ཅིང༌། ཚགས་ཤོག་དེའི་ནང་སྒྲུང་རྩོམ་དང༌། སྙན་ངག འབེལ་གཏམ། མཚར་གཏམ། ཟློས་གར་སོགས་ཀྱི་ལེ་ཚན་ཁག་ཁ་ཤས་ཤིག་ཏུ་བགོས་ནས་བསྒྲིགས། དེ་དག་གི་འབྲི་སྲོལ་ཐད་འཚོ་བའི་ཉིན་ཁུ་དང་ཚིག་སྦྱོར་གྱི་སྒྱུ་རྩལ་གཉིས་ཀ་འགྲན་ཟླ་མེད་པར་བརྟེན་ཀློག་མཁན་ཁྲི་ཕྲག་མང་པོའི་བསམ་བློའི་གོམ་ཁ་ཚད་མཐོར་འཕེལ་ཞིང༌། མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་ཚགས་ཤོག་སྙན་གྲགས་ཆེ་ཤོས་ཤིག་ཏུ་གྱུར། ཁོང་དགུང་ལོ་ཞེ་གཅིག་པ་༡༩༠༡ལོར་རྒྱ་གར་ཤར་ཕྱོགས་བྷ་གྷ་ལ་བཱོ་ལཱ་པུར་ཟེར་བའི་སར་ཤཱན་ཏི་ནི་ཀེ་ཏན་གྱི་མཚན་ཐོག་ནས་སྐབས་དེའི་མང་ཚོགས་ཀྱི་ཆ་རྐྱེན་དང་འཚམས་པའི་ཤིང་སྡོང་འོག་སློབ་སྦྱོང་བྱེད་ས་ཡོད་པའི་སློབ་གྲྭ་ཞིག་ཧྲིང་ཏིས་ནེ་ཐན་ཞེས་ས་ཆར་གསར་འཛུགས[༡]་བྱས་པ། སློབ་གྲྭ་དེ་རྗེས་སུ་ཝི་ཤྭ་བྷཱ་ར་ཏི་(འཇིག་རྟེན་རིག་པའི་སློབ་གྲྭ་ཆེན་པོ་)ཞེས་རྒྱ་གར་གྱི་བསྟན་བཅོས་དང༌། ནང་པའི་བསྟན་བཅོས། ཕྱི་རྒྱལ་གྱི་བསྟན་བཅོས་བསླབ་སའི་སློབ་གྲྭ་ཆེན་པོ་ཞིག་ཏུ་གྱུར་པ་དེ་བཞིན་༡༩༢༡ལོ་ནས་རྒྱལ་སྤྱིའི་སློབ་གྲྭ་ཆེན་མོར་གྱུར་ཡོད། སློབ་གྲྭ་འདིའི་ནང་ཁོང་སྐུ་དངོས་སུ་ཕེབས་ནས་སློབ་ཁྲིད་གནང་རྒྱུ་དང་ད་དུང་སྐུ་ལྕམ་སོགས་ཀྱིས་ཀྱང་འགན་ཁུར་ཆེན་པོ་མཛད་ནས་རྒྱ་གར་གྱི་སྲོལ་རྒྱུན་རིག་པའི་གཞུང་ལུགས་རྐང་འཛིན་ཐོག་གསར་བཏོད་ཀྱི་ལེགས་ཆ་མང་པོའི་ཕྲ་ཚོམས་བཏབ། དེར་བརྟེན་སྐབས་དེ་དུས་ནས་ད་ལྟའི་བར་ཁོང་པ་ནི་རྒྱ་གར་བའི་མང་ཚོགས་དང་མཉམ་དུ་འདྲེས་པའི་སོ་ནམ་པ་དང༌། ཡབ་མེས་ཀྱི་ཞལ་ཆབ་འཐུང་པའི་སྔར་སྲོལ་གྱི་མཁས་པ་དང༌། ནུབ་ཕྱོགས་པའི་མཐོ་སློབ་ལས་ཐོན་པའི་དུས་རབས་ཀྱི་མཁས་དབང༌། མང་ཚོགས་ཀྱི་སེམས་ཁམས་ལ་བདེ་སྡུག་གི་འཇུག་པ་མཁྱེན་པའི་བསམ་བློའི་ཚན་རིག་པ། གསར་སྐྱེས་བྱིས་པ་ཚོ་ཤེས་བྱའི་མདུན་ལྗོངས་ལ་འཁྲིད་པའི་ལམ་མཁན་བླ་ན་མེད་པ་བཅས་ཀྱི་ངོས་འཛིན་བྱས་དང་བྱེད་བཞིན་པའང༌། དོན་དངོས་དང་མཐུན་པའི་ངོས་འཛིན་ཞིག་ཏུ་མི་བཞག་ཐབས་མེད་ཡིན།

