གསེར་གྱིས་འཐག་པའི་ཁ​་བཏགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཚོང་ལས་འོས་སྦྱོར། »གསེར་གྱིས་འཐག་པའི་ཁ​་བཏགས།
གསེར་གྱིས་འཐག་པའི་ཁ​་བཏགས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/10/24ལྟ་ཀློག (24258)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསེར་གྱིས་འཐག་པའི་ཁ་བཏགས།

རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།

       ལོ་བརྒྱད་ཀྱི་སྔོན་དུ་ང་ས་ཆ་འདིར་(ཆུ་དམར་ལེབ་རྫོང།)ཡོང་དུས་ས་ཆ་འདི་ཀའི་མི་ཚང་མ་རྟ་རྒྱུག་ལ་ཧ་ཅང་དགའ། སྐབས་དེར་སྦྱིན་བདག་ཅིག་གི་རྟ་ར་རྫོང་ཡོངས་ལ་སྐད་གྲགས་འདུག   ནམ་ཡིན་ཡང་སྦྱིན་བདག་དེ་ཚང་གི་རྟ་ཡོད་ན་རྟ་བདག་གཞན་ལ་ཨང་དང་པོ་ཐོབ་རྒྱུའི་གོ་སྐབས་མེད་པ་ཐག་གིས་ཆོད་པ་རྟ་བུར་འདུག
        སྐབས་དེར་ནམ་རྒྱུན་ཁོམ་དྲག་ནས་ཉི་མ་མི་ཆོད་དུས་རང་རྫོང་གི་བུ་འདི་རྒོད་བུ་མོ་འདི་ཡག་སོགས་ཀྱི་གླེང་མོལ་བྱེད་རྒྱུར་ཧ་ཅང་དགའ།  ཡིན་ནའང་ནམ་ཡིན་ཡང་བརྗོད་བྱ་ཚང་མ་ཕལ་ཆེར་སྦྱིན་བདག་དེ་དང་དེའི་སྤུན་གཞན་གཉིས་ལས་གཞན་ཕལ་ཆེར་དཀོན།   གཅིག་གིས་སྤུན་འབྲིང་བ་དཔའ་ཡོད་ནི་རེད།    ད་དུང་ང་ཚོའི་སློབ་གྲྭར་སློབ་སྦྱོང་གཟེངས་དངུལ་སྦྱིན་བཞིན་ཡོད་ཟེར།    ཡང་གཅིག་གིས་སྤུན་ཆུང་བ་དཔའ་ཡོད་ལ་རིག་པའང་བརྣོ།   ཟི་ལིང་ནས་རླངས་འཁོར་བརྐུས་ཏེ་གྲོས་འོང་དུས་འགྲིམ་འགྲུལ་ཉན་དོགས་པས་རླངས་འཁོར་གྱི་ཁ་དོག་ཀྱང་ཤེས་མི་འདུག་ཟེར་བཅས་བཤད།    དེ་ནས་མུ་མེད་པའི་ལབ་ཀྱི་རྒྱལ་ཁམས་ནས་ཡུན་རིང་བར་སྤུན་འབྲིང་བ་དང་སྤུན་ཆུང་བའི་དཔའ་བོའི་ལོ་རྒྱུས་ལ་འགོ་འཁོར་འགྲོ། ཡིན་ནའང་ཆེས་མཇུག་མཐར་སྤུན་འབྲིང་བས་ལས་ཀ་བར་གླ་མ་བྱིན་ཚུལ་དང་སྤུན་ཆུང་བས་ཅ་ལག་གང་འདོད་དུ་ཁྱེར་ནས་རིན་མ་སྤྲད་ཚུལ་གྱིས་མཇུག་བསྡུ་ཞིང་།    ཚང་མའི་སེམས་ལ་རང་ལ་དེ་འདྲའི་འཇོན་ནུས་ཤིག་ཡོད་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་གྱི་བློ་ཞིག་གིས་གཉིད་ཀྱི་བདེ་བར་རོལ་འགྲོ།
       སྐབས་དེའི་ང་ཚོའི་ཡིད་སྨོན་གྱི་ཡུལ་དང་གཏམ་གླེང་གི་གཞི་ནི་སྤུན་འབྲིང་བ་དང་ཆུང་བ་ལས་སྤུན་ཆེ་བར་དོ་སྣང་དེ་འདྲ་མེད།    ཕྱིས་སུ་རྒན་རབས་པ་འགས་ལབ་གླེང་གི་ཁྲོད་ལས་རྟ་འདི་བཟང་དང་གན་བཟང་བཤད་པའི་སྐབས་ཤིག་ལ་སྤུན་ཆེ་བའི་སྐོར་གྱི་སྐད་ཆ་ཕྲན་བུ་ཐོས།    དེ་ནས་བཟུང་ཁོ་བོ་ལོ་ཡི་འཁོར་མོ་བརྒྱད་ཙམ་ལ་སྤུན་གང་གི་སྐོར་ནས་ཅང་བཤད་མི་སྲིད་པའི་ས་མཐར་འགྲིམས།
       ན་ནིང་སྔར་ཕ་ཡུལ་དུ་སྲི་ཞུ་སྒྲུབ་རྒྱུའི་སྐད་ཆ་དང་དམ་བཅའ་འཇོག་མྱོང་བའི་གྲོགས་པོ་འགའ་དང་མཉམ་དུ་ཟས་ཆང་ལ་རོལ་སྐབས་བློ་བུར་དུ་སྤུན་ཆེ་བའི་སྐོར་ནས་སྐད་ཆ་འགའ་བཤད་བྱུང་། ཡིན་ནའང་དེ་ལ་དོ་ཁུལ་ཆེར་མ་བྱས། རྒྱུ་མཚན་དེ་ནི་ཆུང་དུས་བཤད་ཟིན་པ་ཤ་སྟག་ཡིན་པས་ད་རང་རང་སོ་སོ་ས་ཆ་གཞན་ལ་འགྲིམ་ཚུལ་གྱི་སྐོར་ནས་ལབ་རྒྱབ་ན་སྤྲོ་བོ་རེད་སྙམས།
