སྔོན་བྱོན་བཀའ་གདམས་པ་དག་དང་མཚུངས་པའི་བཤེས་གཉེན་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སྔོན་བྱོན་སྐྱེས་ཆེན། »སྔོན་བྱོན་བཀའ་གདམས་པ་དག་དང་མཚུངས་པའི་བཤེས་གཉེན་མཁན་ཆེན་ཆོས་ད
སྔོན་བྱོན་བཀའ་གདམས་པ་དག་དང་མཚུངས་པའི་བཤེས་གཉེན་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/4/14ལྟ་ཀློག (32432)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྔོན་བྱོན་བཀའ་གདམས་པ་དག་དང་མཚུངས་པའི་བཤེས་གཉེན་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ།


     སྙིགས་མ་ལྔ་བདོ་བའི་དུས་འདིར་ཚེ་འདི་བློས་བཏང་གི་བྱ་བ་ཉག་གཅིག་སྒྲུབ་མཁན་དང་། ཆོས་བཞིན་འདུལ་བ་བཞིན་མཛད་པའི་མཁན་ཆེན་དམ་པ༧ཆོས་དབྱིངས་ཁྱབ་བརྡལ་ལགས་རྗེས་སུ་དྲན་སྟངས་ཅུང་ཟད་བཤད་པར་མོས། སྤྱིར་མི་མང་པོ་ཞིག་”མཐོན་པོ་ལ་ངོ་དགའ། དམའ་མོ་ལ་དམའ་འབེབ།” བྱེད་མཁན་ཞིག་ཏུ་ཆགས་ཡོད་ཚོད་རེད། འོན་ཀྱང་རང་ཉིད་ནི་གཡམ་རྒྱུག་དང་འུད་བསྟོད་ལ་ཞེན་པ་མ་ཡིན་མོད། དོན་དངོས་ཀྱི་གནས་ལུགས་ལ་གཞལ་ན་མཁན་ཆེན་ཆོས་ཁྱབ་ནི་ཆགས་སྡང་མགོ་སྙོམས་ཤིང་། སྔོན་མའི་བཀའ་གདམས་པ་དག་ཀྱང་མཚུངས་པའི་རྐྱེན་གྱིས་མི་ཚོགས་མང་པོས་དད་གུས་བྱེད་བཞིན་མཆིས་ལ། གུས་པ་པོས་ཀྱང་ཡིག་ཕྲེང་ཉུང་ཙམ་འབྲི་རྒྱུ་ལ་འཇུག་པར་བྱ།

     ཡང་ན་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པའི་འབྲས་རྟགས་སུ་འུད་བསྟོད་དང་མ་འདྲེས་པའི་ཡོན་ཏན་བརྗོད་རྒྱུ་དེ་འོས་འགན་དུ་གྲུབ་པ་ཞིག་རེད། ཁོང་ནི་དེ་ལས་ཀྱང་མཛད་རྗེས་གཞན་པ་དག་ལས་ཆེས་དད་གུས་དང་རྗེས་འཇུག་སློབ་མའི་ཉམས་ལེན་དུ་ཁོང་གི་རྣམ་ཐར་གྱི་ཆ་ཙམ་ཡང་བརྗོད་པའི་རིན་ཐང་བླ་ལྷག་ཏུ་མཐོང་སྟེ། མི་མང་པོ་ཞིག་གིས་ཚེ་འདིའི་སྙན་གྲགས་དང་། སྤྲུལ་སྐུའི་ཆོ་ལོ་སོགས་ལ་ཁ་གཡར་ཏེ་མང་ཚོགས་ཀྱི་མགོ་བོ་སྐོར་བཞིན་པའི་གནས་སུ་གྱུར་བའི་སྙིགས་མའི་དུས་འདིར་རླབས་ཆེན་གྱི་སྐྱེས་བུ་ཁོང་ནི་འཇིག་རྟེན་ཆོས་བརྒྱད་རྡོག་པས་མནན། ཚེ་འདིའི་སྙན་གྲགས་རླུང་ལ་བསྐུར་བས་ན་མཛད་སྤྱོད་མཐའ་དག་ལས་ཚུར་མཐོང་གི་སོ་སྐྱེས་དག་གི་རིགས་པས་གྲུབ་པ་ཞིག་རྟོགས་པའི་རྐྱེན་ལས་འདི་ལྟར་བརྗོད་པར་བྱ།