[བར་དུམ་རྩོམ་ཡིག་འདི་བེ་རི་འཇིགས་མེད་ལགས་ཀྱི་མ་ཡིག་གཞིར་བྱས་པ་ཡིན] 

[༡]  སློབ་གྲྭ་འདི་རྩོམ་རིག་ནོར་འབེལ་བྱ་དགའ་[诺贝尔文学奖]ཐོབ་རྗེས་བྱ་དགའི་སྒོར་མོ་[奖金]མ་རྩ་བྱས་ནས་བཙུགས་པའང་བཤད་སྲོལ་ཡོད་པས་དཔྱད་འཚལ། 

    ཐེ་ཀོར་དགུང་ལོ་ཞེ་གཉིས་པ་སྟེ་སྤྱི་ལོ་༡༩༠༢ལོར་ས་གནས་དེར་ཁོང་གི་བཟའ་ཟླ་དམ་པ་དེ་ཉིད་འཇིག་རྟེན་འདི་དང་ཁ་བྲལ་སྟབས་ཁོང་ཡང་ས་གནས་དེར་མུ་མཐུད་བཞུགས་འདོད་མ་བྱུང་བར་ཕྲུ་གུ་བུ་དང་བུ་མོ་གཉིས་མཉམ་དུ་ཁྲིད་ནས་ཨཱར་མོ་གྲ་ཞེས་པའི་ལུང་པ་དེར་ཕེབས་ཤིང༌། དེར་རང་གི་ཆུང་མའི་དྲན་རྟེན་དུ་

 《སཱ་མ་རཱ་ན》ཞེས་པའི་ལོ་རྒྱུས་སྙན་ངག་དཔེ་དེབ་དེ་བྲིས།  དགུང་ལོ་ང་གཉིས་པ་༡༩༡༢ལོར་ཁོང་གློ་བུར་སྙུན་གཞི་དྲག་པོ་ཞིག་གིས་རྐྱེན་བྱས་ཏེ་སྨན་བཅོས་ཆེད་དབྱིན་ཡུལ་དུ་ཕེབས་དགོས་བྱུང༌། རྒྱལ་ཁབ་དེའི་གྲགས་ཅན་མཁས་པ་མང་པོས་དགའ་བསུས་བྱས་པར་མ་ཟད། དབྱིན་ཡུལ་མི་དམངས་ཚོས་ཁོང་གི་ལྗགས་རྩོམ་སྒྲུང་དང་སྙན་ངག་སོགས་ཀྱི་དེབ་མང་པོ་ཀློག་མྱོང་སྟབས་ཁོང་ལ་ཕེབས་བསུ་གྲ་རྒྱས་ཞུས། དགུང་ལོ་ང་གསུམ་པ་༡༩༡༣ལོར་ཨ་རིར་གཟིགས་སྐོར་ལ་ཕེབས་པ་དང་དེར་ཡང་སྔ་ས་ནས་《ཟླ་གཞོན་》《སྦྲག་སྲིད་ཁང་》སོགས་གཙོས་པའི་རྩོམ་རིག་དེབ་ཕྲེང་མང་པོ་ཁྱབ་སྤེལ་ཕྱིན་ཟིན་སྟབས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཞུས། ལོ་དེར་"སྙན་ངག་གི་མཆོད་པ"ཞེས་པའི་རྩོམ་ཡིག་དེར་འཛམ་གླིང་གི་རྩོམ་རིགས་ནོར་འབེལ་གཟེངས་རྟགས་ཀྱང་ཐོབ་པ་རེད། རྩོམ་རིག་དེ་ཉིད་སྐད་ཡིག་མི་འདྲ་བ་བཅུ་ཕྲག་ལྷག་ཙམ་ཐོག་ཏུ་བསྒྱུར་ནས་འཛམ་གླིང་ཐོག་ད་ལྟའི་བར་རླུང་རྟ་ལྟར་གྲགས་ལ། བོད་སྐད་དུའང་འགྱུར་གྱི་མ་ཕྱི་མི་འདྲ་བ་གཉིས་ཀྱི་ཐོག་ནས་འགྱུར་བའི་《གླུ་ཐ་སྦྱར་མ་》དང་《སྙན་ངག་གི་མཆོད་པ་》ཞེས་གཉིས་ཡོད།

