བྲག་དཀར་སྤྲེལ་རྫོང་དགོན་པའི་ལོ་གཅིག་གི་ཁོར་ཡུག་སྲུང་སྐྱོབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »བྲག་དཀར་སྤྲེལ་རྫོང་དགོན་པའི་ལོ་གཅིག་གི་ཁོར་ཡུག་སྲུང་སྐྱོབ།
བྲག་དཀར་སྤྲེལ་རྫོང་དགོན་པའི་ལོ་གཅིག་གི་ཁོར་ཡུག་སྲུང་སྐྱོབ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/18ལྟ་ཀློག (36801)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བྲག་དཀར་སྤྲེལ་རྫོང་དགོན་པའི་ལོ་གཅིག་གི་ཁོར་ཡུག་སྲུང་སྐྱོབ།

གསར་འགོད་པ།  གཡུ་ཨ་གར།

          ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ཏུ་མཚོ་ལྷོའི་བྲག་དཀར་སྤྲེལ་རྫོང་དགོན་པའི་དམངས་གཙོ་དོ་དམ་ཁང་གསར་འཛུགས་གནང་བ་ནས་བཟུང་། དགོན་པའི་ཕྱི་ནང་གི་ཕྱོགས་ཡོངས་ལ་བཅོས་བསྒྱུར་ལེགས་སྒྲིག་གནང་ཞིང་ཚགས་དམ་པའི་སྒོ་ནས་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་སྣོད་བཅུད་ལ་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ་ཐེངས་དང་བོ་དེ་གཞི་རྒྱ་ཆེ་བའི་སྒོ་ནས་སྤེལ་ཞིང་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས། དད་ལྡན་མང་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ། དེ་ནས་ཉིན་འགའ་འགོར་རྗེས་སྤྲེལ་ལོའི་གནས་མཇལ་ལ་ཐོན་པ་དང་བསྟུན་ཏེ། མི་ཚོགས་ཀྱིས་འཚང་ཁའང་ཤུགས་ཆེ་རུ་གྱུར་བ་དང་མཉམ་དུ་གད་སྙིགས་ཀྱི་ཕུང་བོ་ཡང་རིམ་པར་འཕེལ་བས། དགོན་པའི་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་ལ་དམངས་གཙོ་དོ་དམ་ཁང་གིས་དབུ་ཁྲིད་མཛད་དེ་གཟའ་འཁོར་རེ་ལ་གད་སྙིགས་གཙང་ཕྱགས་བྱས་པ་དང་། བྲག་ཐོག་དང་ཤུག་སྡོང་མགོར་ཁ་བཏགས་སོགས་བཏགས་ཡོད་པ་དག་གཅིག་འཐུ་གཉིས་འཐུ་བྱས་ཏེ་གཙང་སྦྲ་བྱས་ཀྱང་། ཕྱོགས་ཡོངས་ཀྱི་མཇལ་བའི་འཕེལ་རིམ་ཧ་ཅང་མང་བས་མི་ཚོགས་ཀྱི་འདུ་འགོད་སྤྲིན་པ་ལྟར་འཐིབ་པས་དགོན་པའི་གྲྭ་ཚང་ཙམ་གྱིས་གད་སྙིགས་དེ་བདག་བྱས་ཀྱང་ཁ་མ་ཐོན་པས་ཐག་ཉེ་རིང་གི་དད་ལྡན་མང་ཚོགས་དང་ཚོགས་པ་སོ་སོས་ཧོར་ཟླ་གསུམ་པ་ནས་ད་བར་དུ་ཐེངས་བརྒྱ་ལྷག་ལ་གད་སྙིགས་གཙང་ཕྱགས་དང་གནས་རི་སྲུང་སྐྱོབ་བྱས་ནའང་ད་དུང་ཁ་མི་ཐོན་པའི་གནས་སུ་ལྷུང་ཡོད། འདི་ལྟར་གནས་རིའི་མཐའ་འཁོར་གྱི་གད་སྙིགས་ལ་འཛད་མཐའ་མེད་པའི་རྒྱུ་མཚན་གཙོ་བོ་དེ། ཕྱོགས་གཅིག་ནས་བཤད་ན་མཇལ་བའི་འཕེལ་རིམ་ཧ་ཅང་མང་དྲགས་པས་ཡིན་ལ། ད་ལོའི་དབྱར་ཁར་དགོན་པར་གནས་མཇལ་ལ་ཡོང་བའི་གྲངས་ཀ་ཆ་སྙོམ་ཉིན་རེར་མི་ཁྲི་གཉིས་20000རེ་ཡོང་གིན་ཡོད་པས་དེ་དག་གིས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་ཧ་ཅང་ཞན་སྟབས་འགྲོ་ཞོར་དུ་ཟས་སྙིགས་དང་སྐོམ་ཆུའི་ཤུབ་ཐོ་གང་སར་གཡུག་པས་མཐའ་འཁོར་གྱི་ཟ་ཁང་དང་ཚོང་ཁང་ཚོ་ལ་ཡང་ཐབས་ཟད་དེ་སྡུག་སྨྲེ་གང་མང་འདོན་བཞིན་ཡོད། ཕྱོགས་གཉིས་ས་གནས་འདི་མཐོ་སྒང་ཡིན་པས་གྲོང་ཁྱེར་ལྟར་གད་སྙིགས་འཕོ་སའི་སྒམ་ཆེན་པོ་འཇོག་པར་སྟབས་བདེ་མིན་པས་ཡིན། འོན་ཀྱང་མི་རེ་རེས་རང་གི་གད་སྙིགས་རང་གིས་ཉར་བ་ཡིན་ན་འདི་འདྲའི་དཀའ་ཁག་གཏན་ནས་ཡོད་མི་སྲིད། གནས་ཚུལ་འདི་ལ་ཞིབ་མདང་རེ་བརྒྱབས་ན། དགོན་པར་གནས་མཇལ་ལ་ཡོང་བའི་མི་མང་ཆེ་བ་བོད་མི་ཡིན་པས་བོད་མིའི་ཁོར་ཡུག་ལ་བཅངས་པའི་སེམས་ཤུགས་དེ་ག་འདྲ་ཞིག་ཆགས་འདུག་གམ། ད་དུང་སྨན་རྩྭ་རྐོ་སྐབས་བྲག་དཀར་སྤྲེལ་རྫོང་གི་གནས་རིའི་སྟེང་དུ་སྨན་རྩྭ་གཅིག་ཀྱང་བརྐོས་མི་ཆོག་པའི་གསལ་བརྡ་རབ་དང་རིམ་པར་སྤེལ་ཀྱང་ཕན་མ་ཐོགས་པས། རྫོང་སྤྱི་བདེ་ལས་ཁུངས་དང་དགོན་པའི་དོ་དམ་ཁང་གིས་སྣེ་ཁྲིད་ནས་དགོན་པའི་གནས་རི་ཉིན་མཚན་དབྱེར་མེད་ངང་བཀག་ནའང་། མི་མང་བོ་ཞིག་མཛོ་ལྟོགས་རྩྭ་མཛོད་ནང་དུ་འཆོར་འཆོར་བྱེད་པར་མ་ཟད། ད་དུང་གྲྭ་བ་ཚོ་ལ་མངོན་ལྐོག་གཉིས་ཀ་ནས་ངན་སྨོས་སྣ་ཚོགས་བྱེད་བཞིན་ཡོད་ལ། དེ་ཡང་མང་ཆེ་བ་བོད་མི་རེད། དེ་ལྟར་ན་ང་ཚོ་དད་འདུན་གྱི་སྤོབས་པ་གང་དུ་ཡལ། མཉམ་གནས་ཀྱི་གོམ་འགྲོས་གང་ལ་སོང་། གནས་ཚུལ་འདི་དང་བསྟུན་པ་བྱས་ཏེ་ཐག་ཉེ་རིང་གི་སྤུན་ཟླ་ཡོངས་ལ་རེ་བ་ཉག་གཅིག་ཡོད་པ་ནི། ཁྱོད་རང་མི་ཞིག་ཡིན་པས་ཆ་ནས་ས་གང་དུ་སོང་ཡང་ཡུལ་གང་དུ་བསྡད་ཀྱང་རང་གི་གད་སྙིགས་ལ་རང་གིས་བདག་བྱེད་རོགས། དེ་ལྟ་བུའི་འདུ་ཤེས་ཡང་དག་པ་ཞིག་ཆགས་དུས་ང་ཚོ་ལ་ཁོར་ཡུག་སྲུང་