ས་སྐྱ་ལེགས་བཤད། ༼༩༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༩༽
ས་སྐྱ་ལེགས་བཤད། ༼༩༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/7/29ལྟ་ཀློག (3252)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༩༽

ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །

མ་བསྡུས་པར་ཡང་རང་ཉིད་འདུ། །

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །

བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །

        རང་དང་གཞན་ལ་ཕན་སེམས་དང་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ་ཞིག་ཡིན་ན། གྲོགས་དང་འཁོར་རང་བཞིན་གྱིས་འདུ་བར་བསྟན་པ་དེ་ཡིན།

        དེ་ཡང་རང་ལ་གཞན་ཕན་གྱི་ལྷག་བསམ་ཁྱད་པར་ཅན་དང་ལྡན་ཞིང་། གཞན་དོན་བསྒྲུབ་པའི་ཐབས་ལ་མཁས་པའི་ཡོན་ཏན་དང་ལྡན་ན། ཡོན་ཏན་དོན་གཉེར་གྱི་སྐྱེ་བོ་ཀུན་མ་བསྡུས་པར་ཡང་རང་ཉིད་ངང་གིས་འདུ་བ་ཡིན་ཏེ། དཔེར་ན། དྲི་བཟང་དང་ལྡན་པའི་མེ་ཏོག་རྒྱང་རིང་དུ་གནས་ཀྱང་། དྲི་ཞིམ་དོན་དུ་གཉེར་བའི་བུང་བའི་ཚོགས་རྣམས་ད་ལྟ་མེད་ཀྱང་ད་ལྟ་འབྱུང་བ་སྤྲིན་གྱི་ཚོགས་བཞིན་དུ་འཁོར་བ་བཞིན། ཞེས་པའོ། །

        རང་ལ་མཁྱེན་བརྩེ་ནུས་པའི་ཡོན་ཏན་དང་ལྡན་ན། སློབ་འཁོར་དྲི་བཟང་ལྡན་པའི་མེ་ཏོག་ལ་བུང་བ་ལྟར་འཁོར་བའི་ཚུལ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས། བདེར་གཤེགས་བསྟན་པ་གངས་རིའི་སུལ་ན་གནས། །གཞུང་ལུགས་འབུམ་ཕྲག་རལ་པའི་ཁུར་གྱིས་བརྗིད། །རིགས་པའི་མཆེ་སྡེར་མི་ཟད་སྟོབས་ལྡན་པ། །མཁས་མཆོག་གདོང་ལྔའི་དབང་པོ་ཁོ་བོ་ཙམ། །ཞེས་གསུངས་པ་ལྟར་རང་ཉིད་མཁས་པའི་རྩེར་སོན་པ་ཞིག་ཡིན་པས། བདག་ཉིད་ཆེན་པོ་འདི་ལ་རྒྱུད་འཛིན་གྱི་སློབ་མ་ནུབ་ཛ་ལན་བྷ་ར་ནས་ཤར་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དུ་ཁྱབ་པར་བཞུགས་པས། མཐའ་དག་བགྲང་བར་སུ་ཡིས་ནུས། ཞེས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུངས་པ་ལྟར་རོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
86xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41978052
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1