     མཁན་ཆེན་ཁོང་ནི་བགྲང་བྱ་དུ་མའི་ཡར་སྔོན། བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བཅུ་གཅིག་པ་མེ་མོ་གླང་གི་ལོ་བོད་ཟླ་གསུམ་པའི་ཚེས་གསུམ་དང་། སྤྱི་ཟླ ༡༩༩༦/ ༤/༡༨ ཉིན་གྱི་ཕྱི་དྲོའི་ཆར་དགོངས་པ་རྫོགས་པའི་དུས་སུ་ཁེལ་ཡོད་ཅིང་། དུས་དེ་ནི་རྗེས་འཇུག་གི་སློབ་མ་རྣམས་ལ་མཚོན་ན་སྨྲེ་སྔགས་དང་། མིག་ཆུ་གཏོར་བའི་ཉིན་མོ། གདུང་དབྱངས་དང་། གསོལ་འདེབས་གྱེར་ཉིན། མུན་ནག་གི་སྨག་རུམ་འཐིབ། ཉི་འོད་ལ་དྲོད་མེད་པའི་ཉིན་མོའང་རེད། དུས་ཚུགས་དེ་ནི་བརྗེད་མི་སྲིད་པའི་ན་ཟུག་དང་། བརྗོད་མི་ཐུབ་པའི་གཏམ་ཞིག་མ་ཡིན་ནམ། འོན་ཀྱང་ཉིད་ཀྱི་མཛད་སྤྱོད་ལས་རླབས་ཆེན་གྱི་བྱ་བ་བསྒྲུབས་ཤིང་།   བཀའ་གདམས་གོང་མ་བཞིན་རླབས་ཆེན་གྱི་རྣམ་ཐར་བསྐྱངས་པ་ལས་ཆུ་ཐིགས་ཙམ་གླེང་བའི་གོ་སྐབས་ཤིག་ཐོབ་པ་ཡང་དགའ་འོས་པ་ཡིན་ནོ།།

     ༧མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱིས་རབ་བྱུང་བཅུ་དྲུག་ས་ལུག་ལོ་༡༩༩༧/ལོར་”གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་།”གསར་འཛུགས་བྱས་ཤིང་། སྔོན་མའི་བཀའ་གདམས་གོང་མ་ནང་བཞིན་བྱ་བྲལ་བའི་བྱ་སྤྱོད་མཛད་དེ་སྐལ་ལྡན་སློབ་མ་དག་ཚུལ་བཞིན་བསྐྱངས་བ་ནི་མཁན་ཆེན་ཉིད་ཀྱིས་བསྟན་པ་ལ་ཕན་པའི་བྱ་བ་དང་། མཛད་རྗེས་ཤིག་ཏུ་བགྲངས་བར་རིགས།

     ལྷག་ཏུ་མཁན་ཆེན་ཁོང་གི་ཞལ་གདམས་དག་ལ་མཚོན་ན་མ་འོངས་པའི་ལོ་རྒྱུས་དང་འབྲེལ་ཞིང་། མ་འོངས་པའི་གནས་བབས་ལ་གཟིགས་པའི་གདམས་ངག་ཡིན་པར་ཕྱི་རབས་པ་དག་གིས་གླེང་བཞིན་པ་དང་། ད་ལྟ་ཁོ་བོའི་སློབ་མའི་གྲས་ཀྱི་འགྱུར་ལྡོག་དེ་དག་ཀྱང་སྔོན་མར་མཁན་ཆེན་གྱིས་གསུངས་པ་དག་གནད་དུ་ཁེལ་བ་གྲངས་ཀྱིས་མི་ལང་བ་ཡོད་པ་ཐེ་མི་ཚོམ། དེའི་ཕྱིར་མཁན་ཆེན་ཁོང་ནི་མ་འོངས་པའི་འགྱུར་ལྡོག་ཚུལ་བཞིན་གཟིགས་ཀྱང་། དེའི་ཆོ་ལོ་མ་ཁུར་བ་ནི་ངེས་པ་དོན་གྱི་སྦས་པའི་རྣལ་འབྱོར་པ་དང་། ཆོས་ཚུལ་བཞིན་སྒྲུབ་མཁན་ཡིན་པ་དཔོག་ཐུབ་པ་དང་། མ་ཟད།

