ངོ་མཚར་བའི་གསར་འགྱུར་ཞིག
ལོ་ངོ་བཅོ་བརྒྱད་ཀྱི་ཡར་སྔོན་དེར། ཨ་མི་རི་ཀའི་ཨ་མ་ཞིག་ལ་མཚེ་མ་ཕྲུ་གུ་བདུན་སྐྱེས། ཡིན་ན་ཡང་མཚེ་མ་ཕྲུ་གུ་བདུན་བོ་སྐྱེས་རྗེས་ཚེ་སྲོག་ཧ་ཅང་ཕྲ་བའི་ཕྲུ་གུ་རྣམས་སྨན་ཁང་ནས་བརྟག་དཔྱད་རིམ་པ་བརྒྱུད་རྗེས་དུས་ཡུན་རིང་པོ་འཚོ་མི་ཐུབ་པར་སྨན་པས་བསྒྲགས་གཏམ་སྤེལ། འོན་ཀྱང་བྱམས་སེམས་ལྡན་པའི་ཨ་མ་དེ་དང་སྙིང་རུས་ཆེ་བའི་མཚེ་མ་ཕྲུ་གུ་རྣམས་སྟེས་དབང་ཞིག་གིས་ལས་ཀྱི་བཀོད་པའི་ལམ་དེ་ལས་བརྒལ་ཐུབ་པ་བྱུང་། ལོ་ངོ་བཅོ་བརྒྱད་རྗེས་ཀྱི་དེ་རིང་། མཚེ་མ་ཕྲུ་གུ་བདུན་པོ་ན་བ་ཚ་བ་མེད་པར་བདེ་ཐང་ངང་དར་མ་རུ་གྱུར། གཟའ་འཁོར་སྔོན་མའི་གཟའ་ཉི་མའི་ཉིན་ནི་ཁོ་ཚོ་མཐོ་འབྲིང་བསླབ་པ་ཐར་ཕྱིན་པའི་ཉིན་མོ་ཡིན་པར་མ་ཟད་འཛམ་གླིང་སྟེང་མཚེ་མ་མང་པོ་སྐྱེས་ནས་ད་ལྟའི་པར་འཚོ་ཐུབ་མཁན་གྱི་མི་སྣ་གལ་ཆེན་དུ་གྱུར།
|