༥༽   ལྷན་ཐབས།

སྙན་ངག་གི་མཆོད་པ།

•      ཐེ་ཀོར་གྱི་བརྩམས་ཆོས་གྲགས་ཅན་《སྙན་ངག་གི་མཆོད་པ།》པ་ཞེས་པ་བྷང་གྷ་ལའི་རང་སྐད་"Gitan jali"ཟེར་ ཞིང་།  དོན་ནི་"གླུ་ཡི་མཆོད་པ"འམ་ཡང་ན"བསྟོད་གླུ"ཞེས་པའོ།  །  བོད་སྐད་དུ་འགྱུར་བའི་མིང་ལ་"གླུ་ཐ་སྦྱར་མ་"དང་"སྙན་ངག་གི་མཆོད་པ་"ཞེས་ གྲགས་ཆེ་བ་ལ་འགྱུར་འདྲ་མིན་གཉིས་ཙམ་འདུག་ཀྱང་གང་གི་དབང་དུ་བྱས་ནའང་སྐྱོན་མེད་པས།  གཙོ་བོ་བོད་བརྡ་ཆིག་གྱུར་གྱི་བྱ་བཞག་ལ་གཙིགས་འཛིན་བྱ་འོས་སྙམ། 

•    སྙན་ངག་འདི་ནི་༡༩༠༧ལོར་བྷང་གྷ་ལའི་སྐད་དུ་ཐོག་མར་གསར་རྩོམ་གནང་ཞིང་༡༩༡༢ལོའི་ལོ་འགོར་མཇུག་གྲུབ་པ་ཞིག་ཡིན།  དེའང་བར་སྐབས་ཀྱི་ལོ་ལྔ་བོ་ནི་ཐེ་ཀོར་ལ་མཚོན་ན་མྱ་ངན་གྱི་ལོ་ཟླ་ནག་པོ་ཞིག་ཏུ་བརྩི་ཆོ་སྟེ།  སྐྱིད་སྡུག་མཉམ་རོལ་གྱི་གཟའ་ཟླ་དམ་པ་དེ་ཚེས་ལས་འདས་ནས་ལོ་མང་མ་སོང་གོང་། ཐེ་ཀོར་རང་གི་ཤ་ཆད་ཀྱི་བུ་ཕྲུག་རང་ལོ་༡༣སོན་མ་ཐག་པའི་བུ་མོ་ལཱ་ནེ་དང་བུ་ཆུང་སཱ་མེན་ཏི་གཉིས་སྔ་ཕྱི་བྱས་ཏེ་འཇིག་རྟེན་འདི་དང་ཁ་བྲལ་བ་མ་ཟད།  རང་གི་འདང་ཅན་གྲོགས་པོ་གང་མང་ཞིག་ལའང་མི་སྡུག་པའི་རྐྱེན་ངན་སྣ་ཚོགས་བསྟུད་མར་ཐོག་ཏུ་བབས་པ་ལ་བརྟག་ན།  བར་དུམ་གྱི་ལོ་ཟླ་དེ་དག་ནི་ཁོང་ལ་མཚོན་ན་སུན་སྣང་གི་འཇིག་རྟེན་སྐྱ་བོ་ཡིན་པར་རྟོགས་ནུས།  

