༧རྫོང་སར་མཁྱེན་བརྩེ་མཆོག་གིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »༧རྫོང་སར་མཁྱེན་བརྩེ་མཆོག་གིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གླེང
༧རྫོང་སར་མཁྱེན་བརྩེ་མཆོག་གིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གླེང་བ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/26ལྟ་ཀློག (6989)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


------- ཡུལ་ངོས་སྐད་སྒྱུར་པའི་རྒྱ་སྐད་བོད་འགྱུར་མ།


    ངོ་སྤྲོད་བྱ་དགོས་ཀྱང་ང་ལྟ་བུའི་མི་ཁྱད་མཚར་པ་ཞིག་གིས་བྱ་མི་འོས།   རྒྱུ་མཚན་ནི།    མང་པོ་ཞིག་གིས་ང་རང་མི་རིགས་འདྲ་མིན་སྣ་ཚོགས་དང་མཉམ་དུ་ཡོད་པ་དང་། བྱ་དངོས་འདྲ་མིན་དག་དང་གཅིག་ཏུ་འབྲེལ་ཡོད་པ་མཐོང་གི་ཡོད་པས་ཡིན།

   ངས་འདི་ལྟར་མཁན་པོ་མཆོག་ངོ་སྤྲོད་བྱ་བའི་བླང་བྱ་བཏོན་པར་རྒྱུ་མཚན་ཡོད།

སྙིགས་མའི་དུས་འདིར། སངས་རྒྱས་ཀྱི་འོད་མདངས་ཉམས་མགོ་ཚུགས་པ་དང་། ནང་བསྟན་གྱི་ལྗིད་ཚད་མང་པོ་ཞིག་གིས་མྱོང་ཚོར་ཐུབ་ཀྱིན་མེད་པ་རེད། 

སངས་རྒྱས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས།

འོན་ཀྱང་དོན་དམ་པའི་ནང་བསྟན་དེ། མི་སྤྱིར་བཏང་པ་ཞིག་ལ་མཚོན་ན་མཐོང་མི་ཐུབ།

ཡིག་ངོས་ནས་ནི། ནང་བསྟན་དེ་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་ཀྱང་། ང་ཚོ་ཤིན་ཏུ་སྒྱིད་ལུག་ཆེ་བས་ཉེ་བར་གཅར་མི་འདོད།

དེ་བས། བླ་མ་དང་སེམས་ཁམས་སློབ་སྟོན་གྱི་དམ་པ་རྣམས་ཧ་ཅང་གལ་ཆེན་དུ་ཆགས་ཡོད།


དེང་སྐབས། ང་ཚོ་བླ་མ་དང་སྤྲུལ་སྐུ་སོགས་ཀྱིས་ལར་ནས་མི་དབུལ།

མང་བ་ང་ཚོས་སྤྱད་པའི་གཙང་ཤོག་གི་གྲངས་ལས་ཀྱང་འདས། སྤྲུལ་སྐུ་ཧ་ཅང་མང་པོ་ཡོང་གི་འདུག

ལོ་རབས་འདིར། ལོ་ན་བཅུ་ལྷག་གི་བྱིས་པ་ལའང་ཆོས་རྗེ་ཞེས་པའི་མིང་བཏགས་འདུག

འོན་ཀྱང་། ནང་བསྟན་རྣལ་མ་རྒྱུན་འཛིན་བྱེད་མཁན་ནི་ཤིན་དུ་ཉུང་སྟེ། ཉིན་མོའི་སྐར་མ་ལས་ཀྱང་ཉུང་།

ནང་བསྟན་རྣལ་མ་རྒྱུད་ལ་བླངས་པའི་གང་ཟག་གི་གྲས་སུའང་། ཧ་ཅང་གསལ་འཚེར་གྱིས་འོད་འཕྲོ་ཐུབ་པ་ཧ་ཅང་ཉུང་།


བཅོམ་ལྡན་འདས་ཀྱིས། གྲུབ་པ་བརྙེས་པའི་གང་ཟག་གིས། ད་གཟོད་སུ་ཞིག་ལ་གྲུབ་པ་ཐོབ་ཡོད་མེད་ཀྱི་བརྡར་ཤ་ཆོད་ཅེས་གསུངས།

དེར་བརྟེན་ངས་སུ་ཞིག་ནི་ཕུན་སུམ་ཚོགས་པའི་རྟོགས་ལྡན་ཡིན་པ་བཤད་མི་ཐུབ།

སྟབས་ལེགས་པ་ཞིག་ལ། ང་ཚོར་ད་དུང་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་སྤྲོ་སྣང་ཡོད་ཅིང་།

