རྒྱལ་རོང་ཀརྨ་རིན་པོ་ཆེ་འཇམ་དཔལ་རྒྱལ་མཚན་གྱི་རྣམ་ཐར་བསྡུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སློབ་གསོ་སྨྲ་བའི་སྡེ། »རྒྱལ་རོང་ཀརྨ་རིན་པོ་ཆེ་འཇམ་དཔལ་རྒྱལ་མཚན་གྱི་རྣམ་ཐར་བསྡུས་པ།
རྒྱལ་རོང་ཀརྨ་རིན་པོ་ཆེ་འཇམ་དཔལ་རྒྱལ་མཚན་གྱི་རྣམ་ཐར་བསྡུས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/3/5ལྟ་ཀློག (22583)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྤྲུལ་པའི་སྐུ་མཆོག་འཇམ་དཔལ་རྒྱལ་མཚན་གྱི་རྣམ་ཐར་བསྡུས་པ།

 

          འགྲོ་བ་མ་ལུས་བདེ་བའི་ཞིང་འདྲེན་པར།།

          བསམ་བཞིན་སྐྱེས་ཆེན་དམ་པའི་ཚུལ་འཆང་ནས།།

          མི་ཟད་ཆོས་ཀྱི་སྦྲང་ཆར་སྟེར་མཛད་མཁན།།

          སྤྲུལ་པའི་སྐུ་མཆོག་འཇམ་དཔལ་རྒྱལ་མཚན་བསྟོད།།

 

   དེ་ཡང་སྤྲུལ་པའི་སྐུ་མཆོག་འཇམ་དཔལ་རྒྱལ་མཚན་ནམ་ཀརྨ་རིན་པོ་ཆེ་མཆོག་ནི། བོད་ཀྱི་རོང་ཆེན་བཞིའི་ནང་ཚན་ཤར་རྒྱལ་མོ་ཚ་བ་རོང་འབར་ཁམས་རྫོང་སྒོ་ཡག་སྡེ་བ་བྷེ་རེ་ཚང་ན། ཡབ་མགོན་པོ་སྐྱབས་དང་ཡུམ་གཡུང་དྲུང་སྨོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ཏེ་སྤྱི་ལོ་༡༩༦༨ལོར་སྐུ་འཁྲུངས།

དམ་པ་ཁོང་ཉིད་སྐུ་ན་ཕྲ་དུས་སུ་མཚམས་གནས་དགོན་པའི་ཚོགས་ལ་ཞུགས་ཤིང་མཁས་ཆེན་ཆོས་ཀྱི་གྲགས་པའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས།

སྤྱི་ལོ་༡༩༨༤ལོར་ཀཿཐོག་རྨོག་ཙ་རིན་པོ་ཆེས་དམ་པ་ཁོང་ཉིད་ཐོས་ཆོག་ཤེས་རབ་རྒྱལ་མཚན་གྱི་སྐུ་ཕྲེང་བདུན་པར་ངོས་འཛིན་གནང་ཞིང་མཚམས་གནས་དགོན་གྱི་བསྟན་པའི་བདག་པོར་མངའ་གསོལ། མཁན་ཆེན་ཆོས་ཀྱི་གྲགས་པ་གཙོར་བྱས་པའི་རྙིང་མའི་སྐྱེས་ཆེན་དུ་མར་བསྟེན་ནས་མདོ་རྒྱུད་གཞུང་ལུགས་ཀུན་ལ་མཁྱེན་ཉན་ལེགས་པར་མཛད་པས། གཞུང་ལུགས་རབ་འབྱམས་ལ་རྟོགས་པས་སྒྲོ་འདོགས་བཅད།

སྤྱི་ལོ་༡༩༩༠ལོར་མཚམས་གནས་དགོན་པའི་བཤད་གྲྭའི་མཁན་པོའི་འགན་བཞེས།

སྤྱི་ལོ་༡༩༩༣ལོར་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་སྐྱབས་རྗེ་པདྨ་ནོར་བུ་དང་རྨོག་ཙ་རིན་པོ་ཆེ་རྣམ་གཉིས་གཙོས་པའི་བླ་མ་དུ་མ་ཞིག་བསྟེན་ནས་མདོ་རྒྱུད་གཞུང་ཀུན་དང་། ཆོ་ག་ཆོས་སྤྱོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་ཞུས་ཤིང་འབད་བརྩོན་ལྷོད་མེད་གནང་བས་སྤངས་རྟོགས་ཀྱི་ཕ་མཐར་ཕྱིན་ཅིང་ཐུགས་རྗེས་གཞན་རྒྱུད་གྲོལ་ནུས་པར་གྱུར། དེ་ནས་ཡོ་རོབ་དང་ཨ་རི། ཁ་ན་ཊ། སིང་གྷ་ཕོར། མ་ལེ་ཞི་ཡ། ཨེ་འདུ་ལེ་ཤིན་ཡ་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་། ཀྲུང་གོའི་ས་གནས་ཧ་གྷ་དང་ཐེ་ཝན་སོགས་ལ་བྱོན་ནས་དད་ལྡན་ཁྲི་སྟོང་མང་པོ་ལ་བཀའ་སློབ་སྟོན་ཡང་ཡང་གནང་ཞིང་། ས་གནས་སོ་སོ་ལ་ཆོས་ཚོགས་བཙུགས་པ་སོགས་མཛད་པས་དམ་པའི་ཆོས་ཀྱི་འོད་མདངས་ས་གསུམ་ན་ཁྱབ་པར་གནང་ངོ་།

