ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་རྫོང་རག་ཤུལ་ལུང་པ་ནས་སྐྱེས་པའི་ན་གཞོན་གཞས་པ་རག་ཤུལ་འཆི་མེད་དོན་གྲུབ་ཀྱི་གསར་བརྩམས་གླུ་གཞས་ཆེད་བསྒྲིགས་《ལང་ཚོའི་གླུ་སྐད་》ཅེས་པའི་ཆེད་བསྒྲིགས་འདི་ནི་ད་སྐབས་བོད་ཀྱི་ཡུལ་ལུང་བྱེ་བྲག་པར་ཁྱབ་བཞིན་པའི་“བསྐྱར་ལེན་ཆེད་བསྒྲིགས་”དང་“བསྟོད་གླུ་ཕྱོགས་བསྡུས་”དག་དང་བསྡུར་ན་ངོ་བོའི་ཆ་ནས་ཚིག་དང་དབྱངས་མང་ཚོགས་ཀྱི་སྒྱུ་རྩལ་མྱོང་རོལ་གྱི་ཆུ་ཚད་དང་འཚམ་པར་“གསར་བརྩམས་”བྱས་ཤིང་། རྣམ་པའང་འཚོ་བ་དང་ཐག་ཉེ་བའི་བརྗོད་དོན་ཕུན་སུམ་ཚོགས་པ། རོལ་དབྱངས་དང་། འཁྲབ་སྟོན། སྒྲིག་སྦྱོར་སོགས་ཀྱང་“གནའ་དེང་ཟུང་སྦྲེལ་གྱི་ཁྱད་ཆོས་”གཙོར་བཟུང་བྱས་ཡོད་པས། བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་དོ་ར་ཡངས་པོར་མཚོན་ན་ཆེད་བསྒྲིགས་འདིའི་“ཚིག་དབྱངས་རོལ་གསུམ་”དང་སྒྲིག་སྦྱོར་ཕབ་བསྐྲུན་སོགས་ཐུན་མིན་ཁྱད་འཕགས་ཤིག་ཡིན་པའི་སྤོབས་པ་མེད་ཀྱང་། འུ་ཚོའི་ཁོར་ཡུག་བྱེ་བྲག་པའི་ངོས་ནས་བཤད་ན་གླུ་གཞས་ཀྱི་ཁ་ཕྱོགས་གསར་ཙམ་དང་གཞོན་སྐྱེས་ཚོར་ཡར་སྐུལ་གྱི་ནུས་པ་གང་འཚམ་ཐོན་པའི་ཡིད་ཆེས་བཅོལ་ཡོད། ཆེད་བསྒྲིགས་འདི་སྤྱི་ལོ་2015ལོའི་ཟླ་4པའི་ནང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོའི་ཚོང་རར་དངོས་སུ་འགྲེམ་རྒྱུ་གཏན་ཁེལ་བས་རྒྱ་ཆེའི་སྤུན་གྲོགས་ཚོས་དོ་སྣང་གང་མང་གནང་རྒྱུའི་དགའ་བསུ་ཞུ།
ཐོན་རྫས་སྐྲུན་མཁན། འཆི་མེད་དོན་གྲུབ།
ཟེར་སྡེར་མིང་། ལང་ཚོའི་གླུ་སྐད།
གཙོ་ལེན། འཆི་མེད་དོན་གྲུབ།
གདན་ཞུའི་གཞས་པ། ཟླ་འོད། ཨོ་རྒྱན་བསྟན་འཛིན། ཐུབ་བསྟན་དཀོན་མཆོག གངས་རིའི་འཛུམ་དཀར། ཟླ་བ་འཚོ།
གླུ་ཚན། བཅུ་གཉིས།
ཚིག བོད་ལྕེ།
དབྱངས། བོད་ལྕེ་སོགས།
འཁྲབ་ཁྲིད་པ། ཡེ་ཤེས་སེང་གེ
སྒྲ་བརྙན་ལེན་སྦྱོར། ཡེ་ཤེས་སེང་གེ
རོལ་མོ། ཡེ་ཤེས་སེང་གེ རྨེ་རིན་ཆེན། ཡོན་ཏན་མགོན་པོ། རོའོ་ལེ།
མཚམས་སྦྱོར། བོད་ལྕེ།
བསྡེབས་འཚོང་དང་སིལ་འཚོང་གི་འབྲེལ་གཏུག་བྱེད་ས།
སྐྱེ་རྒུ།18935662532. 13299860888
ནག་ཆུ།13298960777
དཀར་མཛེས། 18048090377
ཆབ་མདོ། 18197468018
རྫ་སྟོད། 15009768291
ནང་ཆེན། 13320946777
ཁྲི་འདུ། 18897271522
དཀར་མཛེས། 18048090377
གསེར་རྟ། 18942831367
གླུ་དབྱངས་ནི་གཟུགས་མེད་ཀྱི་ཕོ་ཉ་ཞིག་སྟེ་འདིས་འུ་ཚོའི་བར་ཤ་རུས་ཀྱི་བརྩེ་དུང་བརྒྱུད་སྤྲོད་བྱེད་ཐུབ།
ལང་ཚོའི་གླུ་སྐད་རྩོམ་སྒྲིག་ཚན་པས་2015/4/9ཉིན།