སྲིད་དོན་གལ་གནད་གསར་འགྱུར། ༼བསྡུས་བསྒྱུར།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »སྲིད་དོན་གལ་གནད་གསར་འགྱུར། ༼བསྡུས་བསྒྱུར།༽
སྲིད་དོན་གལ་གནད་གསར་འགྱུར། ༼བསྡུས་བསྒྱུར།༽
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/4/30ལྟ་ཀློག (10327)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་ཆེན་གསུམ་གཏན་འབེབས་བྱས་ཡོད།

ཡིག་སྒྱུར་བ།  ངེད་དྲ་བའི་གྲོང་སེང་འབྲུག

     ཟླ་4བའི་ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་ཆེན་གསུམ་གཏན་འབེབས་བྱས་པ་ནི། 1、ཀྲུང་གོའི་དབུས་ནུབ་ས་ཁུལ་གྱི་སློབ་གསོ་ཡར་རྒྱས་ཡོང་ཐབས་ཀྱི་༼མི་འདང་བའི་གནས་༽ཁ་གསབ་བྱེད་པ། 2、རིག་གནས་དངོས་རྫས་ལས་ཁུངས་ཀྱི་གསར་བཟོའི་རིག་གནས་ཐོན་རྫས་སྦེལ་བ་ལ་སྐུལ་འདེད་རང་བཞིན་གྱི་བྱེད་ཐབས་གཏན་ལ་ཕབ་པ། 3、《ས་ཞིང་དང་ཆུ་བེད་ཁྲིམས་སྲོལ》འཆར་ཟིན་གྲོས་འཆམ་བྱུང་ནས་བཀོད་པ་བཅས་ཡིན་ལ།  ཚོགས་ཐོག་ཏུ་ཙུང་ལི་ལས་ཁེ་ཆང་གིས་ལས་དོན་འདི་དག་ལ་བཀོད་སྒྲིག་ཇི་ལྟར་བྱས་ཡོད་དམ།  སྲིད་གཞུང་གིས་གསལ་འགོད་དག་ལ་གསལ་བཤད་འདི་ལྟར་བྱས་ཡོད།

དང་པོ།  

ཀྲུང་གོའི་དབུས་ནུབ་ས་ཁུལ་གྱི་སློབ་གསོ་ཡར་རྒྱས་ཡོང་ཐབས་ཀྱི་༼མི་འདང་བའི་གནས་༽ཁ་གསབ་བྱེད་པ།  

1 རྫོང་རིམ་པའི་ས་ཁུངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་ཀྱི་ཡར་རྒྱས་ཡོང་ཐབས་ལ་སྐུལ་འདེད་གཏོང་བ་དང་། འོས་འཚམ་གྱི་སློབ་གསོ་བྱེད་གནས་བཀོད་སྒྲིག་བྱེད་པ། ཚད་ལྡན་གྱི་དགེ་རྒན་དང་སློབ་ཁྲིད་སྒྲིག་གཞི་བཀོད་པ།  བཅའ་སྡོད་སློབ་གྲྭའི་དཔེ་ཁྲིད་དང་། དཔེ་དེབ། ཟ་མ། དྲོད་ཁུག་ཐབས་སོགས་ཀྱི་ཆ་རྐྱེན་ལ་ལེགས་བཅོས་གཏོང་བ། 2018ལོ་ལ་མ་ཐོན་སྔོན་དུ་མི་འབོར་མང་པོ་ཅན་གྱི་འཛིན་གྲྭའི་གནད་དོན་ཐག་གཅོད་བྱས་ནས་བསྒྱུར་དགོས། ཟས་བཅུད་ལེགས་བཅོས་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་གཏོང་དགོས་པ་དང་། གྲོང་ཚོ་རུ་ཆེད་ལས་དགེ་རྒན་གྱི་གྲངས་འབོར་ཇེ་མང་ལ་གཏོང་བ། རིན་མེད་ཀྱི་སྒོ་ནས་སློབ་གསོ་མྱོང་བ་དང་སློབ་ཡོན་ལ་གསབ་དངུལ་སྤྱིན་པ་སོགས་ཀྱི་ཐབས་ལམ་ནས་དགེ་རྒན་རྣམས་ལ་གསོ་སྐྱོང་བྱེད་པ།  

