ཕག་ཟླའི་བཅུ་གསུམ་ཉིན​་གྱི་མྱོང་ཚོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »ཕག་ཟླའི་བཅུ་གསུམ་ཉིན​་གྱི་མྱོང་ཚོར།
ཕག་ཟླའི་བཅུ་གསུམ་ཉིན​་གྱི་མྱོང་ཚོར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/4/22ལྟ་ཀློག (3269)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕག་ཟླའི་བཅུ་གསུམ་ཉིན་གྱི་མྱོང་ཚོར།

      སྤྱི་ལོ་༢༠༡༦/༤/༡༩ཉིན་དྲིན་ཅན་ཕ་མ་གཉིས་དང་མཉམ་དུ་རང་གི་ཕ་ས་མ་ཡུལ། དྲི་མ་དང་རྡུལ་གྱིས་མ་གོས་པའི་གཡའ་དག་པའི་ནམ་མཁའ། འཕྲུལ་ཆ་དང་འཛུགས་སྐྲུན་གྱིས་ལྷད་མ་ཞུགས་པའི་སྤང་རི་དང་ནགས་ཚལ། དྭངས་གཙང་སྟོང་གིས་བསྐོར་བའི་གངས་རི། རི་བོ་སྟོང་གིས་བསྐོར་བའི་གཙུག་རྒྱན། གཏེར་གནས་སྟོང་གིས་བསྐོར་བའི་སྦས་གནས། ཆུ་མགོ་སྟོང་གིས་བསྐོར་བའི་འབྱུང་ཁུངས། འཇིག་རྟེན་སྟོང་གིས་བསྐོར་བའི་གཡང་ས། སྲོག་ཆགས་སྟོང་གིས་བསྐོར་བའི་འཚོ་གནས། བསྟོད་ཚིག་སྟོང་གིས་བསྐོར་བའི་གཞི་མ། ལྷ་ཀླུ་སྟོང་གིས་བསྐོར་བའི་འཇིག་རྟེན། འདི་ལྟ་བུའི་རང་བྱུང་ཁམས་ཀྱི་མཛེས་པ་ལྡན་པའི་སྟོང་སྐོར་གནས་མཆོག་འདིར་གླིང་གར་བསྐྱོད་ནས་སྐྱིད་པོ་གཏོང་བའི་སྐབས་ཀྱི་ཚོར་སྣང་འགའ་ཞིག

    སྤྱིར་བཏང་། ངེད་ཅག་གངས་ཅན་པས་གནའ་ནས་ད་བར་ཕ་མར་བརྩི་བཀུར་དང་གཞོན་པར་བྱམས་སྐྱོང་གི་བྱ་བ་བྱས་ཡོད་པའམ་བྱེད་བཞིན་པས་ཡ་རབས་སྤྱོད་བཟང་གི་ལུགས་སྲོལ་གནས་ཡོད་ཀྱང་། དེང་སང་ཕ་མར་བརྩི་བཀུར་དང་གཞོན་པར་བྱམས་སྐྱོང་སོགས་ཡ་རབས་སྤྱོད་བཟང་ལག་བསྟར་བྱེད་མཁན་དེ་འདྲ་དེ་འདྲ་ཞིག་རེད་བསམ་བཞིན་ཡོད། དེ་རིང་ལ་མཚོན་ན། ཕ་མ་གཉིས་དང་མཉམ་དུ་སྤྲོ་གསེང་གི་གོ་སྐབས་འདིས་རང་ཉིད་ལ་དགའ་སྤྲོ་ཚད་མེད་ཀྱི་སྣང་བ་སྦྱིན་སོང་བས། གལ་ཏེ། རང་གིས་ཀྱང་དྲིན་ཅན་ཕ་མ་གཉིས་ལ་གཟེངས་བསྟོད་ལག་འཁྱེར་ཞིག་འབུལ་དགོས་བྱུང་ན། རང་ཉིད་འཇིག་རྟེན་འདིར་སྐྱེས་ནས་ད་བར་མི་ལོ་སུམ་ཅུ་ལྷག་ཙམ་ཞིག་གི་རིང་ཕ་མའི་སེམས་བཟང་གི་ཁ་ཏ་ལ་རང་གིས་ཁ་ལོག་ཚིག་ལོག་རྒྱག་མྱོང་མེད་པའི་ལོ་རྒྱུས་འདི་འབུལ་རྒྱུ་ཡིན། འདི་ནི་བྱ་བ་རྩ་ཆེན་ཞིག་ལ་ངོས་འཛིན་ཡོད་པར་མ་ཟད། མུ་མཐུད་དེ་དགེ་རྒན་བཀའ་དྲིན་ཅན་རྣམས་དང་། རང་ལས་ལོ་ན་ཆེ་བའི་མི་ཀུན་ལ་ཡང་དེ་བཞིན་བརྩི་བཀུར་ཞུ་རྒྱུ་དམ་བཅའ་བརྟན་པོ་ཡོད། དཔེར་ན། མཚན་བརྗོད་པ་ལའང་མཐུང་ཆུང་བྱེད་མི་རུང་སྟེ། རང་ཉིད་དགེ་སློང་ཞིག་ཡིན་པས་ཆོས་འདུལ་བའི་བླ་མ་བཤད་པའི་སྐབས། འདུལ་བ་སུམ་བརྒྱ་པ་ལས། སློབ་དཔོན་ལ། བདག་གི་སློབ་དཔོན་རིན་པོ་ཞེས་པའི་ཚིག་དང་ལྡན་པའི་སྒོ་ནས་སྨོས་དགོས་སོ།། ཞེས་གསུངས། དེའི་སྐབས་རང་ལས་བསླབ་པ་རྒན་པ་ལ་བཙུན་པ་ཞེས་མཚན་བརྗོད་དགོས། བཙུན་པའི་སྐད་དོད་བན་དྷེ་ཞེས་པ་ཕྱག་འོས་ལ་འཇུག རང་ལས་བསླབ་པ་གཞོན་པ་ལ་ཚེ་དང་ལྡན་པ་ཞེས་བརྗོད་དགོས། ཚེ་དང་ལྡན་པ་ཞེས་པ་ནི་ཆོས་སྒྲུབ་པའི་ཚེ་ཁྱད་པར་ཅན་དང་ལྡན་པར་གོ་དགོས། རང་དང་བསླབ་པ་མཉམ་པ་ལ་གནས་བརྟན་ཞེས་འབོད་དགོས། གནས་བརྟན་ཞེས་པ་ནི་གནས་ཀྱི་བླ་མ་གཞན་ལ་རག་མ་ལུས་པར་རང་དབང་དུ་སྡོད་ཆོག་པ་ལ་གོ་དགོས།

                 
       དེས་ན། དགེ་བའི་བཤེས་གཉེན་རྣམས་དང་། ཆོས་གྲོགས་ནང་ཕན་ཚུན་ལའང་མཚན་བརྗོད་པའི་སྐབས་མཐོང་ཆུང་མི་བྱ་བ་ནི་ངེད་དགེ་སློང་ཞིག་གི་ངོས་ནས་འོས་འགན་ཡིན་པ་མ་ཟད་ལག་བསྟར་གཙང་མ་ཡང་ཡོད་ལགས། འོན་ཀྱང་། དེ་རིང་གི་ཕ་མ་གཉིས་དང་མཉམ་དུ་དགའ་སྤྲོའི་དཔལ་ལ་རོལ་པའི་བདེ་སྐྱིད་ནི། མཐར་ཐུག་གི་བདེ་སྐྱིད་ཅིག་དང་། མཐར་ཐུག་གི་སྤྲོ་སེམས་ཤིག མཐར་ཐུག་གི་ངེས་དོན་ཞིག་ལ་ངོས་འཛིན་མེད། འོ་ན་གཏན་གྱི་བདེ་བ་གང་ལ་ངོས་འཛིན་ཡོད་ཅེ་ན། རང་ཡུལ་གྱི་གནས་མཆོག་འདིར་སྲུང་སྐྱོབ་ཆེད་འབད་བརྩོན་བྱ་རྒྱུ་འདི་ཡིན་སྙམ་སྟེ་ཚོར་བ་གསར་པ་ཞིག་སྐྱེས་སོང་། འདི་ནི་ང་ཚོས་གོང་འཕེལ་གཏོང་དགོས་པའི་རྩ་བ་ཉག་ཅིག་ཀྱང་ཡིན། དགེ་བ་རྣམས་ཀྱི་ནང་ནས་ཆེས་ཕན་ཡོན་ཆེ་བ་ཡང་ཡིན། གལ་ཏེ་ངེད་ཅག་