མགར་ཚང་གི་གལ་ཆེའི་གསལ་བརྡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་ཚང་གི་བྱ་བཞག »མགར་ཚང་གི་གལ་ཆེའི་གསལ་བརྡ།
མགར་ཚང་གི་གལ་ཆེའི་གསལ་བརྡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/8/8ལྟ་ཀློག (42329)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       བོད་ཀྱི་རུས་ཆེན་བཞི་ཡི་ཡ་རྒྱལ་རྨུ་ལ་ཀོད་ལེ་ཁྲ་བརྒྱད་སྲིད་ཅེས་པའི་ཀོད་ལེ་ཁྲ་བརྒྱད་ཀྱི་ནང་ཚན་ནམ་ཡང་ན་འོད་གསལ་ལྷ་ནས་ཆད་པའི་མགར་གནམ་ས་འབྲུག་གྲགས་ནས་བརྒྱུད་པའི་མགར་གྱི་རུས་རྒྱུད་ཚོགས་པས་སྔོན་བྱོན་མེས་པོ་གོང་མའི་མཛད་རྗེས་ཕྱིར་དྲན་དང་བོད་ཀྱི་རུས་རྒྱུད་རིག་གནས་གོམ་སྲོལ་རྒྱུད་འཛིན་དང་དར་སྤེལ་གྱི་ཆེད་དུ་2003ལོ་ནས་བཟུང་སྟེ་མདོ་དབུས་ཁམས་གསུམ་གྱི་ས་ཆ་ཁག་སོ་སོ་རུ་ཚོགས་པ་ཁག་མི་འདྲ་བ་མང་པོ་ཞིག་བཙུགས་ཤིང་རུས་རྒྱུད་དགྱེས་འཛོམས་ཀྱི་དུས་སྟོན་ཡང་གང་མང་བསྡུས་པ་རེད། དེ་བཞིན་ད་ལོ་སྟེ་2015ལོར་ཡུལ་ཤུལ་ཕྱོགས་ཀྱི་"མགར་སྐོར་ས་གནས་འགན་འཛིན་ལྷན་ཚོགས"་ཀྱིས་མགོ་བྱས་ནས་དཔའ་མཛངས་རྟུལ་ཕོད་ལྡན་པའི་མེས་པོ་གོང་མ་རྣམས་ཀྱི་སྔ་སྲོལ་དང་མི་རིགས་རིག་གནས་ཉམ་གསོ་གོང་སྤེལ་གྱི་ཆེད་དུ་བོད་ཀྱི་ལོ་རྒྱུས་ཐོག་མིང་དུ་གྲགས་པའི་སྒ་སྐྱེ་རྒུ་མདོའི་འབིས་རྣམ་པར་སྣང་མཛད་དུ་བཙན་པོ་མགར་སྟོང་བཙན་ཡུལ་བཟུང་གི་སྐུ་འདྲ་བཞེངས་ནས་ཐང་བོད་གནའ་ལམ་གྱི་རླབས་ཆེན་ལོ་རྒྱུས་བསྐྱར་གསོ་དང་མེས་པོ་མགར་གྱི་ལོ་རྒྱུས་རིག་གནས་དང་བོད་མི་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་སོགས་རྒྱུད་འཛིན་དར་སྤེལ་གྱི་འཆར་གཞི་ཡང་བརྟན་པོར་བཞག་ཡོད།