སྐྱོབ་པ་ཟེར་བའི་ལས་ཀ་བ་ཞིག་ལོགས་སུ་དགོས་དོན་མེད། ཁྱོད་རང་བོད་མི་ཞིག་ཡིན་པའི་ཆ་ནས་རང་གི་དད་འདུན་དེ་གཙིགས་སུ་འཛིན་རོགས། དེ་ལྟར་སོང་ན་ཁྱོད་འདི་ཕྱི་གང་ན་ཡང་ལམ་ཡག་པོ་ཞིག་ཡོད་ངེས། ལྷག་དོན་དུ་དགོན་པའི་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་བརྒྱུད་དེ་དགོན་པའི་ཉེ་འཁོར་ཙམ་མ་ཡིན་པར་ཕྱོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་རོགས་རམ་དང་སྐུལ་མ་གནང་འཆར་ཡོད།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 12 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བོད་ཁྲག སྤེལ་དུས:2016/11/1
ངོ་མ་བྱ་བ་རླབས་ཆེན་རེད།
 སྤེལ་མཁན: གཡུ་ཨ་གར། སྤེལ་དུས:2016/11/1
སྤྱིར་ན་ད་ལོར་སྤྲེལ་རྫོང་དགོན་པའི་གནས་རིའི་ཕྱི་ནང་ལ་བདག་གཉེར་བྱེད་མཁན། ཐག་ཉེ་རིང་གི་སྡེ་བ་དང་ཚོགས་པ་ཧ་ཅང་མང་བོ་ཡོད་མོད། གོང་དུ་རེ་རེ་བཞིན་ཡིག་ཏུ་བཀོད་མ་ཐུབ་པས་དགོངས་འགལ་མེད་པར་ཞུ།
 སྤེལ་མཁན: བོད། སྤེལ་དུས:2016/11/1
ཧ་ཅང་བཟང་གི བཀའ་དྲིན་ཆེ།
 སྤེལ་མཁན: དམེ་སྟག་སྲས སྤེལ་དུས:2016/11/1
ངོ་མ་བཟང་ཀི
 སྤེལ་མཁན: སྔགས་སའི་དར་རྒྱས། སྤེལ་དུས:2016/11/1
ཁོར་ཡུག་ནི་ང་ཚོ་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་ཡིན་པ་དང་།དེ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་ཡིན།བཀའ་དྲིན་ཆེ།
 སྤེལ་མཁན: hade སྤེལ་དུས:2016/11/1
དངོས་གནས་ཡག་པོ་འདུག སྐུ་དྲིན་ཆེ། [拳头][拳头]
 སྤེལ་མཁན: hade སྤེལ་དུས:2016/11/1
དངོས་གནས་ཡག་པོ་འདུག སྐུ་དྲིན་ཆེ། [拳头][拳头]
 སྤེལ་མཁན: hade སྤེལ་དུས:2016/11/1
དངོས་གནས་ཡག་པོ་འདུག སྐུ་དྲིན་ཆེ། [拳头][拳头]
 སྤེལ་མཁན: hade སྤེལ་དུས:2016/11/1
དངོས་གནས་ཡག་པོ་འདུག སྐུ་དྲིན་ཆེ། [拳头][拳头]
 སྤེལ་མཁན: hade སྤེལ་དུས:2016/11/1
དངོས་གནས་ཡག་པོ་འདུག སྐུ་དྲིན་ཆེ། [拳头][拳头]
  པར་ངོས 1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41120029
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1