 •  《སྙན་ངག་གི་མཆོད་པ།》ཐོག་མར་བྷང་གྷ་ལའི་རང་སྐད་དུ་བརྩམས་ཤིང་རྩོམ་ལུས་ཚིགས་བཅད་ཡིན་ལ་ཚན་པ་༡༥༧ཡོད། (༡༩༡༢ཡས་མན)ཕྱིས་སུ་ལྷུག་མའི་རྣམ་པ་བྱས་ཏེ་དབྱིན་ཡིག་ཏུ་བསྒྱུར་ཞིང་ཚན་པ་བརྒྱ་དང་གསུམ་དུ་བགོས།  དེའང་《སྙན་ངག་གི་མཆོད་པ།》དབྱིན་སྐད་དུ་བསྒྱུར་སྐབས་མ་ཡིག་ལ་ཕྲི་སྣོན་ཡང་མི་ཉུང་བ་ཞིག་བྱས་ཡོད་དེ།  སྔར་དབྱིན་ཡིག་ཏུ་བདམས་བསྒྱུར་བྱས་པ་དེའི་ཐོག་ཏུ་བརྩམས་ཆོས་གཞན་《བསྟོད་ཚིག་》དང་《གྲུ་ག》《གླུ་》སོགས་ལས་ཚན་པ་༥༢ལྷག་གསར་དུ་བསྣན་པ་རེད།

•    《སྙན་ངག་གི་མཆོད་པ།》ཞེས་པའི་བརྩམས་ཆོས་དེའི་བརྗོད་བྱའི་ངོས་ནས་བལྟས་ན་བརྩེ་དུང་མངོན་མཚོན་བྱས་པ་ཤུགས་ཆེ་ཞིང་།  དེའང་རང་ཉིད་དང་ལྷ་ཚོགས། རང་ཉིད་དང་སྤྱི་ཚོགས། རང་ཉིད་དང་མི་ཚོགས། ད་དུང་རང་ཉིད་དང་འཇིག་རྟེན་བཅས་ཀྱི་འབྲེལ་བ་དག་བསྡུས་བརྗོད་ཀྱི་མཚོན་ཐབས་སྤྱད་དེ།  གདོད་མའི་བདག་གམ་མིའི་དྭངས་གཙང་གི་གཉུག་གཤིས་ལ་སྨོན་པ་དང་འཁྲེང་སེམས་ཕྱིར་མཚོན་བྱས་ཡོད།   མདོར་ན་ཁོང་གི་དཔྱད་རྩོམ་《མི་ཚེའི་མྱོང་བྱང་》ལས་བྱུང་བ་ལྟར་གོང་དུ་བཤད་པའི་འབྲེལ་བ་ཡོད་ཚད་མཐར་གཏུག་ན་གཞི་གཅིག་གི་ཐོག་ནས་མངོན་འགྱུར་བྱ་དགོས་པའི་ལྟ་བ་དེ་ལྷུག་པོར་བརྗོད་འདུག་གོ། །

 ༦ ལྷན་ཐབས།

               ཐེ་ཀོར་དང་རྩོམ་རིག་ནོར་འབེལ་བྱ་དགའ།

•    སྤྱི་ལོ་༡༩༡༢ལོའ་ཟླ་བ་༥་པར་དགོས་དབང་སྣ་ཚོགས་ཤིག་གིས་དབྱིན་ཇིར་ཆིབས་བསྒྱུར་གནང་དགོས་ཤིང་།  གོ་སྐབས་དེ་དང་བསྟུན་ནས་《སྙན་ངག་གི་མཆོད་པ།》དབྱིན་ཡིག་ཏུ་འགྱུར་ལེགས་པར་གྲུབ།

