ལོ་རྒྱུས་ཐོག་པེ་ཅིན་དུ་བཞེངས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཐོག་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »ལོ་རྒྱུས་ཐོག་པེ་ཅིན་དུ་བཞེངས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན
ལོ་རྒྱུས་ཐོག་པེ་ཅིན་དུ་བཞེངས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཐོག་མ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2019/12/18ལྟ་ཀློག (21899)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ལོ་རྒྱུས་ཐོག་པེ་ཅིན་དུ་བཞེངས་པའི་བོད་བརྒྱུད་

ནང་བསྟན་གྱི་དགོན་པ་ཐོག་མ།

དགྲ་ཟོར།

ཐོག་མར་ཡོན་རྒྱལ་རབས་དང་ཆོས་རྒྱལ་འགྲོ་མགོན་འཕགས་པའི་བར་གྱི་འབྲེལ་བ།

      དེ་ཡང་སྤྱི་ལོ1227ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་རྒྱལ་རབས་བླངས་རྗེས་1240ཇིང་གིར་རྒྱལ་པོ་ལོ་ཞེ་ལྔ་ལོར་སོག་དམག་བོད་དུ་དྲངས་ནས་ཡུལ་གྲུ་དང་གྲོང་ཁྱེར་མང་པོ་བཅོམ་ཞིང་བཙན་མཁར་དང་དགོན་སྡེ་ཐུག་ཚད་གཏོར། སྔ་ཕྱིར་སོག་དམག་བོད་དུ་སླེབས་ནས་ཡུལ་ཁམས་མང་པོ་དབང་དུ་བསྡུས། སྐབས་དེར་བོད་ནང་ཁུལ་ལ་མཚོན་ན་ཡང་ཆོས་ལུགས་གྲུབ་མཐའ་ཁག་གིས་རང་རང་གི་སྟོབས་ཤུགས་ཆེ་བར་ཡོང་ཆེད་སོ་སོའི་ཆབ་སྲིད་དང་དམག་ཤུགས་ཐད་ལ་སྟོབས་ཤུགས་ཀྱི་རྒྱབ་རྩ་རེ་བཙལ་བའི་སྒང་ཡིན་ཞིང་། ཡོན་རྒྱལ་རབས་ཀྱིས་ཀྱང་བོད་ས་གནས་ལ་དབང་བསྒྱུར་བྱེད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་སྲ་བརྟན་གཏོང་ཆེད་སྐབས་དེར་བོད་སྤྱི་ཚོགས་ཐོག་སྙན་གྲགས་ཆེ་བའི་ས་སྐྱའི་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་བེད་སྤྱོད་གཏོང་དགོས་པ་བཅས་ཕྱོགས་གཉིས་ཀའི་ཁེ་ཕན་གཅིག་གྱུར་གྱི་གནས་ཚུལ་འོག   བློན་དོར་རྟ་ནག་པོས་རྒྱལ་པོ་གོ་དན་ལ་བོད་ན་དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎ་མཁས་པར་འདུག་པས་གང་སྤྱན་འདྲེན་དགོས་པའི་ལུང་སྩོལ་ཅིག་ཅེས་ཞུས་པ་བཞིན་ས་སྐྱ་པཎ་ཏྜི་ཀུན་དགའ་རྒྱལ་མཚན་ཧོར་དུ་གདན་འདྲེན་ཞུས། ས་སྐྱའི་གདུང་རབས་སུ་ཧོར་གོ་དན་རྒྱལ་པོས་ས་པཎ་ལ་ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་། ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱེད་པའི་གཏམ་ཞེས་རྒྱལ་པོ་རང་ལ་བླང་དོར་གྱི་ལམ་སྟོན་ཤེས་པའི་བླ་མ་ཞིག་དགོས་པར་ས་པཎ་ཁོང་གདན་དྲངས་པ་ཡིན་པས་ལམ་གྱི་དཀའ་ཚེགས་སོགས་ལ་མི་ལྟ་བར་ཕེབས་དགོས་ཚུལ་དང་། གལ་ཏེ་ན་སོ་རྒས་པར་ཁག་བཞག་སྟེ་མི་འོང་ན་རྒྱལ་པོ་ཁོས་མཐའི་ཁྲིམས་ར་བླངས་ནས་དམག་དཔུང་གིས་སེམས་ཅན་མང་པོར་གནོད་པ་བྱེད་སྲིད་པས་ཅིས་ཀྱང་མགྱོགས་པོར་ཤོག་ཅེས་པའི་བཀའ་ཤོག་རྒྱས་པ་ཞིག་བསྐུར་བར་བཤད་ཅིང་སྐབས་དེར་ས་པཎ་ཁོང་དགུང་གྲངས་དྲུག་ཅུ་ལྷག་བཞེས་ཡོད་ཀྱང་ཁོང་རང་གི་ལེགས་ཉེས་དང་སྐུ་སྲོག་ལ་ཕངས་པ་སྤུ་ཙམ་མེད་པར་མཛད་དེ་མགོ་ནག་བོད་མི་སྤྱིའི་བདེ་སྡུག་ཁོ་ན་དང་ལོ་རྒྱུས་འཕེལ་ཕྱོགས་ཀྱི་འགྲོས་དང་བསྟུན་ནས་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུར་སོན་པ་དང་ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ཙམ་ལས་མེད་པ་གཉིས་ཕྱག་ཕྱིར་གཙོ་བོར་ཁྲིད་དེ་ཧོར་ཡུལ་དུ་བྱོན་ཞིང་མཛད་པ་མང་པོ་བསྐྱངས་རྗེས་རབ་བྱུང་བཞི་བའི་ལྕགས་ཕག་1215ལོར་དགུང་གྲངས་བདུན་ཅུའི་སྟེང་བྱང་ལང་གྲུ་མཁར་དུ་སྐུ་འདས་ཤིང་མི་འགྱངས་པར་གོ་དན་ཡང་སྐུ་འདས།

