རྒྱལ་སྤྱིའི་རྡུལ་མཚོན་སྔོན་འགོག་ཚོགས་པ་ལ་2017ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།
རེས་ཏེན་གྱི་དུས་ཚོད་ལྟར་ན། ལོ་འདིའི་ཟླ་བཅུ་བའི་ཚེས་དྲུག་གི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་པེ་ཅིང་གི་ཕྱི་དྲོའི་ཆུ་ཚོད་ལྔ་བའི་སྟེང་།
༢༠༡༧ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནི། སྲིད་གཞུང་རྩ་འཛུགས་མ་ཡིན་པའི་༼རྒྱལ་སྤྱིའི་རྡུལ་མཚོན་སྔོན་འགོག་ཚོགས་པ་༽ཞེས་པ་དེ་ཡིན་པར་ཁྱབ་བསྒྲགས་བྱས།
ནོ་བས་ནོ་བྷེལ་གཟེངས་རྟགས་ཀྱི་ལྷན་མི་དང་གཙོ་འགན་པ་པེ་ལས་ཐུ་ལེ་སི་•ཨན་རྡི་སིན་གྱིས་བཤད་རྒྱུར།
ང་ཚོ་ནི་དེང་རབས་ཅན་གྱི་འཇིག་རྟེན་དུ་འཚོ་སྡོད་བྱས་ཡོད་ལ། དེ་ཡི་རྡུལ་མཚོན་སྤྱོད་གྲངས་ཀྱང་ད་ལྟའི་བར་གྱི་གྲངས་འབོར་ཆེས་མང་ཤོས་ལ་སླེབས་ཡོད།
ཁྱད་པར་དུ། རྒྱལ་ཁབ་ཁ་ཤས་ཀྱིས་རྡུལ་མཚོན་ལ་དེང་རབས་ཅན་གྱིས་བཅོས་བཟོ་བྱས་ཤིང་། མངོན་སུམ་འཚོ་བའི་ཁྲོད་དུའང་དེ་ཉིད་སྤྱོད་པར་ཡང་སྨྱོ་ཧམ་ལངས་ཀིན་འདུག དཔེར་ན་བྱང་ཁོ་རེ་ཡ་ལྟ་བུའོ།།
ང་ཚོས་ཏན་ཏན་གྲོས་ཚོགས་ཀྱི་སྒོ་ནས། མཚོན་ལྡན་རྒྱལ་ཁབ་དག་གིས་རྡུལ་མཚོན་བཀག་འགོག་བྱེད་དགོས་པའི་རེ་བ་དང་འབོད་སྐུལ་གཏོང་བ་ཅིས་ཀྱང་གལ་ཆེའོ།། ཞེས་བཤད།
ལེགས་གྲུབ་ཀྱིས་བསྒྱུར།
|