ས་སྐྱ་ལེགས་བཤད། ༼༧༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༧༽
ས་སྐྱ་ལེགས་བཤད། ༼༧༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/7/10ལྟ་ཀློག (3889)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༧༽

མཁས་པ་བརྩད་ཅིང་མ་དྲིས་པ། །

དེ་ཡི་བར་དུ་གཏིང་མི་དཔོག །

རྔ་ལ་དབྱུག་གུས་མ་བསྣུན་པ། །

དེ་སྲིད་གཞན་དང་ཁྱད་ཅི་ཡོད། །

མཁས་པའི་མཁྱེན་རྩལ་རྩོད་པ་བྱེད་པའམ། རང་ངོ་མས་བཀའ་འདྲི་ཞུས་ནས་གསུང་ལ་ཞིབ་ཏུ་མ་བརྟགས་བར་དུ་མི་རྟོགས་པར་བསྟན་པ་དེ་ཡིན།

རིག་པའི་གནས་ལ་མཁས་པར་གྲགས་ཀྱང་དེ་ལ་བརྩད་པ་སྟེ་རྩོད་པ་དང་དཀའ་བའི་གནད་ལ་མ་དྲིས་པ་སྟེ་འདྲི་བརྩད་མ་བྱས་པ་དེ་སྲིད་དུ་མཁས་པའི་མཁྱེན་པའི་གཏིང་མི་དཔོག་སྟེ་དཔེར་ན། རྔ་ལ་དབྱུ་གུས་མ་བསྣུན་པ་སྟེ་མ་བརྡུངས་བར་དུ་དེ་དང་དབྱིབས་མཚུངས་པའི་སྒྲ་གྲག་རྒྱུ་མེད་པའི་དངོས་པོ་གཞན་དང་ཁྱད་པར་མེད་པ་བཞིན་ནོ། ཞེས་པའོ། །

མཁས་པ་བརྩད་ཅིང་མ་དྲིས་པའི་བར་དུ་གཏིང་མི་དཔོག་པའི་ཚུལ་ནི། དགེ་བཤེས་འཆད་ཁ་པས་བྱང་ཆུབ་སེམས་ཀྱི་གདམས་པ་ཡོད་པའི་དགེ་བའི་བཤེས་གཉེན་ཞིག་བརྩད་གཅོད་པའི་ཕྱིར། ཤ་ར་པའི་གདན་སར་ཕེབས་ཏེ། ཚོགས་ཆོས་གསན་པས་བྱང་ཆུབ་སེམས་ཀྱི་སྐོར་མང་པོ་མ་བྱུང་བས། ཐེངས་ཤིག་ཤ་ར་པ་བུམ་སྐོར་མཛད་པའི་དྲུང་དུ་ཕྱིན་ནས་ཁོང་རང་གི་ཕྱམ་རྩེ་སྟེ་གོས་ཀྱི་ཆ་ཤས་ཟླ་གམ་བཏིངས་ཏེ་དགེ་བའི་བཤེས་གཉེན་འདིར་བཞུགས་པར་ཞུ་ཞུས་པས། དེར་བསྡད་ནས་ཅི་བྱེད་གསུངས། གྲོས་ཤིག་ཞུ་བ་ལགས་ཞུས་པས། ངས་གྲོས་ཐག་ཐམས་ཅད་ཆོས་ཁྲིའི་ཁ་ནས་བཅད་པ་ཡིན། དེར་མ་ཆོད་པ་ཅི་ཡོད་གསུངས། བདག་གིས་མཐོང་བའི་དཔེ་ཆ་གཅིག་ན། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་གིས་ལེན། །ཟེར་བ་ཞིག་གདའ་བ་འདི་ཟབ་མི་ཟབ་ཇི་ལྟར་ལགས་ཞུས་པས། དགེ་བའི་བཤེས་གཉེན་ཤ་ར་པའི་ལ་ནས། ཟབ་མི་ཟབ་ཀྱི་ཁ་ན་ཅི་ཡོད། ཡང་དག་པར་རྫོགས་པའི་བྱང་ཆུབ་མི་སྒྲུབ་ན་ཕར་ཞོག   བསྒྲུབས་ན་ཆོས་འདི་ལ་མ་བརྟེན་པར་འགྲུབ་མི་སྲིད་གསུངས། འོ་ན་བདག་ལུང་ཆོས་པ་ལགས་པས། དེ་ལ་ལུང་ཞིག་དྲང་བར་ཞུ་ཞུས་པས། མགོན་པོ་ཀླུ་སྒྲུབ་ལ་ཚད་མར་མ་འཛིན་པ་སུ་ཡོད། དེས་རིན་ཆེན་ཕྲེང་བར། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བྱ་བ་གསུངས་པར་ལགས་གསུངས་པས། ནང་ན་རྟོགས་པ་ཁྱད་པར་ཅན་ཡོད་པར་མཁྱེན་ཏེ་དགེ་བའི་བཤེས་གཉེན་དུ་བསྟེན་པ་ལྟར་དགོས་པ་ལགས་སོ། །




གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྟོང་སྐོར་ཀུན་རིག་མཚོ་ནས། སྤེལ་དུས:2016/7/11
བརྗོད་བྱ་འབུར་ཏུ་ཐོན་ལ། རྗོད་བྱེད་གནད་དུ་འཁེལ་བས་མཁོ་གལ་ཧ་ཅང་ཆེ། ཐུགས་རྗེ་གནང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41968564
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1