     དེ་ཡང་(爱尔兰)ཨར་ལན་གྱི་རྩོམ་པ་བོ་གྲགས་ཅན་ཡེ་ཚི་སོགས་ལ་འབྲེལ་ཟམ་བརྒྱུད་ནས་རིམ་བཞིན་དབྱིན་ཇི་དང་ཨ་རིའི་རྩོམ་པ་བོ་གང་མང་ལ་འབྲེལ་འདྲིས་བྱུང་ཞིང་།  དུས་ཡུན་རིང་བོ་མ་སོང་བར་ཐེ་ཀོར་དང་ཁོང་གི་བརྩམས་ཆོས་"སྙན་ངག་གི་མཆོད་པ"འི་མཚན་སྙན་ཆེས་ཆེར་རྒྱས།    དེ་བས་《སྙན་ངག་གི་མཆོད་པ།》དང་འབྲེལ་བའི་གྱེར་འདོན་དགོང་འཚོགས་དང་དཔྱད་གླེང་འདུ་འཛོམས་མང་དུ་བྱས་མཐར་ཀློག་པ་ཁྲི་ཕྲག་གིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་།  སྔར་བྷང་གྷ་ལའི་སྐད་དུ་བརྩམས་པའི་《ཟླ་གཞོན་》དང་《ལྡུམ་ར》_____བརྩེ་དུང་དང་མི་ཚེ།  ད་དུང་བརྩམས་སྒྲུང་སྦྲག་ཁང་སོགས་ཁོང་ཅག་གི་རེ་འདོད་ལྟར་དབྱིན་ཡིག་ཏུ་བསྒྱུར།   གཞན་ཡང་ལོ་དེའི་ཟླ་བ་༡༡་པར་《སྙན་ངག་གི་མཆོད་པ།》དངོས་སུ་ལུན་ཏུན་པར་ཁང་ནས་དཔར་དུ་བསྐྲུན་ཅིང་།  《ཟླ་གཞོན་》དང་《སྦྲག་ཁང》་སོགས་ཀྱང་རྗེས་ནས་རིམ་བཞིན་པར་སྐྲུན་ཞུས།    དེ་ནས་《སྙན་ངག་གི་མཆོད་པ།》ཞེས་པའི་སྙན་དེབ་དེ་དབྱིན་ཇི་དང་ཨ་རི་ཙམ་མིན་པར་རྒྱལ་ཁབ་མི་འདྲ་བ་དང་སྐད་ཡིག་མི་འདྲ་བ་དུ་མའི་ལམ་དུ་བསྒྱུར་བས།  ༡༩༡༣ལོར་འཛམ་གླིང་ལ་མིང་དུ་གྲགས་པའི་ནོར་འབེལ་གཟེངས་རྟགས་དེ་རྒྱ་གར་གྱི་སྙན་ངག་སྨྲ་བ་ར་པན་ཏ་ར་ན་ཐི•ཐེ་ཀོར་རམ་ཇོ་བོ་ཉི་དབང་མགོན་པོ་གང་དེའི་བགོས་སྐལ་དུ་གྱུར།  དེ་ནི་ཨེ་ཤ་ཡའི་འོད་སྟོང་འབར་བའི་ལོ་རྒྱུས་སྟེགས་བུ་རུ་ཆེས་ཐོག་མའི་མིག་དབང་འཕྲོག་པའི་ཟློས་གར་གསར་བ་དེ་ཡིན་ངེས།