2 ཆེད་ལས་སློབ་གསོ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་ལས། ཆེད་སྦྱོང་སློབ་གྲྭའི་འགྲོ་གྲོན་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། སློབ་མའི་སློབ་གྲོན་རིམ་བཞིན་སྤྲོད་མི་དགོས་པ་དང་། སློབ་གྲྭ་འཛུགས་སྐྱོང་ཐད་དུ་ཇེ་བཟང་དུ་གཏོང་བ། དེང་རབས་ཅན་གྱི་སློབ་གསོ་ལག་བསྟར་བྱེད་པ། སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱེད་པ། དངོས་སྦྱོང་དང་ལག་ལེན་ཤུགས་ཆེ་རུ་གཏོང་བ་དང་བསྟུན་ནས་ལས་ཞུགས་དང་གསར་སྐྲུན་ནུས་པ་མཐོ་རུ་གཏོང་བ། ཤར་ཕྱོགས་ས་ཁུལ་གྱིས་སྔོན་ཐོན་ལས་གཞི་ནང་འདྲེན་བྱེད་པ་ལ་ཆ་རྐྱེན་བསྐྲུན་དགོས། 

3 མཐོ་འབྲིང་སློབ་གསོ་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་བ། སློབ་འབྲིང་སྐོར་ཞིག་གསར་བཞེངས་དང་རྒྱ་ཆེ་རུ་སྐྱེད་རྒྱུའི་བཀོད་སྒྲིག་ཡོད་པ་དང་། ཞིང་གྲོང་གིས་མཐོ་འབྲིང་བསྐྲུན་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་གནང་བ་ལས་སློབ་གྲྭ་སོ་སོར་དྲ་རྒྱ་མགྱོགས་མྱུར་དུ་འཐེན་པ་དང་། ཆ་རྐྱེན་ཞན་པའི་སློབ་མ་དག་ལ་སློབ་གྲོན་སྤྱིན་མི་དགོས་པའི་མཐུན་རྐྱེན་བསྐྲུན་པ། 2020ལོའི་སྔོན་དུ་དབུས་ནུབ་ས་ཁུལ་གྱི་སློབ་མའི་སློབ་ཞུགས་ཚད་གཞི་90%ཟིན་དགོས།

4  ཚད་རིམ་མཐོན་པོའི་སློབ་ཆེན་སྐོར་ཞིག་ལ་རིག་གཞུང་ལས་གནས་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱེད་པ། དབུས་ནུབ་ས་ཁུལ་གྱི་སློབ་མ་ཚོར་སློབ་ཆེན་ལ་ཞུགས་པའི་མཐུན་རྐྱེན་རྒྱ་ཇེ་ཆེ་རུ་གཏོང་བ། སློབ་གསོ་པུའུ་ཡིས་ཆེད་གནས་སློབ་ཆེན་མེད་སའི་ཞིང་ཆེན་14ལ་གཙོ་ཆེ་བའི་སློབ་ཆེན་གཅིག་རེ་བསྐྲུན་པའི་རྒྱབ་སྐྱོར་ཡོད་པ། མི་མཐུད་དུ་སློབ་ཆེན་སོ་སོའི་དབུལ་ཕོངས་ཞིང་གྲོང་ས་གནས་ཀྱིས་སློབ་མ་སྡུད་པའི་ཚད་ཇེ་མཐོར་གཏོང་དགོས། 

5  སྔོན་འགྲོའི་སློབ་གྲྭ་བཟང་བོ་བསྐྲུན་པ་དང་། གཞན་ཕན་གྱི་བྱིས་བཅོལ་ཁང་དང་། བྱིས་པ་ཁང་། སྒེར་བཙུགས་བྱིས་སྐྱོང་ཁང་སོགས་ཀྱིས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ། 