དེའི་རྒྱུ་མཚན་གྱིས། ནང་བསྟན་ཁྱབ་སྤེལ་བྱེད་མཁན་གྱི་མི་རྣམས་རང་བཞིན་གྱིས་གལ་ཆེན་དུ་ཆགས་སོང་བ་རེད།


ངའི་འཚོ་བ་རོལ་སྟངས་རྣམ་པ་སྣ་ཚོགས་ཡིན་རྐྱེན།དོགས་པ་སྐྱེ་ས་དང་ཁྱད་མཚར་བྱ་ཡུལ་ཞིག་ཡིན་ངེས།

འོན་ཀྱང་ང་ལ་མཚོན་ན། དོན་བཟང་གཅིག་ནི་སྒྲོག་ཆོག་པ་ཞིག་སྟེ། མ་མཐའ་ཡང་ངས་ནང་བསྟན་གྱི་མདུན་ལམ་ལ་བསམ་གཞིགས་བྱེད་དགོས་པ་ཤེས་ཡོད།

ང་ལ་ནང་བསྟན་གྱི་མདུན་ལམ་ལ་དོ་སྣང་དང་སེམས་ཁུར་བྱེད་པར་རྒྱུ་མཚན་ཡང་ཧ་ཅང་མང་པོ་ཡོད།

མ་གཞི་ང་ཚོ་སེམས་ཁྲལ་དང་འཇིགས་སྐྲག་གིས་ཁེངས་ཡོད་ངེས།

འདི་དག་ཚང་མ་ནི་ངའི་བླ་མར་བརྟེན་ནས་བྱུང་བ་ལྟ་བུ་སྟེ།

ངའི་རླབས་ཆེ་བའི་བླ་མ་རྣམས་ཀྱིས། དུས་ཚོད་དང་སྟོབས་ཤུགས་མང་པོ་བཏང་ནས་ནང་བསྟན་གྱི་མདུན་ལྗོངས་དང་མ་འོངས་པར་ཐུགས་ཁུར་མཛད་ཡོད།

ངས་ རང་གི་བླ་མའི་བྱིན་རླབས་དང་སློབ་གསོ་ལས། རང་གི་ཆོས་བརྒྱུད་དེ་བོད་བརྒྱུད་ནང་བསྟན་གྱི་མདུན་ལམ་རྐྱང་པར་སེམས་ཁྲལ་བྱ་ མི་རིགས་པར།  འཇར་པན་གྱི་ཀྲིན་ཡན་ཙུང་(真言宗)གྲུབ་མཐའ་དང་སི་རི་ལན་ཁའི་ཕྱོགས་ཀྱི་ལྷོ་ བརྒྱུད་ནང་བསྟན་སོགས་ཀྱི་མ་འོངས་པར་ཡང་སེམས་ཁུར་བྱེད་དགོས་པ་ཤེས་བྱུང་། ངས་དུས་རྒྱུན་དུ་སེམས་ཁྲལ་བྱེད་ཀྱིན་མེད་ཀྱང་། སྐབས་རེར་རྒྱུན་དུ་དེའི་སྐོར་ལ་བསམ་གཞིགས་གཏོང་གིན་ཡོད། མི་གཞན་གྱིས་སེམས་ཁྲལ་བྱེད་ཀྱིན་མེད་པར་ཡང་སེམས་ཁྲལ་བྱེད་ཀྱིན་ཡོད།


བླ་མ་འགའ་རེའི་དབུ་སྐྲ་དཀར་སེང་སེང་དང་ཞལ་རས་གཉེར་མས་ཁེངས་ཀྱང་། ཕལ་ཆེར་སེམས་ཁྲལ་བྱེད་ཀྱིན་མི་འདུག་པ་འདྲ་ལ།  བརྒྱ་ལ་བྱས་ཀྱང་ཁོ་རང་ཚོའི་དགོན་པ་དང་།   རབ་ནའང་རང་གི་བརྒྱུད་པ་ཙམ་ལས་མི་འདའ།

ངས་མཚོན་འདོད་པ་ནི།   ས་སྒང་འདིར་ཚུལ་ཁྲིམས་བློ་གྲོས་ཞེས་པ་ཞིག་ཡོད་པ་ཤེས་ཚེ།  ང་ལ་ཤིན་ཏུ་རེ་བ་ཆེན་པོ་ཞིག་སྟེར་བྱུང་།  ཁོང་གི་མཛད་འཕྲིན་ནི་ཁོང་གིས་བཤད་པ་དག་ལས་ཡོངས་སུ་བརྒལ་ཅིང་།   ཁོང་གིས་བྱས་པ་དག་ལས་མང་པོ་མང་པོ་ཞིག་མཚོན་ནུས།


སྐད་ཆ་འདི་ངས་བཤད་པ་ཡིན་པས་དོན་སྙིང་དང་ལྡན་པ་རྣམ་པ་ཚོས་ངེས་དགོས།

རྒྱུ་མཚན་ང་ལ་དག་སྣང་མེད།   རྒོལ་གཤིས་ཞེ་དྲག་ཡོད།  མ་ཟད་གནད་དོན་ཆེ་ཤོས་དེ་ང་རང་ཤིན་ཏུ་རང་སྣང་མཐོ།   ཡིན་ནའང་ངས་ནམ་ཡང་བརྟག་དཔྱད་བྱེད་ཀྱིན་ཡོད། 

ངས་མཁན་པོའི་ཟུར་ནས་ཆོས་ཞུས་མ་མྱོང་།   སྔོན་ཆད་ཁོང་གི་སྒྲ་ཐག་ལ་ཉན་པར་ཚོད་ལྟ་བགྱིས་ཀྱང་ཕྱིས་སུ་བསྐྱུར་བཞག  རྒྱུ་མཚན་ཁོང་གི་སྐད་ཡག་པོ་མི་གོ་བས་ངས་ལེགས་པོ་ཞིག་གོ་ཐབས་མི་འདུག

ངས་ཀྱང་མཁན་པོའི་དཔེ་ཆ་འགའ་རེ་ལ་མཇལ་མྱོང་།……གོང་གི་རྒྱུ་མཚན་དག་ནི་རྒྱུ་མཚན་ངོ་མ་དེ་མིན། 


ཁོང་ནི་དགེ་བའི་བཤེས་གཉེན་ཞིག་ཡིན་པས་མི་ཚད།   མིག་དཔེ་ཞིག་ཀྱང་ཅི་ལ་མིན། 

མི་སུ་ཡིན་ཡང་རང་ལ་རང་གི་དགེ་རྒན་རེ་དགོས།

མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་སྟེ།    རབ་ཏུ་རླབས་ཆེ་བའི་བླ་མ་དེས་གསོ་སྐྱོང་གནང་བ་རེད། 

ལྷན་རྒྱས་ཀྱིས་མཁྱེན་གསལ་ལྟར། ད་ལྟ་མཁན་རིན་པོ་ཆེས་གསེར་རྟ་བླ་རུང་སྒར་ལ་འགན་འཁུར་གྱིན་ཡོད་པ་དང་།     ཡང་ན་ཤིན་ཏུ་ནུས་པ་གལ་ཆེན་འདོན་པའི་དབུ་འཛིན་པ་ཞིག་རེད། 

ང་རང་བླ་རུང་སྒར་ལ་མོས་པ་དེ།    དེ་ན་གྲྭ་ཇོ་གྲངས་འབེལ་པོ་ཡོད་པས་མིན།    ངས་ཁོང་ཚོས་བསྒྲུབས་དང་སྒྲུབ་བཞིན་པའི་བྱ་གཞག་དང་གྲུབ་འབྲས་ལ་བརྟག་དཔྱད་ བྱེད་བཞིན་བྱེད་བཞིན་ཡོད།   ཁོང་ཚོས་སྒོར་མོ་རྣམས་ཇི་ལྟར་བེད་སྤྱོད་གཏོང་བའམ།   ཅིའི་ཐོག་ལ་བེད་སྤྱོད་གཏོང་བ་ལའང་བརྟག་དཔྱད་བྱེད་བཞིན་ཡོད།

དེ་བཞིན་ཁོང་གིས་ཀྱང་སྒར་དེ་ནས།   ཀླད་པ་སྟོང་པ་ཅན་པའི་ཤེས་ཡོན་པ་སྐྱེ་བཞིན་འདུག་དང་།   ཡང་ན་དོན་དམ་པའི་ཉམས་ལེན་པ་འཁྲུངས་བཞིན་འདུག་པར་བརྟག་དཔྱད་བྱེད་ཀྱིན་ཡོད་པ་རེད། 


འདིར་ང་ཚོའི་དྲུང་དུ་དེ་འདྲའི་མཁན་ཆེན་དམ་པ་ཞིག་བཞུགས་ཡོད།   ཁོང་རིགས་མཐོན་པོའི་སྲས་སུ་འཁྲུངས་པ་མ་རེད།

ཁོང་ཡང་རབ་ཏུ་གལ་ཆེ་བའི་ཆེ་གེ་མོ་ཞིག་གམ།   ཡང་ན་བླ་ཆེན་གང་ཞིག་གི་དབོན་ཚའམ་ཉེ་རྩ་ཡང་མ་རེད།

