རྒྱལ་ཡོངས་སྨྱན་སྦྱོར་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཅུས་ལ་བསྐྱོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »རྒྱལ་ཡོངས་སྨྱན་སྦྱོར་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཅུས་ལ་བསྐྱོད་
རྒྱལ་ཡོངས་སྨྱན་སྦྱོར་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཅུས་ལ་བསྐྱོད་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/7/16ལྟ་ཀློག (30506)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

རྒྱལ་ཡོངས་སྨྱན་སྦྱོར་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཅུས་ལ་བསྐྱོད་པ།

     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་གསར་འགོད་པ་སྒྲོལ་མ་སྐྱབས་ཀྱིས་སྤེལ་བའི་གནས་ཚུལ། ཉེ་ཆར།ཕོ་ལན་ཁེ་ལ་ཁེ་ཧྥུར་སྐོང་འཚོགས་བྱས་པའི་སྐབས་༤༡་པའི་འཛམ་གླིང་རང་བྱུང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་རེ་ཞུའི་རྣམ་གྲངས་ལ་གྲོས་འཆམ་བྱུང་ཡོད་པ་དང་།ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་དེས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་འཛམ་གླིང་ཀུན་ནས་དོ་ཁུར་དང་མཐོང་ཆེན་བྱེད་པ་མཚོན་ཡོད་ལ།མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱལ་སྤྱིའི་ཐོག་དོ་སྣང་བྱེད་འགོ་ཚུགས་ཤིང་མཚོ་བོད་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ལས་ཀ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་།ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བའི་གཏམ་བཟང་བསྒྲགས་རྗེས།ང་ཚོ་གསར་འགོད་པ་རྣམས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་དོ་དམ་ཅུས་སུ་གནས་ཚུལ་རྒྱུས་ལོན་བྱེད་དུ་ཆས་པ་ཡིན།

ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དོ་དམ་ཅུས།

གཙོད་ཀྱི་འཇིམ་བཟོས་སྣང་བརྙན།

    ས་གནས་དེ་གའི་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་གྱི་འགྲེམ་སྟོན་ཚོམས་ཆེན་དུ་དོ་དམ་ཅུས་ཀྱི་དྲིལ་བསྒྲགས་སློབ་གསོ་ཚན་པའི་འགོ་གཙོ་ཚེ་རིང་བསམ་འགྲུབ་ལགས་དང་མཇལ་ཞིང་། ང་ཚོར་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་དོ་དམ་ཅུས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཁོང་གིས་ང་རང་མི་ལོ་ཉི་ཤུ་ལྷག་གི་རིང་ལ་དཀའ་བའི་ལ་མོ་མང་པོ་བརྒྱབ་ནས་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་ལས་ཀར་མ་སྐུལ་དང་བླངས་ཀྱིས་ཞུགས་ཤིང་མི་ལོ་ཕྱེད་ཀ་ཧ་ལམ་གཙོད་དང་མཉམ་དུ་རི་ལུང་ཐང་གསུམ་དུ་བསྡད་པ་ཡིན་ཞེས་བཤད་ཀྱང་ཆོག་ཅེས་གསུངས་བྱུང་།    

འགོ་གཙོ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ།

    ཁོང་གིས།  ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་མང་པོ་ཡོད་པ་དང་མཚེའུ་ཆེ་ཆུང་བདུན་སྟོང་ལྷག་ཡོད་པས།  རི་དྭགས་གཙོད་བག་ཡངས་སུ་རྒྱུ་བར་སྟབས་བདེ་སྐྲུན་ཡོད།

    རི་དྭགས་སྲུང་སྐྱོབ་ས་ཁུལ་གྱི་དང་བླངས་པ་རྣམས་ཀྱིས་ཉིན་མཚན་དབྱེར་མེད་དུ་སྲུང་སྐྱོབ་ལས་ཀ་སྒྲུབ་བཞིན་ཡོད་པ་དང་གཙོད་རྨས་མ་དང་རི་དྭགས་འདྲ་མིན་མང་པོར་སྨན་བཅོས་དང་ལྟོ་ཆས་བཟོ་དགོས་པའི་སྐབས་ཀྱང་ཡོད་ཅེས་གསུངས་བྱུང་།

རི་དྭགས་གཙོད་སྲུང་སྐྱོབ་བྱེད་སའི་ཡུལ་དངོས།

     ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་འདིའི་འགྲེམ་སྟོན་ཁང་དུ་དང་བླངས་སྲུང་སྐྱོབ་པའི་དཀའ་བའི་ལམ་བུ་པར་མིག་དུ་བརྒྱུས་ཡོད། ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བའི་སྐོར་གླེང་སྐབས་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ང་ཚོས་ཨ་ཆེན་གངས་རྒྱབ་དེ་ཉིད་འཛམ་གླིང་ཐོག་ས་རྒྱ་ཆེ་ལ་རིན་ཐང་ཆེ་ཞིང་། ཤུགས་རྐྱེན་ཆེན་པོ་ལྡན་པའི་རི་དྭགས་སྲུང་སྐྱོབ་ཁུལ་དུ་གྱུར་ཐུབ་པའི་སྨོན་འདུན་དང་སླད་ཕྱིན་ང་ཚོས་མུ་མཐུད་ལས་དོན་རྒྱུན་བསྐྱངས་བྱས་ཏེ་ཨ་ཆེན་གངས་རྒྱབ་ཀྱི་མཛེས་སྡུག་འཛམ་གླིང་གི་མིའི་རིགས་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཀྱི་འདུག

ཨ་ཆེན་གངས་རྒྱབ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་བྱེད་སྒོའི་པར་རིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41173957
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1