ས་སྐྱ་ལེགས་བཤད། ༼༤༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༤༽
ས་སྐྱ་ལེགས་བཤད། ༼༤༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/6/30ལྟ་ཀློག (6791)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༤༽

ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །

གོ་ཡི་བླུན་པོས་དེ་ལྟ་མིན། །

ཉི་མའི་འོད་ཟེར་ཤར་བ་ན། །

འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །



        ལེགས་བཤད་ལེགས་བཤད་དུ་མཐོང་བ་ལ། ལེགས་བཤད་ཀྱི་ཚིག་དོན་རྟོགས་པའི་མཁས་པ་ཞིག་དགོས་པར་བསྟན་པ་དེ་ཡིན།

        དེ་ཡང་གཞུང་གང་ཞིག་ལེགས་བཤད་ཡིན་མིན་ནི། ཚིག་དོན་གཉིས་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པའི་བློ་གྲོས་ཀྱིས་གོ་བར་ནུས་ཀྱི། བླུན་པོས་དེ་ལྟ་མིན་ཏེ་གོ་བར་མི་ནུས་ཏེ། དཔེར་ན་ཉི་མའི་འོད་ཟེར་ཤར་བ་ན། མིག་ལྡན་གཞན་ལ་གཟུགས་མཐོང་བའི་གྲོགས་སུ་འགྱུར་གྱི། འབྱུང་པོའི་བྱ་རྣམས་གཟུགས་མི་མཐོང་བར་ལོང་བར་གྱུར་པ་བཞིན་ནོ། ཞེས་པའོ།

        སྔར་ལུང་པ་ཞིག་གི་རྒྱལ་པོ་དེ་རིག་པའི་གནས་ལ་མཁས་པའི་པཎྜི་ཏ་ཞིག་ཡིན་པས། རང་གི་མངའ་འོག་ལ་མཁས་པ་ཡོད་མིན་བརྟག་པའི་ཕྱིར། ཆུ་ཡི་ནང་གི་པད་མ་ལ། །འདར་བར་བྱེད་པའི་རྒྱུ་གང་ཞིག །ཅེས་རྒྱུ་མཚན་འདྲི་བའི་ཤོ་ལོ་ཀ་ཕྱེད་བྲིས་ཏེ། ཡི་གེ་དེ་གང་སར་བཏང་སྟེ་འདིའི་རྒྱུ་མཚན་ཤེས་པ་བྱུང་ན་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་བྱས། དེ་ལ་སྐྱེ་བོ་མང་པོས་ལན་བཏབ་ཀྱང་རྒྱལ་པོ་དགྱེས་པའི་ལན་མ་བྱུང་། དེ་རིམ་པས་པཎྜི་ཏ་ནག་མོའི་ཁོལ་གྱི་ཕྱག་ཏུ་འབྱོར་བས་ཚེགས་མེད་པར། བུང་བ་ཞུགས་ཚེ་ཉི་མ་ནུར། །འཕུར་བར་འདོད་པ་འདར་བའི་རྒྱུ། །ཞེས་མཚོ་ནང་གི་པད་མ་གཡོ་བའི་རྒྱུ་ངོས་བཟུང་བར་མ་ཟད། དྲི་བ་ཚིག་རྐང་གཉིས་ཀྱི་ལན་ཚིག་རྐང་གཉིས་ཀྱིས་བཏབ་པས། ཤོ་ལོ་ཀ་གཅིག་གི་ནང་དྲིས་ལན་གཉིས་ཀ་ཚང་བས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་པ་བཞིན་ནོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41979330
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1