གླུ་ཨ་ལ་ལ་མོ། ༼གཞས་མ་གཏམ།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གཞས་ར་ཁྲ་མོ། »གླུ་ཨ་ལ་ལ་མོ། ༼གཞས་མ་གཏམ།༽
གླུ་ཨ་ལ་ལ་མོ། ༼གཞས་མ་གཏམ།༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/12/17ལྟ་ཀློག (33110)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གླུ་ཨ་ལ་ལ་མོ།

ཚིག     རྒྱལ་མཚན།

དབྱངས།    བསོད་བཀྲ།

གཞས་པ།  བསོད་བཀྲ།  རྒྱལ་མཚན།


ཞས་ཚིག་མཁོ་སྤྲོད།

གླུ་ཨ་ལ་ལ་མོ།

ང་དང་ང་འདྲ་བའི་ཁོ་ཡི་ཁ་ནས་ཐོས་པའི་ཕུགས་བསམ་ཟེར་བ་ཞིག་གི་ཆེད་དུ་འབད་བརྩོན་བྱེད་བཞིན་པའི་ན་ཟླ་ཚོ།

ད་ནི་བླངས་བའི་གླུ་གཞས་འདི་ནི་ཁྱེད་དང་ང་ཡིི་ལང་ཚོའི་ཆེད། དགའ་མྱོང་། སྡུག་མྱོང་།མཐའ་ན་ངུ་ཡང་མྱོང་།

འོན་ཀྱང་སེམས་ནང་གི་ལམ་དེའི་ཆེད་དུ་ཡིད་སེམས་ཕམ་མ་མྱོང་། མགོ་བོ་སྒུར་མ་མྱོང་།

ཁོ་བོས་བཤད་རྒྱུར་ལྷམ་དེ་ཆེ་སོང་རྐང་བ་ཆུང་སོང་ཟེར་། ཁོ་མོས་བཤད་རྒྱུར་མཐོང་མི་ཐུབ་པའི་སང་ཉིན་ཞིག་ལ་རེ་སྒུག་མི་བྱེད་ཟེར།

ལོས་ཆོག ད་ནི་ང་རང་གཅིག་པུར་འགྲོ། ང་རང་འགྲོ་སྲིད་པའི་ལམ་དེ་ཁྱོད་ཀྱིས་དྲན་ཡང་མི་ནུས།

ང་རང་རྗེས་འདེད་པའི་བོང་བུ་ཞིག་དང་ཁ་ཉན་པའི་སྒོ་ཁྱི་ལྟར་དུ་འདུག་མི་སྲིད།

ང་རང་གཤོགས་པ་ཡོད་ཀྱང་གཟེབ་དུ་ཚུད་པའི་བྱིའུ་ལྟར་དུ་འདུག་མི་སྲིད།

ཨ་ཕའི་རེ་བ་བཅངས་པའི་སྐྱེས་བུ་དེའི་ཆེད་མགོ་བོ་ནམ་ཡང་བསྒུར་མི་སྲིད།

ཨ་ལ་ལ་མོ་ཟེར་ར་ཨ་ལ་ལེན།

ཐ་ལ་ལ་མོ་ཟེར་ར་ཐ་ལ་ལེན།

གླུ་ཨ་ལ་ལ་མོ་ཐ་ལ་ལེན།

འདི་ན་བཞུགས་པའི་བོད་པའི་སྤུན་ཟླ་དང་མིང་སྲིང་ཚོ། མིག་གིས་མདུན་ལ་ལྟོས་དང་ལག་པ་ཡར་ལ་ཁྱོགས།

བཤད་འདོད་པའི་སྐད་ཆ་དེ་དག་ཁྱེད་ཀྱིས་ཉོན་དང་ང་ཡིས་ལེན། ང་ཚོ་ནི་རིགས་རྒྱུད་གཅིག་ལས་ཆད་པའི་གདོང་རྒྱུད་ཡིན།

མེས་པོ་ཤུལ་བཞག་རྒྱུད་འཛིན་མཁན་དང་ཕ་མའི་མ་འོངས་བའི་རེ་བ་ཡིན། མེས་པོའི་ཤུལ་བཞག

ཕ་མའི་རེ་བ། དེ་དང་དེའི་ཆེད་མདུན་བསྐྱོད་ཀྱི་གོམ་པ་ནམ་ཡང་རྒྱུན་མ་ཆད། ཁོ་ནི་ཨ་མདོ་རེད། ང་ནི་ཁམས་པ་རེད།

མོ་ནི་དབུས་གཙང་རེད། མ་རེད་མ་རེད་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་པ་རེད།

ཤ་དང་ཁྲག་གི་འབྲེལ་བ་མེད་ཀྱང་མེས་པོ་གཅིག་གི་རྒྱུད་འཛིན་ཡིན། སེམས་པ་དང་སེམས་པ་སྦྲེལ་ནས། ལག་པ་དང་ལག་པ་འཇུས་ནས། མཐུན་སྒྲིལ་གྱི་ཨ་ལོང་ཆད་དུ་མ་འཇུག

ཞུམ་མེད་ཀྱི་སྤོབས་པ་ཉམས་གི་མ་འཇུག

ཨ་ལ་ལ་མོ་ཟེར་ར་ཨ་ལ་ལེན།

ཐ་ལ་ལ་མོ་ཟེར་ར་ཐ་ལ་ལེན།

གླུ་ཨ་ལ་ལ་མོ་ཐ་ལ་ལེན།

རྦབ་ཆུ་བཞིན་གྱི་ལང་ཚོའི་རྣམ་པ་དེ་ངས་མ་མཐོང་། དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་དེ་ངས་མ་མཐོང་།

ངས་ད་དུང་རང་ལ་བཤད་རྒྱུར་ངའི་ཨ་ཕའི་ཕོར་བ་གཙང་མ་ཡིན།མིན། ད་ནི་རང་ཉིད་ནས་འགོ་བརྩམས་དེ་ལམ་ལ་ཆས།ན་ཟླ་ཚོ་།

འོད་དུ་འཚེར་བའི་མེས་པོའི་གཟི་བརྗིད་ལེགས་པོར་གཅེས།རབ་ཏུ་མཛེས་པའི་ཤུལ་བཞག་རིག་གནས་ཧུར་ཀྱིས་སྦྱོངས།

ཁོ་བའི་བླངས་བའི་སྙིང་གཏམ་དམར་པོ་དེ་རྣ་བའི་ཉན་དེ་སེམས་ལ་ཉོར་དང་། དེ་རིང་དུས་ཀྱི་ཉིན་མོ་འདི་ལ་ཁྱེད་ལྷན་རྒྱས་ཡོངས་ལ་བཀྲ་ཤིས་བདེ་ལེགས།

བོད་ཁ་བ་ཅན་ལ་རླུང་རྟ་ཡར་འགྲོ།ཀི་ཀི་བསོྭ་བསོྭ་ལྷ་རྒྱལ་ལོ།།རི་མཐོན་པོའི་མགོ་ནས་བསང་ཞིག་ཕུད།འདི་ཁྲོམ་པའི་གྲལ་ནས་གླུ་ཞིག་ལེན།

གླུ་ཨ་ལ་ལ་མོ་ཨ་ལ་ལེན།

ཐ་ལ་ལ་མོ་ཐ་ལ་ལེན།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45485028
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1