    རྒྱུ་མཚན་དང་བྱ་བ་དེ་དག་དམིགས་ཡུལ་དུ་བཟུང་ནས་སྤྱི་ལོ་2015ལོའི་ཟླ་8ཚེས་25ཉིན་བློན་མགར་སྟོང་བཙན་གྱི་འདྲ་སྐུ་ལེགས་འགྲུབ་ཀྱི་བཀྲ་ཤིས་རྟེན་འབྲེལ་གྱི་རབ་གནས་མཛད་སྒོ་དང་།   མགར་གྱི་སྤྲོ་ཚོགས་སྐབས་བཅུ་པ་བསྡུ་རྒྱུའི་གྲོས་ཐག་ཡོངས་སུ་བཅད་ནས་སྔོན་འགྲོའི་འཆར་གཞི་དང་བཀོད་བསྒྲིག་རྣམས་ལེགས་འགྲུབ་བྱུང་ཡོད་པས་རྒྱལ་ཕྱི་ནང་དང་མདོ་དབུས་ཁམས་གསུམ། མདོར་ན་ཉི་མ་ཤར་ལྷོ་ནུབ་བྱང་ན་ཡོད་པའི་མགར་གྱི་སྤུན་ཟླ་མིང་སྲིང་ཚང་མ།  སྟན་ལ་མཐོ་དམན་དང་རྒྱུ་ལ་ཆེ་ཆུང་།   ཟས་ལ་སྣུམ་ཞན།   ལམ་ཐག་རིང་ཐུང་མེད་པ་ཚང་མ་དུས་ཐོག་ཏུ་འཛོམས་ཐུབ་པའི་འབོད་བསྐུལ་ནན་གྱིས་ཞུ་བ་ཡིན།

མགར་གྱི་ཕུ་ནུ་དགྱེས་འཛོམས་ཀྱི་བྱ་བའི་ལས་འཆར་མདོར་བསྡུས།

      ༡༽མགར་གྱི་སྦྲ་ནག་ཀ་བརྒྱ་མཐོང་བ་ཀུན་སྨོན་གྱི་ནང་དུ་མགར་སྟོང་བཙན་ཡུལ་བཟུང་གི་འདྲ་སྐུ་ལེགས་འགྲུབ་ཀྱི་རབ་གནས་མཛད་སྒོ་རྒྱས་པར་འཚོགས་རྒྱུ།

      ༢༽གསེར་འོད་གཡང་སྐྱོབ་དང་འབྲེལ་བའི་སྒོ་ནས་དགྲ་བླའི་དཔུང་བསྟོད་དང་བསང་བརྔན་གསེར་སྐྱེམས་འབུལ་རྒྱུ།

      ༣༽མགར་གྱི་མཁས་དབང་རྣམས་ཀྱི་གཙོ་བྱས་པའི་ཤེས་ཡོན་པའི་སྡེ་ཁག་གིས་མི་རིགས་རིག་གནས་དང་བྱ་བའི་དམིགས་ཡུལ་གྱི་སྐོར་ནས་བགྲོ་གླེང་བྱེད་རྒྱུ།

      ༤༽མགར་གྱི་གྲགས་ཆེན་གླུ་བ་བསམ་འགྲུབ་ཚེ་རིང་སོགས་ཀྱིས་གླུ་གཞས་ཞབས་བྲོ་སོགས་ཀྱི་སྤྲོ་སྟོན་ལ་རོལ་རྒྱུ།

      ༥༽མདོ་དབུས་ཁམས་གསུམ་གྱི་ས་གནས་ཁག་སོ་སོ་རུ་ཡོད་པའི་ཉེ་འབྲེལ་རྣམ་ཕར་ངོ་ཚུར་ཤེས་དང་སྐྱིད་སྡུག་གི་གནས་ཚུལ་རྒྱུས་ལོན་གྱི་ཐོག་ནས་མགར་གྱི་རུས་རྒྱུད་ལོ་རྒྱུས་དང་མི་སྣ།   དུད་གྲངས་ཕ་ཡུལ་སོགས་ཞིབ་འཇུག་གི་ཐོག་ནས་མ་ཟིན་རྒྱས་པར་འགོད་རྒྱུ།

འཚོགས་ཡུན།

     ཉི་མ་ལྔ་ཡི་རིང་ལ་ཡིན།

འཚོགས་ཡུལ།

(འཚོགས་སའི་ས་གནས)

     མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་འབུས་རྣམ་པར་སྣང་མཛད་ཀྱི་ཉེ་འགྲམ་དཔལ་ཐང་གནམ་གྲུ་ཐང་གི་མར་གཤམ་དུ་ཡིན།

ཞེས་མགར་ས་གནས་འགན་འཛིན་ལྷན་ཚོགས་ཀྱིས་སྤྱི་ལོ་2015ལའི་ཟླ་7པའི་ཚེས་15ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70d བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45432731
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1