ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུ
ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/1/14ལྟ་ཀློག (7403)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་

ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།


      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།

      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་སྟོབས་ལྡན་ཆབ་སྲིད་གཏན་ཤུགས་སྲུང་འཛིན་བྱས་ཏེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཁྲིམས་སྐྱོང་འདྲི་གཅོད་ལྟ་རྟོག་ལ་ཤུགས་སྣོན་པ་དང་རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་སྤེལ་ཞིང་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། ཁྲིམས་སྲོལ་ལམ་ལུགས་ཆ་ཚང་དུ་གཏོང་དགོས་ལ། ཏང་ནང་ཁུལ་གྱི་ལྟ་རྟོག་བྱ་བར་གཙིགས་འཛིན་བྱེད་པ་དང་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས། ཡུན་རིང་ལ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། མང་ཚོགས་ཀྱི་ཉེ་འཁོར་དུ་གནས་པའི་མི་ལེགས་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཙོར་བཟུང་ནས་ཐག་གཅོད་པ་དང་། བློ་ཐག་རྦད་ཆོད་སྒོས་རུལ་སུངས་རྒྱ་ཡན་དུ་འགྲོ་བར་གཏན་འགོག་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་དགོས་ཞེས་ནན་གྱིས་བསྟན།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

     ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོ་ཏང་གིས་གནས་བབ་དང་ལས་འགན་གསར་བར་དམིགས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ནང་དུ་བཞག་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ནང་དོན་གལ་ཆེན་ཏུ་བརྩིས་ཏེ། སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ལམ་ནན་སྲུང་བྱས་པ་དང་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་ནན་མོ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཤིང་ཏང་གི་སྒྲིག་ཡིག་དང་གཏན་འཁེལ་བརྩི་སྲུང་བྱས་པ་དང་དཀྱིལ་སྙིང་ལས་འགན་གཅིག་སྡུད་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ང་ཚོས་ཏང་གི་ཆབ་སྲིད་སྒྲིག་ལམ་ལ་གཟབ་ནན་བྱེད་པ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དང་ལེན་བྱས་ཏེ། སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་ཡུན་རིང་ལ་སྤྱོད་ངན་བཞི་ཡོ་བསྲང་བྱེད་དགོས་ལ། ཏང་ནང་ཁུལ་གྱི་ལྟ་རྟོག་ནུས་པར་ཤུགས་སྣོན་པ་དང་སྐོར་ཞིབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རུལ་སུངས་ཉེས་ཅན་ལ་ཆད་པ་ནན་མོ་གཅོད་པ་དང་བྲོས་བྱོལ་ཉེས་ཅན་འཛིན་པ་དང་ལྐོག་རྔན་རྩད་གཅོད་པའི་བྱ་བར་ཤུགས་སྣོན་དགོས། དམངས་དོན་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་དང་དྲང་བདེན་ནི་ཆེས་ཆེ་བའི་སྟོབས་ཤུགས་ཡིན། རུལ་སུངས་ལ་ངོ་རྒོལ་བྱས་པ་དེས་མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་བྱེད་ཤུགས་ཇེ་ཆེར་བཏང་བ་དང་མི་དམངས་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོ་བྱས་ཟེར།

      ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོའི་བྱ་བ་བཟང་བོར་སྒྲུབ་སྐབས་ཕྱོགས་འགའི་བྱ་བ་དམ་འཛིན་བྱེད་དགོས། གཅིག ཏང་གི་སྒྲིག་ཡིག་བརྩི་སྲུང་བྱས་ཏེ་སྒྲིག་སྲོལ་དང་སྲོལ་ཡིག་ལག་བསྟར་ནན་མོ་བྱེད་དགོས། གཉིས། ཡང་དང་རིམ་པར་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་དམ་འཛིན་བྱེད་དགོས། གསུམ། རུལ་སུངས་བྱེད་མི་ཕོད་པ་མངོན་འགྱུར་བྱས་ནས་བློ་ཐག་རྦད་ཆོད་སྒོས་རུལ་སུངས་རྣམ་པ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས། བཞི། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པ་དེ་གཞི་རིམ་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ལྔ། རྩ་ལག་མཉམ་བཅོས་བྱས་ནས་ཆབ་སྲིད་སྐྱེ་ཁམས་ལེགས་སྒྱུར་བྱེད་དགོས་ཟེར།

     ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་གཞི་བཟུང་སྟེ་སྔར་བཞིན་གཟབ་ནན་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དམིགས་འབེན་ལས་འགན་གཏན་འཁེལ་གསལ་བོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བཅས་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། སློབ་སྦྱོང་གི་གནད་འགག་དེ་གོ་བ་ལེན་པ་དང་དངོས་འབེབས་བྱེད་པར་ཐུག་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། བསམ་བློ་དང་བྱ་བའི་དོན་དངོས་དང་འབྲེལ་འདྲིས་བྱེད་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་སྤེལ་ཞིང་བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས།

     ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཁ་ཡིག་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ནས་ཏང་གི་སྒྲིག་ཡིག་ལས་གནང་བའི་བླ་མེད་འགན་འཁྲི་ལག་བསྟར་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41990608
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1