༧  ལྷན་ཐབས།

ནོར་འབེལ་རྩོམ་རིགས་བྱ་དགའ།

      ནོར་འབེལ་(ནོར་པེ་ཨར་ཞེས་པ་མ་བསྒྱུར་བར་ནོར་འབེལ་ཞེས་འཇོག་དོན་ནི་སྒྲ་དོན་གཉིས་ཀ་བསམ་པ་ཡིན)བྱ་དགའ་ཞེས་པ་ནི་དབྱིན་སྐད་དུphrad Benhard Nobelཞེས་པའི་མི་སྣ་དེའི་མཚན་ཐོག་སྤེལ་བའི་འཛམ་གླིང་རང་བཞིན་ཅན་གྱི་གཟེངས་རྟགས་ཆེས་མཐོ་ཤོས་དེ་ཡིན།  ནོར་འབེལ་ལགས་ནི་(1833-1896)སི་བེ་ཏན་(瑞典)གྱི་ མིང་དུ་གྲགས་པའི་གསར་བཏོད་པ་དང་རྫས་འགྱུར་མཁན་པོ། བཟོ་སྐྲུན་པ་བཅས་ཡིན་ཞིང་།  ཁོང་གི་མཛད་རྗེས་གཙོ་བོ་གསར་བཏོད་ཀྱི་རྣམ་གྲངས་མི་འདྲ་བ་སུམ་བརྒྱ་ང་ལྔ་དང་ད་ལྟའང་ཁོང་གི་མཚན་ཐོག་ནས་སྤེལ་བཞིན་པའི་གཟེངས་རྟགས་ཀྱི་བྱ་འགུལ་འདི་ལགས།  དེའང་གསར་བཏོད་ཀྱི་རིགས་དུ་མའི་ཁྲོད་ནས་འགད་རྫས་གསར་བཏོད་བྱས་པ་དེས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་བགྲང་གིས་ལང་བ་ཞིག་ཕངས་མེད་དུ་རྩ་གཏོར་བྱས་པའི་འགྱོད་གདུང་སེལ་ཆེད་དུ།  ཁོང་གི་སྐུ་ཚེ་གོང་བོར་གསར་བཏོད་བྱས་པའིཡོང་སྒོ་ཚང་མ་ནོར་འབེལ་གཟེངས་རྟགས་ཀྱི་མ་རྩར་བཞག་པ་རེད། དེའང་ནོར་འབེལ་གཟེངས་རྟགས་ལའང་རྩོམ་རིགས་ཙམ་མིན་པར་ནང་གསེས་ཀྱི་རིགས་མང་དུ་ཡོད་དེ།   དངོས་ལུགས་དང་རྫས་འགྱུར།  སྐྱེ་ཁམས་དང་གསོ་རིག  རྩོམ་རིགས་དང་ཞི་བདེ་སོགས་ཀྱི་ནོར་འབེལ་གཟེངས་རྟགས་ཡོད་ལ་ལོ་རེར་བཞིན་འཆར་ཅན་དུ་སྟེར་གྱིན་ཡོད།  

•    རྩོམ་རིགས་ནོར་འབེལ་གཟེངས་རྟགས་ནི་སྤྱི་ལོ་༡༩༠༡ལོ་ནས་འགོ་བརྩམས་ཤིང་།  ད་ལོ་བར་མི་སྣ་བརྒྱ་དང་བཅུ་གཅིག་ལ་གཟེངས་རྟགས་འདི་སྟེར་ཟིན།  དེ་དག་ལས་བུད་མེད་རྩོམ་པ་བོ་བཅུ་གཉིས་ཡོད།  གཞན་ཡང་འཛམ་གླིང་འཁྲུག་ཆེན་དང་བོ་དང་གཉིས་པའི་སྐབས་སོགས་དུས་འཁྲུག་གི་རྐྱེན་པས་སྤེལ་མ་ཐུབ་པའི་ལོ་ཡང་ཡོད།

     རྒྱ་གར་གྱི་སྙན་ངག་པ་ཐེ་ཀོར་ལ་༡༩༡༣ལོར་ཚབ་མཚོན་བརྩམས་ཆོས་སྙན་ངག་གི་མཆོད་པ་ལ་ཐེངས་བཅུ་དྲུག་པའི་རྩོམ་རིགས་ནོར་འབེལ་བྱ་དགའ་ཐོབ་ཅིང་།  དེ་བས་ཁོང་ནི་གླིང་ཆེན་ཨེ་ཤ་ཡའི་ཆེས་ཐོག་མའི་རྩོམ་རིགས་ནོར་འབེལ་བྱ་དགའ་འཐོབ་མཁན་དུ་གྱུར་པ་རེད།