       ད་ལོ་གྲོགས་འགའི་རེ་བ་ལྟར་སློབ་གྲྭ་ལས་འབྱོར་མ་ཐག་རང་རྫོང་ལ་སོང་བ་ཡིན།   སྐབས་དེར་ཏག་ཏག་སྟབས་ལེགས་པ་ཞིག་ལ་བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་བགྲོ་གླེང་སྐབས་གསུམ་པར་ཞུགས་ཐུབ་སོང་། སྐབས་དེར་བྱ་འགུལ་གཙོ་སྐྱོང་བ་མྱུ་གུ་ཚོགས་པའི་གྲོགས་པོ་དག་གི་རེ་བ་ལྟར་ཚོགས་འདིའི་དྲུང་ཡིག་གམ་གསུང་བཤད་ཟིན་ཕབས་ཀྱི་འགན་ཁོ་བོས་ཁུར་བའི་འཆོས་བྱས་པ་ཡིན།
        ཉིན་དེ་ནས་བཟུང་སྤུན་ཆེ་བ་དངོས་སུ་མཇལ་ཞིང་རྒྱུས་ལོན་དང་དོ་སྣང་བྱས་པ་ཡིན། ཕྱིས་སུ་སྟེས་དབང་གིས་ཁོང་དང་བྱ་བ་ཕྲན་ཙག་རེ་སྒྲུབ་རྒྱུ་བྱས་པ་ཡིན་ལ། ལབ་གླེང་དང་བསམ་བློ་བརྗེ་རེས་ཀྱང་གང་མང་བྱས།
        ཕྱིས་སུ་ངོ་ཤེས་པའི་ཁོ་ནི་རྒྱུན་ཆད་ལ་ཉེ་བའི་བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་བགྲོ་གླེང་གི་འགྲོ་སོང་ཡོངས་རྫོགས་བཏང་བའི་སྦྱིན་བདག་ཤེས་རབ་ཅན་ཞིག་དང་། རང་གི་ཁྱིམ་མི་དག་གི་རུས་མིང་ཙམ་ཡང་བྲི་བར་དཀའ་ཁག་ཡོད་པའི་ཕྱུག་པོ་ཡིག་རྨོངས་པ་ཞིག    སྤྲང་བོ་དང་དྭ་ཕྲུག་དག་ལ་སྦྱིན་པ་བཏང་བ་དངུལ་སྒོར་ས་ཡ་ལྔ་ལས་འདའ་བའི་སྦྱིན་བདག་སྙིང་རྗེ་ཅན་ཞིག བོད་ཀྱི་མ་འོངས་པ་དང་ས་གནས་ཀྱི་མ་འོངས་པའི་སླད་དུ་སློབ་ཆེན་གང་མང་ལ་མ་དངུལ་དང་དངོས་རྫས་ཀྱི་རོགས་སྐྱོར་གནང་དེ། སློབ་ཆེན་པ་རེ་རེ་ལ་ཁེ་ལས་ཀྱི་ལམ་ཁ་བདེ་མོ་རེ་འབྱེད་མཁན་གྱི་སྦྱིན་བདག་ལྷག་བསམ་ཅན་ཞིག རྒྱ་བོད་དབྱེར་མེད་དུ་ཉམས་ཆུང་ལ་རོགས་རམས་དང་སྐྱ་སེར་རེས་མེད་དུ་ཤེས་ཡོན་པ་ལ་མཐོང་ཆེན་བྱེད་མཁན་གྱི་སྦྱིན་བདག་དྲང་བདེན་ཅན་ཞིག་བཅས་རེད། དེ་བས་ཁོང་ནི་དངོས་གནས་བསོད་ནམས་ཀྱིས་བསགས་པའི་གསེར་གྱི་སྐུད་པ་ལྷག་བསམ་གྱི་ཁ་བཏགས་སུ་བསླས་པ་ཞིག་རེད།
        འོ་རེད། དེ་ལྟ་བུའི་འབྲོག་མི་ཁེ་ལས་པ་ངོ་མཚར་ཅན་ཁོང་གི་མཚན་ལ་བློ་བརྩོན་འགྲུས་སུ་འབོད་དོ། །

2016.9.9ཉིན་ཆུ་དམར་ལེབ་རྫོང་དུ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཇ་ཚེ། སྤེལ་དུས:2016/10/2
ཁ་བའི་ཕོ་རྒོད་བློ་བཟང་བརྩོན་འགྲུས་ཁོང་ངོ་སོ་བསྟོད། ཁོང་གི་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།
 སྤེལ་མཁན: ཇ་ཚེ། སྤེལ་དུས:2016/10/2
ཁ་བའི་ཕོ་རྒོད་བློ་བཟང་བརྩོན་འགྲུས་ཁོང་ངོ་སོ་བསྟོད། ཁོང་གི་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།
 སྤེལ་མཁན: ཇ་ཚེ། སྤེལ་དུས:2016/10/2
ཁ་བའི་ཕོ་རྒོད་བློ་བཟང་བརྩོན་འགྲུས་ཁོང་ངོ་སོ་བསྟོད། ཁོང་གི་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41126215
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1