ས་སྐྱ་ལེགས་བཤད། ༼༡༨༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༡༨༽
ས་སྐྱ་ལེགས་བཤད། ༼༡༨༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/10/20ལྟ་ཀློག (2425)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ས་སྐྱ་ལེགས་བཤད། ༼༡༨༽

ཐབས་ལ་མཁས་ན་ཆེན་པོ་ཡང་། །

བྲན་དུ་བཀོལ་བར་ག་ལ་དཀའ། །

མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། །

གོས་སེར་ཅན་གྱི་བཞོན་པར་འགྱུར། །

          བྱ་བ་བསྒྲུབ་པའི་ཐབས་མཁས་དང་ལྡན་ན་ཆུང་ངུར་མ་ཟད། སྟོབས་ལྡན་ཆེན་པོའང་དབང་དུ་བསྡུ་ནུས་པས་ཐབས་མཁས་དང་ལྡན་པར་བྱ་དགོས་པ་དེ་བསྟན་པ་ཡིན། །

          གང་ལ་གང་འདུལ་གྱི་ཐབས་མཁས་དང་ལྡན་ན་སྟོབས་ཆུང་ཆུང་སྨོས་ཅི་དགོས་ཏེ། སྟོབས་ལྡན་ཆེན་པོ་ཡང་རང་འདོད་ལྟར་བྲན་དུ་བཀོལ་བར་ག་ལ་དཀའ་སྟེ་དཀའ་བ་མེད་དེ། དཔེར་ན། ནམ་མཁའ་ལྡིང་སྟེ་བྱ་ཁྱུང་རྒོད་རྒྱལ་པོ་འཐབ་པའི་མཐུ་རྩལ་དང་ལྡན་ན་ཡང་། གོས་སེར་ཅན་ཏེ་ཁྱབ་འཇུག་གིས་ཐབས་ལ་བརྟེན་ནས་དེའི་བཞོན་པར་གྱུར་པ་བཞིན་ནོ། ཞེས་པའོ། །

          དེ་ཡང་སྔོན་བྱ་ཁྱུང་དང་ཁྱབ་འཇུག་འཐབ་པ་ལས་ཁྱབ་འཇུག་གིས་བྱ་ཁྱུང་གི་འཐབ་ཟླ་མ་ནུས་པས། ཐབས་ཀྱིས་བསླུ་བར་བསམས་ཏེ། ཁྱབ་འཇུག་གིས། ཁྱོད་ཀྱི་ཕ་རོལ་གནོན་པའི་མཐུ་རྩལ་ལ། །ཁོ་བོ་མགུ་བས་ད་ནི་མི་འཐབ་ཀྱི། །ཁྱོད་ཀྱིས་ང་ལ་ཅི་འདོད་པའི་དངོས་གྲུབ་སློངས་ཤིག་སྦྱིན་ནོ་བྱས་པས། མཁའ་ལྡིང་ང་རྒྱལ་ཆེ་བས། ཀྭ་ཡེ། སྟོབས་དང་ལྡན་པས་སྟོབས་དམན་ལ་དངོས་གྲུབ་སློང་བ་ག་ལ་སྲིད། ང་ལ་སློངས་ཤིག   ངས་སྦྱིན་ནོ་ཞེས་སྨྲས། ཁྱབ་འཇུག་གིས་ངས་སྦྱིན་ཞེས་ལན་གསུམ་སྨྲས་ཀྱང་། ཁོས་ངས་སྦྱིན་ནོ་ཞེས་མཐའ་བསྐྱལ་ཏེ་སྨྲས་པས། ཁྱབ་འཇུག་གིས་དེ་ལྟར་ན། ཁྱོད་ཤིག་ཏུ་མགྱོགས་ལ་མཐུ་རྩལ་ཆེ་བར་འདུག་པས། ཁོ་བོ་ཕྲག་ཏུ་ཁྱེར་ལ་འཇིག་རྟེན་ལ་སྐོར་བ་གྱིས་ཤིག་ཅེས་སྨྲས་པས། ཁོས་སྨྲས་པ་ལྟར་དེང་སང་གི་བར་དུ་ཡང་མཁའ་ལྡིང་ཁྱབ་འཇུག་གི་བཞོན་པར་གྱུར་ཏོ། ཞེས་གྲགས་པ་བཞིན་ནོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41454295
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1