དེའི་མི་ཚད་ཁོང་ལ་ནང་པའི་མི་སྣ་རླབས་ཆེན་གྱི་མཚན་བྱང་མེད།


རྒྱ་སྐད་ཀྱི་ཁོར་ཡུག་ནང་དུ། དཔེར་ན། ཧོང་ཀོང་དང་སིང་ག་ཕོར། ཐའེ་ཝན།

མཁན་ཆེན་མཆོག་གིས་རྒྱ་སྐད་ཀྱི་ཐོག་ནས་ང་ཚོར་ནང་ཆོས་སློབ་ཆོག་པ་འདི་ནི། དམ་འཛིན་བྱ་འོས་པའི་དོན་ཆེན་ཞིག་ཡིན།

མིག་སྔར་ནང་པའི་བསྟན་པ་ནུབ་ཕྱོགས་སུ་ནར་སོན་སྒང་རེད་ཀྱང་། ངས་བསམ་བློ་བཏང་ན་ངའི་མི་ཚེའི་ནང་། ནང་ཆོས་ཀྱིས་ནུབ་ཕྱོགས་ཆོས་ལུགས་སུ་ས་མིག་ཆེན་པོ་ཞིག་ཟིན་མི་སྲིད། 

སྟོན་པ་རང་ཉིད་སྐུ་འཁྲུངས་ཡུལ་སྟེ། རྒྱ་གར་ལ་ཡང་ནང་ཆོས་བརྒྱུད་སྒྲོག་བྱེད་པར་དཀའ་ཁག་མང་པོ་འདུག 

ལོ་རྒྱུས་སུ་ནང་ཆོས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

མ་འོངས་པར་ཡང་ནང་ཆོས་ཀྱིས་རྒྱ་མིའི་འཇིག་རྟེན་ཁྲོད་གལ་ཆེ་བའི་སྣང་བརྙན་ཞིག་འཁྲབ་པར་ང་ལ་ཡིད་ཆེས་ཡོད།

དེའི་སྟབས་ཀྱིས་དེ་གའི་མི་རྣམས་ཀྱིས་མཁན་རིན་པོ་ཆེའི་དྲུང་ནས་ཐད་ཀར་ཆོས་ཞུ་ཐུབ་ཡ་དེ་གལ་ཆེ། 


དེ་བས། ངས་མཁན་ཆེན་མཆོག་ལ་རང་གི་སྐུ་གཟུགས་བདག་གཅེས་ལེགས་པོ་གནང་རྒྱུ་དང་སྐུ་ཚེའི་ཞབས་པད་ཡུན་དུ་བརྟན་དགོས་ཞེས་ཞུ་བ་དང་། འབྲི་མར་མང་པོ་མ་གསོལ་ཞེས་ཞུ་རྒྱུ་ཡིན། 

ད་མཇུག་བསྡུ་ཞིག་བྱེད། ངས་མཁན་རིན་པོ་ཆེར་ལེགས་སྐྱེས་ཤིག་འབུལ་འདོད་གི (འོད་ཀྱི་རལ་གྲི) 

བདག་གི་མིང་གཞན(花名)ལ་ཨོ་བྷིས་ཝང་ཁེ་ནོ་བྷིས(Obi-Wan Kenobi)ཟེར།{《སྐར་མ་གོ་ལའི་འཁྲུག་ཆེན》གྱི་འཁྲབ་སྟོན་པ་ཞིག} 

ད་ལྟ་ངས་མཁན་པོ་ལགས་འཆད་སྟེགས་སུ་གདན་འདྲེན་བསམ་འདུག རེ་བ་ལ་ཚང་མ་མཉམ་ཞུགས་བྱ་རོགས། སྟོང་ཁམས་ཀྱི་ནུས་པ་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ལྷན་དུ་ཡོད་པའི་སྨོན་ལམ་འདེབས། 

མཁན་པོ་མཆོག་གི་འཆད་ཁྲིད་བོད་སྐད་དུ་བསྒྱུར་མི་སྲིད་པས། ང་རང་གནས་སྐབས་ཚོགས་ར་ལས་གྱེས་འགྲོ།ཞེས་སོ། །


       བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །

       ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །

       སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲིགས་པ་ཡི། །

       སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །

  ༢༠༡༥/༡/༢༢ཉིན་ས་ཆ་ཐའེ་ཝན་དུ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གསུངས་ཤིང་། ཚེས༢༥ཉིན་གཟའ་མཇུག་གི་བར་གསེང་དུ་ཚུལ་ཁྲིམས་བློ་གྲོས་དང་པད་མ་དབང་གྲགས་གཉིས་ཀྱིས་རང་རེ་རྣམས་ལ་ཕན་སྙམ་དུ་བསྒྱུར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rohu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཤེས་རབ། སྤེལ་དུས:2015/1/26
དོན་དང་ལྡན་པར་སེམས་ཤིག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41605428
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1