       ཐེ་ཀོར་དགུང་ལོ་ང་བཞི་པ་༡༩༡༤ལོར་ཁོང་ལ་དབྱིན་གཞུང་ནས་"སྐྱེས་བུ་དམ་པ"ཞེས་པའི་མཚན་མཐོང་ཆེ་བའི་གཟེངས་བསྟོད་ཅིག་ཀྱང་ཕུལ་ཡོད་ཅིང༌། དེའི་རྒྱུ་མཚན་ནི་དབྱིན་ལན་མི་དམངས་དང་ལྷག་དོན་རྒྱ་གར་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཞུ་ས་ཡིན་པ་དང་དབྱིན་ཇི་པས་རྒྱ་གར་མུ་མཐུད་བཙན་བཟུང་བྱེད་རྒྱུའི་ལག་ཆར་བསམ་པ་ཡང་ཡིན་སྲིད་དེ། ལོ་འདི་ནས་འཛམ་གླིང་དམག་ཆེན་དང་པོའི་མགོ་བཙུགས་པ་དང་དབྱིན་གཞུང་ནས་མུ་མཐུད་རྒྱ་གར་བཙན་བཟུང་ཐོག་གདེང་ཚོད་དང་ཡིད་ཆེས་བརྟན་པོ་མེད་སྟབས་ཐབས་ལམ་འདི་འདྲ་བྱེད་མི་སྲིད་པ་ཞིག་མིན། གང་ལྟར་ཡང་གཟེངས་རྟགས་འདི་རྩོམ་པ་ཁོང་རྩོམ་རིག་གི་སྒྱུ་རྩལ་བ་ཆེན་པོ་ཞིག་ཡིན་པའི་དཔང་རྟགས་གསལ་པོ་ཞིག་ཀྱང་ཡིན། དམག་འཁྲུག་འདིའི་རྐྱེན་པས་འཛམ་གླིང་ཤར་ནུབ་ཡོངས་རྫོགས་དབང་སྒྱུར་བྱེད་མཁན་དང་དབང་བསྒྱུར་བྱེད་ས་གཉིས་ཀར་བཟོད་ཐབས་མེད་པའི་དཀའ་ངལ་ཁྲོད་ཞི་བདེའི་ལྟ་གྲུབ་ལ་དངོས་མཐོང་ཉམས་མྱོང་གི་ཡིད་ཆེས་དང་ཡིད་སྨོན་གསར་པའི་སྨྱུ་གུ་འབུས་ཏེ་དགུང་ལོ་ང་དྲུག་པ༡༩༡༦ ལོར་འཛམ་གླིང་ཧྲིལ་པོར་དམག་འཁྲུག་ལྷིང་འཇགས་དང་ཞི་བདེའི་ཁོར་ཡུག་བསྐྲུན་པའི་ཆེད་རྒྱལ་ཁབ་དུ་མར་བཅར་ཏེ་ཞི་བདེའི་དགེ་མཚན་དང་དམག་འཁྲུག་གི་ཉེས་དམིགས་ལ་གཏན་ཚིགས་ཀྱི་རྒྱབ་ལྗོངས་བརྟན་པོའི་སྒོ་ནས་འགྲེལ་བཤད་རྒྱ་ཆེར་སྤེལ་བའི་གྲུབ་འབྲས་ངེས་ཅན་བྱུང་སྟེ། འཛམ་གླིང་འདི་མཐའ་གཅིག་ཏུ་ཞི་བདེའི་ལམ་བཟང་ལ་འཁྲིད་ཐུབ་པ་བྱུང་མེད་ནའང་ཁོང་གི་ཕུག་བསམ་དང་ཞི་བདེའི་ལྟ་གྲུབ་ཀྱི་ཤེས་ཡོན་གྱི་བསམ་བློའི་རྨོངས་གཞིའི་ཐོག་ཞི་བདེའི་ཆར་སྤྲིན་འཁྲིགས་ཐུབ་ཡོད། གོ་སྐབས་འདི་ཉིད་དམ་འཛིན་བྱས་ནས་རང་དབང་ཡོངས་སུ་བྲལ་བའི་རྒྱ་གར་འདི་ཉིད་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་ལག་ནས་ཞི་འཇམ་གྱི་རང་དབང་སླར་གསོ་ཡོང་ཆེད་དབྱིན་གཞུང་ལ་ལུགས་མཐུན་གྱི་ཞི་རྒོལ་བསྟུད་མར་བྱས། ལྷག་པར་ལོ་དེར་པཱ་ན་ཇཱ་བ་ཞིང་ཆེན་ཨ་མྲི་ཏ་སཱ་ར་རྫོང་ཁོངས་ཇཱ་ལི་ཡཱ་བཱ་ལཱ་བཱག་གྲོང་ཁྱེར་ནང་དབྱིན་དམག་གིས་ནག་ཉེས་གང་ཡང་མེད་པའི་རྒྱ་གར་ཡུལ་མི་ཁྲི་ཁྲག་མང་པོར་མེ་མདའ་རྒྱབ་ནས་སྡེབ་བསད་བཏང་བ་དེས་གནན་ཐབས་མེད་པའི་བློ་ཕམ་ཆེན་པོ་བྱུང་སྟེ། མུ་མཐུད་བཞིན་ཡོད་པའི་ཞི་རྒོལ་དེའི་ཐོག་དེ་སྔོན་དབྱིན་ཇི་སྲིད་གཞུང་གིས་ཕུད་བའི་མཚན་མཐོང་གི་གཟེངས་རྟགས་དེ་ཡང་ཁ་ཐུག་ཕྱིར་སློག་བྱས། ད་ལྟའི་བར་འདོན་བཞིན་པའི་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་“ཉི་འོད་ལ་སྙེག་པ" ཞེས་པ་འདི་ཉིད་གསར་རྩོམ་གནང༌། དུས་ཕྱིས་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་པའི་རྗེས་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱལ་གླུར་བདམས་འདུག

