ས་སྐྱ་ལེགས་བཤད། ༼༢༠༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༢༠༽
ས་སྐྱ་ལེགས་བཤད། ༼༢༠༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/10/22ལྟ་ཀློག (2410)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༢༠༽

དཔའ་ཞིང་མཐུ་རྩལ་ཆེ་ན་ཡང་། །

མཁས་པ་མིན་པས་དཔའ་མི་ཐོབ། །

འབྱོར་བ་ཐོབ་པར་གྱུར་ན་ཡང་། །

བསོད་ནམས་མེད་ན་ག་ལ་རྟག།།

         ཐབས་ལ་མཁས་པ་དང་མི་ལྡན་ན། དཔའ་རྩལ་ཇི་ལྟར་ཆེ་ཡང་འཐབ་ཟླའི་དབང་དུ་གྱུར་ཏེ་དཔའ་བའི་མིང་མི་འཐོབ་པ་དེ་བསྟན་པའོ། །

         དཔའ་ཞིང་སྟེ་མི་ཞུམ་པའི་བློ་རྩ་བརྟན་ཞིང་དགྲ་འཐབ་ཀྱི་མཐུ་རྩལ་ནུས་པ་ཤིན་ཏུ་ཆེ་ན་ཡང་། དཔའ་རྩལ་དེ་སྤྱོད་པའི་ཐབས་ལ་མཁས་པ་མིན་པས། དཔའ་བའི་མིང་དོན་མི་འཐོབ་སྟེ། དཔེར་ན། ནོར་ལོངས་སྤྱོད་སོགས་འབྱོར་པ་ཐོབ་པར་གྱུར་ན་ཡང་། བསོད་ནམས་མེད་ན་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་ག་ལ་རྟག་སྟེ་མི་བརྟན་པ་བཞིན་ནོ། ཞེས་པའོ། །

         དེ་ཡང་སྔོན་ལུང་པ་ཞིག་ན། དཔའ་མཐུ་རྩལ་འགྲན་ཟླ་དང་བྲལ་བའི་དཔའ་བོ་ཞིག་ཡོད་པས། ཁོས་བརྙས་བཅོས་ཇི་ལྟར་བྱས་ཀྱང་བཟོད་བསྲན་བྱས་ནས་སྡོད་པ་ལས་འཐབ་པའི་རྩལ་མེད་པར་གྱུར། དེ་ནས་སྐྱེ་བོ་བློ་གྲོས་དང་ལྡན་པ་ཞིག་ཡོད་པ་དེས། ཁོ་དཔའ་རྩལ་དང་ལྡན་ཡང་ཐབས་ལ་མི་མཁས་པས། ཐབས་ཀྱིས་གདུལ་དགོས་ཟེར་བས། ཐབས་ཇི་ལྟར་ཡོད་ཅེས་སྨྲས་པས། ས་དོང་གཏིང་རིང་ཞིག་དྲུས་ཏེ། དེའི་ཁ་བཀབ་སྟེ་མི་མངོན་པར་བྱས་ཏེ། ཁོ་དེར་ཚུད་ཐབས་བྱ་དགོས་ཞེས་བརྗོད་པས། ཁོ་ཚོས་ས་དོང་བཟོས་ཟིན་པ་དང།་ ཁོ་ལ་ཚིག་ངན་བརྗོད་དེ་ས་དོང་དེ་ཕྱོགས་སུ་བྲོས་ཕྱིན་པས། ཁོས་རྗེས་འདེད་བཏང་བས་ཁོ་པ་ས་དོང་ནང་ལྷུངས་ཏེ། ཀུན་དེར་འདུས་ཏེ་ཁོ་སྲོག་དང་ཕྲལ་བ་བཞིན་ནོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc5i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྦྲ་སར་ཚེ་རིང་བསམ་འགྲུབ། སྤེལ་དུས:2016/10/2
ནམ་རྒྱུན་ཁྱེད་བཀའ་དྲིན་ཆེའོ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41458110
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1