ཁམས་གསེར་ཐིག་གི་བསྒྱུར་རྩོམ་གཉིས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཁམས་གསེར་ཐིག་གི་བསྒྱུར་རྩོམ་གཉིས།
ཁམས་གསེར་ཐིག་གི་བསྒྱུར་རྩོམ་གཉིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/10/26ལྟ་ཀློག (2148)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དུར་ཁྲོད། 
         བྷོ་ཀྲིལ།

གལ་ཏེ
སྐྱོ་གདུང་གིས་མནར་བའི་མཚན་སྨད་ཅིག་ལ
སྙིང་རྗེ་བའི་ཡེ་ཤུའི་ཆོས་པ་ཞིག
བྱམས་བརྩེའི་ངང་ཁྱེད་ཀྱི་ཉེ་སར་བཅར་ཏེ
མི་ཚོགས་ཀྱིས་བསྔགས་བརྗོད་བླ་མེད་ཕུལ་མྱོང་བའི་ཁྱེད་ཀྱི་བེམ་པོ
གྱོང་རོ་གང་གི་རྒྱབ་ཏུ་སྦས

སྐབས་དེར
དུག་སྤྲུལ་གྱིས་ཡུལ་དེར་ཚང་བཅས
སྡོམ་ནག་གིས་ས་དེར་གནས་བཟུང
དྭངས་གཙང་ངང་འཚེར་བའི་སྐར་ཚོགས་ཀྱིས་ཀྱང
གཉིད་འཐིམ་པའི་མིག་ཟུང་རྗིད་ཏིག་གེར་མར་ལ་སྒྲིབ

ས་ཆེན་གྱིས་ཁྱོད་ཀྱི་མགོ་བོ་དམ་དུ་བཏགས་པ་ནས་བཟུང
ཁྱོད་ཀྱིས་ནམ་རྒྱུན་སྤྱང་ཚོགས་དང་འདྲེ་མོ་དེ་དག་གི་ངུ་སྐད་ཐོས་སྲིད་ཅིང
འདྲེ་རྒན་རྒས་འཁོགས་དེ་དག་གི་ཆགས་གཏམ་དང
རྐུན་མ་བསམ་ནག་དེ་དག་གིས་འཆར་གཞི་འཐེན་པ་ཡང་ཚོར་ཐུབ


མི་རྟག་པ་ཞིག་གི་གསོལ་འདེབ།
                    བྷོ་ཀྲིལ།

ཀྱེ་ཀྱེ
དྲག་ཏུ་འབར་བའི་མེ་དཔུང་དེ་ཁྱེད་ཀྱིས་གཉོམ་པར་མ་གཞོམ་དང
མེ་ལྕེ་དེས་བདག་གི་སྤྲིད་འཐོམ་གྱི་སྙིང་ཤ་ལ་དྲོད་ཁོལ་སྦྱིན་པར་ཞུ
དགའ་སྤྲོ་བསྐྱེད་དང
སེམས་གཅོང་གིས་མནར་བའི་རྣམ་གཤིས་ཨང
ལྷ་མོ་ལགས
ཏོག་ཙམ་བདག་ལ་གསན་རོགས་མཛོད

ང་ཚོའི་སེམས་སུ་ལྐོག་གྱུར་ངང་འབར་བའི་མེ་ལྕེ་སྟེ
ཉམ་ཐག་གི་རྣམ་ཤེས་དེའི་འདོད་པ་སྐོངས་ཤིག
ལྷ་མོ་ལགས
ཁོས་ཁྱེད་ལ་འགྱུར་མེད་ཀྱི་བསྟོད་ཚིག་གསོལ་གྱིན་འདུག་ཨང

ཁྱེད་རང་བདག་གི་གཏན་གྱི་འདུན་མར་གྱུར་བར་ཤོག
ཤ་དང་བྱ་སྒྲོ་ཡིས་བཟོས་བའི་གདོང་འབག་དེ་གསོལ་དང
ཡང་ན
གཟུགས་མེད་ཀྱི་ཆང་ཕོར་དེའི་ནང་ནས
ང་རང་བཟི་བར་བྱོས་ཤིག

དགའ་སྤྲོ  
སྣང་བས་མི་ཟིན་པའི་འཕྲུལ་གཟུགས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མེ་ཏོག་མ། སྤེལ་དུས:2016/10/2
ཁྱད་ཆོས་ལྡན་པའི་རྩོམ་གཤིས། སྡེབ་ལེགས་འགྲིག་པའི་སྒྱུར་རྩལ།
 སྤེལ་མཁན: སེའུ། སྤེལ་དུས:2016/10/2
ཡར་སྔོན་ནས་ཁོང་གིས་ལོ་ཙཱ་བྱས་པའི་དཔེ་དེབ་རིག་མྱོང་། འདི་ཡང་རབ་ཏུ་ཡག་གོ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41591836
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1