    དགུང་ལོ་བརྒྱད་ཅུ་པ་ ༡༩༤༠ ལོར་ཨོཀ་སི་ཕོར་དྲ་གཙུག་ལག་སློབ་གྲྭ་ཆེན་མོས་དགེ་རྒན་ཆེན་མོར་བཀུར་བ་མ་ཟད་མཁས་པའི་མཚན་སྙན་གྱི་གཟེངས་རྟགས་ལག་ཁྱེར་ཞིག་ཀྱང་ཕུལ་བ་དགྱེས་གཞེས་གནང༌།

    དགུང་ལོ་ ༡༩༤༡ ལོར་ཟླ་ ༨ པའི་ནང་འཛམ་གླིང་འདིའི་ནང་རྩོམ་རིགས་ཀྱི་མཚན་སྙན་རླུང་ལྟར་གྲགས་པའི་སྐྱེས་མཆོག་འདི་ཉིད་སྐུ་ཚེ་འཕེན་པ་ཡོངས་སུ་རྫོགས་ཀྱང་ཁོང་གི་མཚན་སྙན་དང་མཛད་རྗེས་ནི་འཛམ་གླིང་ཤར་ནུབ་ཡོངས་སུ་ད་ལྟའི་བར་གནས་བཞིན་པ་ཡིན།

[བསྒྱུར་སྒྲིག་པ་ལ་འབྲེལ་བ་མེད་པར་གང་འདོད་དུ་འཁྱེར་མི་རུང་།]

_____________མཇུག་རྫོགས།_____________


གསལ་བཤད།  བསྒྱུར་བསྒྲིགས་བྱས་པའི་རྩོམ་ཡིག་འདིར་བེ་རུ་འཇིགས་མེད་ལགས་ཀྱི་ཐེ་ཀོར་བྱུང་བ་མ་རྩོམ་བྱས་ཤིང་།  གཞན་ཁོང་དང་འབྲེལ་ཡོད་ཀྱི་རྒྱ་རྩོམ་དག་ལས་གདམ་སྒྱུས་བྱས་པ་ཡིན།   དེ་བས་སྐུ་ཞབས་བེར་འཇིགས་ལགས་དང་རྒྱ་ཡིག་གི་རྩོམ་པ་བོ་རྣམས་ལ་འབྲེལ་བ་བྱ་མ་ཐུབ་པས་ཆེད་དུ་དགོངས་འགལ་མེད་པ་ཞུ་རྒྱུ་དང་། ད་དུང་མུ་མཐུད་ནས་"ཐེ་ཀོར་གྱི་རྩོམ་རིག་སྒྱུ་རྩལ་དང་མཚན་ཉིད་རིག་པའི་ལྟ་བ་"སྐོར་ནས་རྩོམ་ཡིག་ཅི་ཨེ་འཁྱོངས་བལྟ་རྩིས་ཡོད་པས།  ཁོང་དང་འབྲེལ་ཡོད་ཀྱི་དཔྱད་གཞི་ཡིག་ཆ་ལེགས་པོ་འདྲ་ཡོད་ན་བདག་ལ་མཁོ་སྤྲོད་གནང་རྒྱུ་མཁྱེན། [རྒྱ་བོད་ཀྱི་ཡི་གེ་གང་ཡིན་ཡང་ཆོག]

ཡིག་ཟམ།  2638548793@QQ.com

      gangchanma@sina.com

སྐད་འཕྲིན།  Tagore520


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30s6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45433720
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1