ཞུ་འཕྲིན། མགར་རྐང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ཞུ་འཕྲིན། མགར་རྐང་།
ཞུ་འཕྲིན། མགར་རྐང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/12ལྟ་ཀློག (19796)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞུ་འཕྲིན།

མགར་རྐང་།  རྫ་ཆུ་ཁ།

སྐད་འཕྲིན་ལས།
བུད་མེད་དག་གིས་ང་ལ་འཁྲབ་གཞུང་བརྩམས་པས།
ངས་བུད་མེད་དག་ལ་འཁྲབ་སྟོན་བྱས་མྱངས་ཡོད།
དུས་རྒྱུན་དུ།

སྤྱིར་ན།
ངས་བུད་མེད་དག་ལ་འཁྲབ་སྟོན་མ་བགྱིས་ན་ཆོག་མོད།
བུད་མེད་དག་གིས་འཁྲབ་གཞུང་བརྩམས་པ་ལ།
ངས་བརྩི་བཀུར་མ་བྱས་ན་གཏན་ནས་མི་ཆོག

སྙིང་ཉེ་ལགས།
འདི་ལྟ་བུའི་བྱ་བ་སྒྲུབ་པ་ལ།
ཁྱོད་གཏན་ནས་ཁྱོད་ང་ལ་སུན་མི་ཉན།
   

ཚོར་བ་དམར་མཆོད་བྱེད་སྟངས།
                                                   

འཚོ་བ་ལ་ཀུ་རེ་བསླངས་སྐབས།
དྲན་པ་རླུང་བས་སྒུལ།
སྙིང་ཀ་རྡོ་བས་གས།
ཁྱོད་དང་འཕྲད་པའི་སྐལ་བ་ཧ་ཅང་དབེན་ནའང་།


སྙིང་ཉེ།
ངས་ད་དུང་ཚེ་སྲོག་གི་དབིགས་རྒྱུ་མ་འགག་བར་དུ།
ཟུང་ཁྲག་དམར་པོ་འཁྱུད་པས་རུས་པ་དཀར་པོའི་དུར་བྱང་།
ཁྱེད་ཀྱིས་འགྲམ་ནས་བསླངས་ན་འདོད།


མེད་མུག་གི་མྱ་ངམ་ཐང་ལ་བརྩེ་དུང་གི་ས་བོན།
རྡོ་རྗེ་བྲག་ཡིན་པས།
འུ་གཉིས་ལའང་།
སྐྱེ་བ་གཅིག་གིས་བརྩེ་དུང་གི་སྐལ་བ་ལོས་མཆིས།

འབྲོག་པ་ཚོའི་ཉིན་ཐོ།


དབྱར་གཞུང་སྐབས།
འབྲོག་པ་ཚོའི་ཉིན་གཅིག་གི་བྱ་བ་རོབ་ཙམ་གླེང་།
སྦྲ་ནང་ནས་འོ་མ་དཀྲུགས།
སྦྲ་མཐའ་ནས་རྩིད་པ་འཁེལ།
བྱིས་པ་ཚོས་བེའུ་འཚོས།

འཁོར་བ་ལ་སྙིང་བོ་མེད་པ་གླེང་ཞོར།
མ་ཎི་རེ་ཟླས་ནས།
མཚན་མོར་སྒོ་ཁྱིའི་ངར་ཟུག་དང་ལྷན་དུ།
རྨི་ལམ་གྱི་ཞིང་ཁམས་སུ་བུད་འགྲོ།
འབྲོག་པ་ཚོའི་ཉིན་གཅིག་གི་བྱ་བ་འདི་ལས་མ་འདས།

བུད་མེད་ངེད་གཉིས་བར་གྱི་མདོ།

ཧ་ཧ།
ངས་འདི་ནས་གནའ་རྐྱལ་བཞག་ནའང་།
བུད་མེད་ཅིག་ལ་འཁྲེལ་མེད་ཀྱི་བྱ་བ་གཅིག་ཀྱང་སྒྲུབ་མ་མྱོང་།
འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་།

རང་ཉིད་ཕོ་ལོ་ཉི་ཤུའི་སྒོ་ཐེམ་ལ་བརྒལ་ལ་ཉེ་མོད།
བུད་མེད་ཅིག་ལ་ཁྲེལ་མེད་ཀྱི་བྱ་བ་གཅིག་ཀྱང་སྒྲུབ་མ་མྱོང་བ།
རང་ཉིད་ལ་མཚོན་ན་གཟི་བརྗེད་རེད་སྙམ་ཀྱིན་ཡོད།

སྙིང་གྲོགས།
ངས་བུད་མེད་དག་ལ་འཁྲེལ་མེད་ཀྱི་བྱ་བ་སྒྲུབ་ས་མ་ཆད་པ་མིན།
འོན་ཏེ།
ངས་བུད་མེད་དག་ལ་འཁྲེལ་མེད་ཀྱི་བྱ་བ་མ་སྒྲུབ་པ་ནི།
ངས་བུད་མེད་ལ་བརྩི་བཀུར་བྱེད་སྟངས་ཤིག་གམ།
མཐོང་ཆེན་བྱེད་སྟངས་ཡིན།

ངས་བུད་མེད་དག་ལ།
སྐྱེས་བ་འདིར།
འཁྲེལ་མེད་བྱེད་རྩིས་མེད།
འཁྲེལ་མེད་བྱེད་མི་དགོས་པའི་གསོལ་འདེབས་ཀྱང་བྱེད་ཀི་ཡོད།


སྐྱེ་བ་རྗེས་མར་ལས་སྐལ་ཡོད་པར་སྨོན།

                      གཞས་མ་Ygལ་བྲིས།

ད་ལྟ་བསམ་ན།
ཁྱེད་ལ་བཅོལ་བའི་རེ་བ་སྟོང་བསམ་ལས་མ་འདས།
སྐད་ཆ་གཅིག་གིས་ཡིད་སེམས་སྒུལ་མྱངས་བ་བདེན་དུ་བཅུག་ཀྱང་།


རྣ་བ་བླགས་ནས་ཉན་ན།
ཁྱེད་ནི་སྔོན་མ་ཞིག་ནས།
འདོད་སེམས་མེ་ལ་སྒྲོན་མཁན་ཞིག་རེད་འདུག

གང་ལྟར།
ལས་སྨོན་གང་རུང་ཞིག་གིས།
འཇིག་རྟེན་འདི་ནས།
ང་ཁྱོད་ལ་དགའ་བ་ལྐོག་གྱུར་བྱེད་པ་མ་གཏོགས།
མངོན་གྱུར་བྱེད་པའི་ལས་སྐལ་མི་འདུག

ཡིན་ནའང་།
འཇིག་རྟེན་འདི་ནས།
ཁྱེད་རང་བདེ་བའི་སྨོན་ལམ་བཏབ་པ་ཡིན།
མ་འོངས་པ་ནའང་འདེབས་ངེས་ཡིན།
གཡང་སྐྱིད།
སྐྱེ་བ་རྗེས་མར་འུ་གཉིས་ལ་ལས་དབང་ཡོད་པར་སྨོན།
དཀོན་མཆོག་མཁྱེན

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmfs བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཚུར་མཐོང་། སྤེལ་དུས:2020/7/3
ནང་དོན་ཡག་པོ་འདུག་མོད། འོན་ཀྱང་རྒྱབ་ཀྱི་མཚོན་དོན་དེ་ཙམ་གསལ་པོ་མ་ཡིན་པས་ཡིད་ཚིམ་པོ་མ་བྱུང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41055960
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1