སྤྱི་ལོ་༡༩༧༩ཡས་མས་ནས་ད་བར་དུ་མཚོ་སྔོན་དང་སི་ཁྲོན་གཙོས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་དཔལ་འབྱོར་ཞན་པའི་སློབ་མ་ཉིས་སྟོང་ལྷག་ཙམ་ལ་འཚོ་བའི་མཐུ་རྐྱེན་དང་སློབ་ཡོན་གནང་ཡོད་ལ། ཁོང་གི་སློབ་ཡོན་གནང་སའི་སློབ་མ་གཅིག་སྟོང་ལྷག་ཙམ་སློབ་ཆེན་མཐར་ཕྱིན་ཟིན་པ་དང་། ད་སྐབས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བདུན་བརྒྱ་ལྷག་ཙམ་ལ་སློབ་ཡོན་སོགས་གནང་བཞིན་ཡོད།

ཁོང་གིས་སྤྱི་༡༩༩༠ནས་བཟུང་བོད་ཀྱི་རིག་གནས་ཉམས་གསོའི་ཐུགས་འགན་བཞེས་ཏེ་དཔེ་རྙིང་འཚོལ་བསྡུས་གནང་ཞིང་ད་ལྟ་མཚམས་གནས་དགོན་དུ་རྒྱལ་ཁབ་དང་མི་རིགས་སོ་སོ་ནས་ཁྱེར་ཡོང་བའི་བོད་ཀྱི་གནའ་དཔེ་པོད་ཁྲི་ཕྲག་གཅིག་ཙམ་ཉར་ཚགས་གནང་ཡོད།

སྤྱི་ལོ་༢༠༠༢ནས་བཟུང་ད་ལྟ་ལ་ཐུག་གི་བར་མཚམས་གནས་དགོན་པའི་བཤད་གྲྭ་དང་སྒྲུབ་གྲྭ། ལྷ་ཁང་། སྐུ་གསུང་ཐུགས་རྟེན་སོགས་གསར་བཞེངས་ལེགས་པར་གནང་དང་གནང་བཞིན་ཡོད་ཅིང་། ལྷ་སྒང་བཤད་གྲྭ་དང་རྒྱལ་རོང་ཕྱོགས་ཀྱི་དགོན་སྡེ་རྣམས་གཙོར་བྱས་པའི་བོད་ཡུལ་གྱི་དགོན་པ་བཅུ་ཁག་ཙམ་ལ་རྟེན་བཞེངས་མཛད་ཡོད།

ད་དུང་ཡང་ཁོང་གིས་ནམ་རྒྱུན་རྒྱ་བོད་དབྱིན་གསུམ་དང་ཨ་རི་སོགས་རིས་སུ་མ་ཆད་པའི་དད་ལྡན་ཁྲི་སྟོང་དུ་མ་ཞིག་ལ་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད་པ་དང་།

བརྩམས་ཆོས་གཙོ་བོ། རྫོགས་པ་ཆེན་པོའི་སྔོན་འགྲོའི་འགྲེལ་བ》《ཆོས་སྒྲ་སྒྲོག་རྒྱུན》《འཇིག་རྟེན་ཁམས་ཀྱི་སྙིང་པོ》《དོགས་སེལ་གྱི་བློ་གྲོས》《བྱང་ཆུབ་མཆོག་གི་སེམས》《ནང་ཆོས་དང་འཚོ་བ》《འཇིག་རྟེན་ལེགས་སྒྲོལ》《སེམས་དང་གླེང་མོ་བགྱི་བ》《རང་གི་བསོད་ནམས་བེད་སྤྱོད་ཡག་པོ་གྱིས》《ཚེ་སྲོག་གི་རྟོགས་སདསོགས་དཔར་སྐྲུན་བྱས་ཟིན་པར་མ་ཟད། དེ་དག་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག ཤིས་པན་ཡའི་ཡི་གེ ཕོར་ཐིའུ་ཀའི་ཡི་གེ། ཉི་ཧང་གི་ཡི་གེ་སོགས་ཡིག་རིགས་དུ་མའི་ཐོག་ལ་བསྒྱུར་ཡོད་ཅིང་། ད་དུང་དེབ་ཏུ་མ་འཁོད་པའི་ཁོང་གི་གསུང་ཆོས་དུ་མ་ཞིག་ཡོད།

༢༠༡༨.༤.༡༧ ཞོགས་པར་ལྷུན་རྣམ་གྱིས་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41147032
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1