6 གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་དགོས། དེ་མིན་མི་རིགས་ས་ཁུལ་གྱི་༼སྐད་གཉིས་༽སློབ་གསོའི་ཐད་ལ་རྒྱབ་སྐྱོར་དང་ཤུགས་སྣོན་དྲག་པོ་གཏོང་དགོས་པ་དང་། སློབ་མའི་ནུས་པ་གོང་དུ་སྤེལ་དགོས། དབང་པོ་སྐྱོན་ཅན་གྱི་སློབ་གྲྭའི་ཆ་རྐྱེན་དང་སློབ་ཁྲིད་ལ་ཡར་རྒྱས་གཏོང་བ་དང་དབང་བོ་སྐྱོན་ཅན་སློབ་མའི་སློབ་གསོ་མྱོང་བའི་ཚད་གཞི་ཇེ་མཐོར་གཏོང་དགོས།      གྲོས་ཚོགས་འདིའི་བླང་བྱ་ནི། ས་གནས་ཁག་གི་སློབ་གསོ་ཡར་རྒྱས་ལས་འགན་ཤུགས་ཆེན་པོའི་བརྗོད་བྱ་རུ་བཏོན་ཡོད་པ་དང་། གྲོས་འཆམ་བཅོས་བསྒྱུར་བྱུང་བ་དང་བསྟུན་ནས་ཤེས་ལྡན་མི་སྣ་གཏན་གནས་ཡོང་བ་དང་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་དགོས་སོ།།

གཉིས་པ། 

རིག་གནས་དངོས་རྫས་ལས་ཁུངས་ཀྱི་གསར་བཟོའི་རིག་གནས་ཐོན་རྫས་སྦེལ་བ་ལ་སྐུལ་འདེད་རང་བཞིན་གྱི་བྱེད་ཐབས་གཏན་ལ་ཕབ་པ།  

1  རྒྱལ་ཁབ་ཀྱི་རིགས་སོ་སོའི་དངོས་རྫས་བཤམ་སྟོན་ཁང་དང་། མཛེལ་རྩལ་ཁང་།  དཔེ་མཛོད་ཁང་བཅས་འདེམས་ནས་དཔེ་སྟོན་རང་བཞིན་བྱས་ཏེ། དམིགས་བྱ་ནི་སྤྱི་ཕན་བྱེད་པ་དང་། རྒྱལ་ཁབ་ཀྱི་དངོས་རྫས་སྲུང་སྐྱོང་དང་འགྲེམ་སྟོན་ཁང་སོགས་སུ་ཉར་ཐབས་གཞིར་བཟུང་ནས།  མཉམ་སྒྲུབ་དང་། དབང་བཅོལ་དང་། རང་རྐྱའི་ཐུབ་པའི་སྒོ་ནས་རིག་གནས་ཐོན་རྫས་གསར་སྤེལ་བྱེད་པ།   

2 འཇོན་ཐང་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་འཚོལ་ཞིབ་ལས་རིགས་དང་གསར་འདོན་ཐད་ལ་ཤུགས་སྣོན་རྒྱག་པ། ལས་གཞིའི་སྒྲིག་འཛུགས་ཆ་ཚང་ཅན་ལ་འགྱུར་བ་དང་། རྒྱལ་ཁབ་ཀྱིས་ལས་ཁུངས་དང་སྒེར་གྱི་ལས་ཁུངས་བར་ལ་ཤེས་ལྡན་མི་སྣ་བརྗེ་རེ་བྱེད་ཆོག་པ།

3 སྔོན་ཐོན་གྱི་རིག་གནས་ཐོན་ཁུངས་དང་གསར་གཏོད་ཇུས་འགོད་དང་། ཡུལ་སྐོར་སོགས་ས་གནས་བརྒལ་བ་ལ་སྐུལ་འདེད་གཏོང་བ། གསར་དར་གྲོང་རྡལ་མཉམ་དུ་བསྐྲུན་པ་དང་། རིག་གནས་དོན་སྙིང་ལྡན་པའི་སྤྱི་ཕན་ཁོར་ཡུག་མང་པོ་བསྐྲུན་པ།

4 སྲིད་ཇུས་ལག་བསྟར་བྱེད་པ་ལ་རྒྱབ་སྐྱོར་བྱས་ནས། རིག་གནས་ཐོན་རྫས་གསར་བ་དག་རིག་གནས་ཐོན་ལས་མ་རྩའི་ཁྱབ་ཁོངས་སུ་འདུ་དགོས་པ་དང་། རྒྱལ་ཁབ་ཀྱི་རིག་གནས་དངོས་རྫས་ལས་ཁུངས་ཀྱིས། གནས་ལུགས་དང་ལྡན་པའི་ཡོངས་འབབ་བགོ་བཤའི་མ་ལག་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་ཁྲོད་ཀྱི་རིག་གནས་ཐོན་རྫས་གསར་བ་གསར་སྦེལ་དང་ཐོན་སྐྱེད། གཉེར་སྐྱོང་སོགས་བྱེད་རྒྱུ་ཡིན།

གསུམ་པ།

《ས་ཞིང་དང་ཆུ་བེད་ཁྲིམས་སྲོལ》འཆར་ཟིན་གྲོས་འཆམ་བྱུང་ནས་བཀོད་པ།

   ས་ཞིང་དང་ཆུ་བེད་གོང་འཕེལ་དུ་གཏོང་ཚུལ་མགྱོགས་པོ་ཡོང་བ་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་ཡོད་པ། ཞིང་པའི་ཡོངས་འབབ་ཇེ་མཐོར་གཏོང་བ།

    གྲོས་འཆམ་བྱུང་བ་ལྟར་ 《ས་ཞིང་དང་ཆུ་བེད་ཁྲིམས་སྲོལ་(འཆར་ཟིན)》དེའི་ནང་དུ་ཚན་རིག་དང་བསྟུན་ནས་སྒྲིག་གཞི་བཟོ་བ་དང་། ཆུ་ལ་གྲོན་ཆུང་གཏོང་བ། གཅིག་གི་གཅིག་རོགས་ལ་རྒྱབ་སྐྱོར་ཡོད་པ། ས་ཞིང་དང་ཆུ་བེད་ལ་ཆུ་འདྲེན་རང་བཞིན་ལྟར་དུ་བེད་སྤྱོད་གཏོང་བ། ཆུ་སྐ་ཚད་ལྡན་བསྐྲུན་པ། བདག་སྐྱོང་བྱེད་པ་ལ་རྒྱབ་སྐྱོར་ཡོད་པ། ཁྲིམས་ལྟར་ལྟ་རྟོག་དང་འགན་ལེན་མ་བྱས་ན་ཁྲིམས་ལུགས་ཀྱིས་འགན་ཁུར་ཡོད་པ་སོགས་གཏན་ལ་འབེབས་པ། སྒྲིག་གཞིའི་རང་བཞིན་དུ་ས་ཞིང་ཆུ་བེད་བཟང་པོ་སྐྲུན་པ་དང་བེད་སྤྱོད་ཐུབ་པ་དང་། ནུས་པ་ཆེན་པོ་ཞིག་འཛུགས་དགོས་སོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཨ་ཁུ་ཀུན་ཤེས། སྤེལ་དུས:2016/5/27
རྒྱལ་ཁབ་སྲིད་ཇུས་གསེར་ལྟར་ལྷག།།གཞི་རིམ་ལ་ཐོན་རྣག་ལྟར་ཞི།།སྡེ་དཔོན་ཕལ་ཆེར་གླང་ལྟར་བླུན།།གང་འདོད་བྱས་ཀྱང་ཁྲིམས་མཐུན་སྐྱོ།།
 སྤེལ་མཁན: ཨ་ཁུ་ཀུན་ཤེས། སྤེལ་དུས:2016/5/27
རྒྱལ་ཁབ་སྲིད་ཇུས་གསེར་ལྟར་ལྷག།།གཞི་རིམ་ལ་ཐོན་རྣག་ལྟར་ཞི།།སྡེ་དཔོན་ཕལ་ཆེར་གླང་ལྟར་བླུན།།གང་འདོད་བྱས་ཀྱང་ཁྲིམས་མཐུན་སྐྱོ།།
 སྤེལ་མཁན: ཅ་ནེ། སྤེལ་དུས:2016/5/2
འདིར་གསུངས་པ་ལེགས་མོད། གྲངས་ཉུང་མི་རིགས་ས་ཁུལ་འགའ་ཞིག་ལ་སློབ་མཐར་བྱིན་རྗེས་བྱ་བ༼事业单位༽ལ་རྒྱུགས་སྤྲོད་རྒྱུ་མེད་པར་བཟོས་ཡོད་པས་སློབ་ཆུང་དང་སློབ་འབྲིང་མཐའ་ན་ཁྱིམ་བདག་སོ་སོ་ལའང་སློབ་ཞུགས་ཀྱི་འདུ་ཤེས་མེད་པར་སོང་བས་སློབ་མ་མང་པོ་སློབ་བྱོལ་བྱེད་པའི་གནས་ཚུལ་རབ་དང་རིམ་པ་འབྱུང་བཞིན་ཡོད་ཀྱང་ཁ་ཡ་བྱེད་མཁན་མེད་ན། གསར་འགྱུར་གསར་བས་ཅི་བྱེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41989195
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1