       མཁན་ཆེན་མཆོག་གི་ཞལ་གདམས་དག་ལ་མཚོན་ན་ཆོས་པ་རྣལ་མ་ཞིག་ཏུ་བསྐྲུན་པའི་ཐབས་ལས། ཚེ་འདིའི་ཁེ་གྲགས་དང་། འཇིག་རྟེན་ཆོས་བརྒྱད་བསྒྲུབ་ཚུལ་སྐད་ཅིག་ཙམ་གསུངས་མེད་ཅིང་། སྔོན་མའི་བཀའ་གདམས་པ། པི་ཏོ་བ་དང་། ཁ་རག་སྒོམ་ཆུང་སོགས་ཀྱི་ཞལ་གདམས་ནང་བཞིན་ཕལ་བའི་གོ་སླ་ཞིང་། ཆོད་ཆེ་བ་ཞིག་ཏུ་གསུངས་པ་ནི་མཁན་ཆེན་ཁོང་ལས་དཀོན་ཚོད་དུ་གདའ་བར་འདུག

       ངོས་གཞན་ཞིག་ནས་བལྟས་ན་མཁན་ཆེན་ཁོང་གི་ཕྱག་ལས་དང་འབྲེལ་བ་དེ་དག་ཀྱང་བསྟན་པ་ལ་ཕན་པའི་བྱ་བ་ཞིག་ལས་སྒེར་དོན་ཕྲན་བུ་ཙམ་བསྒྲུབས་མེད་པ་དང་། ཉིད་ཀྱི་ཕྱག་ལས་ལ་མཚོན་ན་འཇིག་རྟེན་གྱི་བྱ་བར་མགོ་མ་འཁོར་བར་བོད་བརྒྱུད་ནང་བསྟན་གྱི་ཐོས་དོན་བསམ། བསམ་དོན་སྒོམ།    སྒོམ་དོན་ཚུལ་བཞིན་དུ་ཉམས་སུ་བླངས་བ་དེ་རེད།  ཁོང་གི་ཞལ་ཟས་ལ་མཚོན་ན་ཡང་ངན་ངོན་ཙམ་དང་། གུང་ཚིགས་གནང་སྟངས་དེ་དག་ལས་དམ་ཆོས་ཚུལ་བཞིན་སྤྱོད་པའི་ཤཱཀྱའི་དགེ་སྦྱོང་རྣལ་མ་ཡིན་པར་རྟོགས་སོ།།

      ཞེས་མཁན་ཆེན་ཁོང་འདས་ནས་མི་ལོ་ཉེར་གཉིས་འཁོར་བའི་རྗེས་དྲན་དུ་དྲང་འཚོལ་གྱིས་༢༠༡༨/༤/༡༡ ཉིན་བྲིས།

རྣལ་འབྱོར་བ་ཆེན་མོ་ཁོང་གི་ཆོས་ཁང་།

བྱ་བྲལ་བ་ཞིག་གི་གཟིམ་ཤག་དང་།  འདོད་ཆུང་ཆོག་ཤེས་ཀྱི་ཐབ་ཀ་དང་ཇ་དེམ།

མཁན་ཆེན་ཁོང་གི་ཞབས་ལྷམ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བཀྲིས་སྟོབས་རྒྱལ སྤེལ་དུས:2024/5/15
རྣམ་འབྱོར་ཁོང་གི་མཚན་དང་རྣམ་ཐར་སོགས་སྔོན་ཞིག་ནས་ཉུང་ཙམ་ཐོས་མྱོང།། དེ་རིང་དྲ་རྒྱ་འདི་ནང་ཁོང་དང་འབྲེལ་བའི་རྩོམ་ཐུང་འདི་མཇལ་དུས་དགའ་བ་ཚད་མེད་བྱུང།། འོན་ཀྱང།། དམིགས་བསལ་ཁོང་གི་མཛད་པ་རྣམ་ཐར་དག་བཀའ་གདམས་གོང་མ་དང་འདྲ་བའི་ཆ་ཅུང་ཙམ་ཡང་གསུངས་མི་འདུག།
 སྤེལ་མཁན: བདེན་དོན། སྤེལ་དུས:2018/4/14
མཁན་པོ་ཟེར་བ་ནི་ཁོང་དང་ཁོང་ལྟ་བུ་ལ་ཟེར།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45432770
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1