ས་སྐྱ་ལེགས་བཤད། ༼༣༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༣༽
ས་སྐྱ་ལེགས་བཤད། ༼༣༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/6/27ལྟ་ཀློག (3094)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༣༽

སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །

བླང་དོར་བློ་གྲོས་ལྡན་པ་མཁས། །

རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །

ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །

 

          སྐྱེ་བོ་ཡོན་ཏན་ཡོད་མེད་སྐྱོན་ཡོན་འདྲེས་པ་དབྱེ་འབྱེད་ནུས་མིན་ལས་འབྱེད་དགོས་པར་བསྟན་པ་དེ་ཡིན། །

 

          སྐྱེ་བོ་ཞིག་ལ་ལུགས་གཉིས་ཀྱི་ཡོན་ཏན་ཡོད་པ་དང་མེད་པའི་ཁྱད་པར་ནི།  ཆུ་དང་འོ་མ་ལྟར་སྐྱོན་ཡོན་འདྲེས་ནས་ཡོད་པ་སོ་སོར་འབྱེད་པའི་བླང་དོར་གྱི་བློ་གྲོས་དང་ལྡན་པ་ལ་མཁས་པ་ཞིག་བྱ་སྟེ། ས་རྡུལ་དང་འདྲེས་ནས་ཡོད་པའི་ལྕགས་ཕྱེ་རྣམས་ཁབ་ལེན་གྱི་རྡོ་ཡིས་སོ་སོར་དབྱེ་སྟེ། ལྕགས་ལེན་ཞིང་ས་རྡུལ་རྣམས་མི་ལེན་པར་སོ་སོར་འདོར་ལེན་ཤེས་པ་བཞིན་ནོ། །

 

          དེ་ཡང་སྔར་བྲམ་ཟེ་ཞིག་ཟ་རྒྱན་ཤོར་ཏེ། དེ་གཞལ་བའི་ཕྱིར། རྒྱལ་པོའི་ཕོ་བྲང་དུ་རྐུ་བརྒྱག་པར་ཕྱིན་པ་ན། རྒྱལ་པོ་གཉིད་དུ་སོང་བའི་སྟེང་དུ་སྦྲུལ་འདུག་པ་སྐུ་སྲུང་སྤྲེའུས་མཐོང་སྟེ། རལ་གྲི་བརྡེག་པར་བརྩམས་པ་ན། རྒྱལ་པོ་བསད་པ་སྐྱོན་ཡོན་གང་དུ་བལྟ་འདྲེས་པ་ལྟ་བུར་ཡོད་པ་ལས། བྲམ་ཟེ་རྐུན་པོ་ནི་ཕྱོགས་ཡོངས་ལ་བལྟ་བའི་བློ་གྲོས་དང་ལྡན་པས། འབངས་ཀྱི་བདེ་སྡུག་རྒྱལ་པོ་ལ་རག་ལས་པས། རང་ཉིད་རྒྱལ་པོས་བཟུང་བ་བས་རྒྱལ་པོ་སྤྲེའུས་བསད་ན་མི་རུང་སྙམ་སྟེ། སྤྲེའུའི་རལ་གྲི་ནས་བཟུང་སྟེ་ཀུ་ཅོ་བཏབ་པས། རྒྱལ་པོ་གཉིད་སད་དེ་རྒྱུ་མཚན་དྲིས་པ་ན། ཇི་ལྟར་གྱུར་པ་ཞུས་པས། རྒྱལ་པོ་མཉེས་ཏེ། མཁས་པ་དགྲ་བོར་གྱུར་ཀྱང་བཟང་། །བླུན་པོ་གྲོགས་ལའང་དེ་ལྟར་མིན། །སྤྲེའུས་རྒྱལ་པོ་བསད་པ་ལ། །བྲམ་ཟེ་རྐུན་པོས་ལྡོག་ལ་ལྟོས། །ཞེས་པ་ལྟར་ལགས་པས་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ་འབད་དགོས་སོ། །

དྲྭ་ཚིགས་གཙོ་གཉེར་བ།  ཁཱ་ཤེས་རབ་རྒྱ་མཚོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41959454
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1