ས་སྐྱ་ལེགས་བཤད། ༼༡༦༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༡༦༽
ས་སྐྱ་ལེགས་བཤད། ༼༡༦༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/9/18ལྟ་ཀློག (2914)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༡༦༽

བློ་གྲོས་ལྡན་པ་གཉིས་བགྲོས་ན། །

བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །

ཡུང་བ་དང་ནི་ཚ་ལ་ལས། །

ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། །

          བློ་གྲོས་དང་ལྡན་པ་གཉིས་ང་རྒྱལ་མེད་པའི་ཐོག་ནས་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་པ་ཡིན་ན། སྔོན་མེད་ཀྱི་བློ་གྲོས་ཁྱད་པར་ཅན་འབྱུང་བར་བསྟན་པ་དེ་ཡིན། །


          དེ་ཡང་རྣམ་དཔྱོད་དང་ལྡན་ཞིང་བློ་གཟུ་བོར་གནས་པ་གཉིས་ཕན་ཚུན་བགྲོས་ན་སྟེ། འདྲི་བརྩད་གླེང་མོལ་བྱས་པ་ན་སྔོན་མེད་པའི་བློ་གྲོས་ལེགས་པ་གཞན་འབྱུང་སྲིད་དེ། དཔེར་ན། ཡུང་བ་སྟེ་སྒ་སེར་དང་ཚ་ལ་ལས་སྔར་མེད་ཀྱི་ཁ་དོག་བཟང་པོ་གཞན་ཞིག་བྱུང་བ་བཞིན་ནོ། ཞེས་པའོ། །


          སྔར་ལུང་པ་ཞིག་ན་རྡོ་བཟོའི་ལག་རྩལ་མཆོག་ཏུ་གྱུར་ལ། ཤིང་བཟོའི་ལག་རྩལ་དེ་ཙམ་རང་མེད་པ་ཞིག་དང་། ཤིང་བཟོའི་ལག་རྩལ་མཆོག་ཏུ་གྱུར་ལ། རྡོ་བཟོའི་ལག་རྩལ་དེ་ཙམ་རང་མེད་པ་གཉིས་ཡོད་པ་ལ། ཕན་ཚུན་ལེགས་ཆ་ལེན་རེས་མི་བྱེད་པར་ཁེར་རྐྱང་དུ་ཨར་ལས་ཁང་པ་བཟོ་སྐྲུན་གྱི་ལས་ཀ་བྱེད་བཞིན་ཡོད་པ་ན། སྐྱེ་བོ་འགའ་ཞིག་གིས་ངའི་ཁང་པ་རྡོ་བཟོ་ལེགས་ཀྱང་ཤིང་བཟོ་མི་ལེགས་ཞེས་དང་། ལ་ལས་ངའི་ཁང་པ་ཤིང་བཟོ་ལེགས་ཀྱང་རྡོ་བཟོ་མི་ལེགས། ཞེས་ལབ་གླེང་མང་དུ་བྱུང་བ་ཁོ་གཉིས་ཀྱིས་ཐོས་པས། ཕན་ཚུན་མཉམ་དུ་འཚོགས་ནས་ལེགས་ཆ་ལེན་རེས་ཀྱི་བགྲོ་གླེང་བྱས་པས། ཁང་པ་བཟོ་སྐྲུན་གྱི་ལག་རྩལ་སྔར་མེད་ཕུལ་དུ་བྱུང་བས། རང་གཞན་གཉིས་ཀའི་དོན་གྲུབ་པ་བཞིན་ནོ། ཞེས་པའོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
20r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41461024
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1