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་མ་བྱས་ཚེ། སྤྱིར་དེ་རིང་ཁ་སང་རི་བོ་མཐོ་པོའི་གངས་ཞུ་བས་ཆུ་མགོ་བརྒྱ་སྟོང་མང་བོ་སྐམ་པ་གྱུར་བ་དང་། རྩི་ཤིང་ཡར་སྐྱེས་མེད་པར་རྩྭ་ཐང་བྱེ་ཐང་གྱུར་བའི་ལོ་རྒྱུས་གང་མང་ཡོད་པས། དམིགས་བསལ་ངེད་ཅག་གི་ཡུལ་ལའང་དེ་ལྟར་མི་འགྱུར་བའི་བདེན་དཔང་སུ་ལ་ཡོད། ལྷག་པར་དུ་ས་འོག་གི་གསེར་དངུལ་ཟངས་ལྕགས་སོགས་གཏེར་ཁ་སྔོག་འདོན་བྱུང་ཚེ། མི་ལོ་སྟོང་ཕྲག་སོང་ཡང་། བསྐྱར་གསོ་བྱེད་ཡས་མེད་པས་སྲིད་གཞུང་ཞིག་གི་ངོས་ནས་བཤད་ན་དེ་ལས་ཆེ་བའི་གྱོང་གུད་ཅིག་དང་ཆགས་སྒོ་ཞིག་མེད། མི་རིགས་ཤིག་གི་ངོས་ནས་བཤད་ནའང་གྱོང་གུད་ཚབས་ཆེན་རེད། སྔོན་མའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ་རང་སའི་དཔོན་ངན་འགས་རང་དོན་དུ་སྟོང་སྐོར་གནས་རི་ཟ་འདོད་བྱུང་ཡང་། མི་མང་གིས་ཁྲིམས་མཐུན་གྱི་གོང་རིམ་ལ་ཞུ་གཏུག་བྱས་པས་དུས་ད་ལྟར་ཡང་སྔར་བཞིན་ཕུན་སུམ་ཚོགས་པ་གནས་ཡོད། དེས་ན། ད་ལྟ་ཉིད་ནས་སྟོང་སྐོར་གནས་རི་སྲུང་སྐྱོབ་མ་བྱས་ཚེ་ས་གནས་འདིར་ཤིང་ནགས་རྩ་མེད་དུ་འགྲོ་བ་དང་། རྩྭ་ཐང་བྱེ་ཐང་དུ་འགྱུར་བ།  མཁའ་དབུགས་བཙོག་པར་འགྱུར་བ་བཅས་ཀྱིས་མི་མང་པོ་འཆི་ལམ་དུ་འདེད་པ་དང་། འཐུང་ཆུར་བཙོག་སྐྱོན་ཐེབས་པས་ལོ་རེ་རེར་མི་མང་བོ་འཆི་བ་འགྱུར་བར་མ་ཟད། མི་རབས་རྗེས་མ་རྣམས་ལ་ཛ་དྲག་དང་ཉེན་ཁ་ཇེ་ཆེར་འགྲོ་བར་སྨྲོས་མ་དགོས། དེས་ན། ཁོར་ཡུག་ལ་གཏོར་བརླག་གཏོང་བ་ནི་རང་ཁྱིམ་ལ་གཏོར་བརླག་གཏོང་བ་ཡིན་པས། ཁོར་ཡུག་སྲུང་སྐྱོབ་ལ་འབད་པ་བྱས་ན་དོན་གྱིས་འགྲོ་བ་མིའི་ཚེ་སྲོག་ལ་གཅེས་སྐྱོང་བྱས་པ་རེད་ཅེས་ཉིན་ཐོའི་ཚུལ་དུ་བྲིས།

སྤྱི་ལོ་ ༢༠༡༦/༤/༡༩ དགེ་བློ་སྦྱིན་གྱིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
97yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41096306
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1