(ས་པཎ་ཕེབས་ལམ། )


(སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུར་སོན་པ་དང་ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ཙམ་ལས་མེད་པ་གཉིས་ཕྱག་ཕྱིར་གཙོ་བོར་ཁྲིད་དེ་ཧོར་ཡུལ་དུ་བྱོན་ཚུལ། )

      དེ་ནས་དབོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཁུ་བོའི་མཛད་འཕྲིན་གྱི་འཕྲོ་བསྐྱངས། བྱང་རྒྱལ་གོ་དན་སྐུ་འདས་རྗེས་ཧི་པེ་ལུའམ་བོད་པས་སེ་ཆེན་དུ་འབོད་པ་གང་དེ་བྱང་ངོས་ཀྱི་རྒྱལ་པོར་ཕེབས། 1253ལོར་མདོ་སྨད་ཤིང་ཀུན་ཏུ་འཕགས་པ་དགུང་ལོ་བཅུ་དགུར་སོན་པ་དང་མཇལ་ཞིང་འཕགས་པ་དགུང་ལོ་ཉི་ཤུར་མ་སོན་ཡང་ཁུ་བོའི་ཡོན་ཏན་ཐམས་ཅད་མ་ལུས་པར་ཐུགས་སུ་མངའ་བས་ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་རྒྱ་ཡངས་ཤིང་ཐབས་མཁས་ཐུགས་རྗེ་དང་ལྡན་པའི་སྐྱེས་བུ་ཆེན་པོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཡིན་སྟབས་སེ་ཆེན་རྒྱལ་པོས་མཆོག་ཏུ་བཀུར་བར་མཛད། 1253ལོར་འཕགས་པ་ཐོག་མར་ཧོར་རྒྱལ་པོ་ཡབ་ཡུམ་སྲས་དང་བཅས་པར་གསང་སྔགས་ཀྱི་དབང་གནང་སྟེ་དམ་པའི་ཆོས་ཀྱི་ས་བོན་ཐེབས་པར་མཛད་ཅིང་རྒྱལ་པོས་ཀྱང་འཕགས་པར་གུ་ཤྲི国师སྟེ་རྒྱལ་པོའི་སློབ་དཔོན་དང་། ཏི་ཤྲི帝师སྟེ་གོང་མའི་སློབ་དཔོན་བཅས་ཀྱི་མཚན་རྟགས་སྔ་གཞུག་ཏུ་གསོལ་ཏེ་མི་དབང་ཆེན་པོའི་དབུ་བླར་བཀུར།


(1253ལོར་འཕགས་པ་ཐོག་མར་ཧོར་རྒྱལ་པོ་སེ་ཆེན་དང་མཇལ་འཕྲད་གནང་བ། )

       1260ལོར་ཧོར་རྒྱལ་པོ་མོང་གོལ་སྐུ་འདས་པས་སེ་ཆེན་རྒྱལ་པོ་ཧན་གྱི་སྲིད་ཁྲིར་བྱོན་ཏེ་ཧོར་ཆེན་པོའི་རྒྱལ་པོ་མཛད། དེ་ནས་ལོ་བཞི་ན་སེ་ཆེན་རྒྱལ་པོས་སུང་ལྷོ་མ་དང་བཅས་པའི་རྒྱ་ནག་ཡོངས་ཀྱི་ས་གནས་ཕལ་ཆེར་དབང་དུ་བསྡུས་ནས་རྒྱལ་ས་ཧོར་ཡུལ་ནས་དེང་གི་པེ་ཅིན་དུ་སྤར་ཏེ་རྒྱལ་ཁབ་ཀྱི་མིང་ཡོན་元ཞེས་བསྒྱུར་ཏེ་རྒྱ་ཧོར་བོད་གསུམ་དང་བཅས་པ་དབང་དུ་བསྒྱུར། 1267ལ་སེ་ཆེན་རྒྱལ་པོས་ཆོས་རྒྱལ་འཕགས་པ་གདན་དྲངས་ཏེ་ཡོན་གོང་མའི་རྒྱལ་ས་གསར་བ་པེ་ཅིན་དུ་ཕྱག་ཕེབས། སྤྱི་ལོ་1274ལ་ཕོ་བྲང་ཆེན་པོ་པེ་ཅིན་ནས་ཆིབས་ཁ་བསྒྱུར་ཏེ་ཕེབས་སྐྱེལ་རྒྱ་ཆེན་པོ་དང་བཅས་ཕྱིར་བོད་དུ་འབྱོན་པར་མཛད་དོ། །1280ལོར་གསོལ་ངན་དྲངས་ཏེ་དགུང་གྲངས་ཞེ་དགུའི་སྟེང་སྐྱར་སྐུ་འདས། 


      1267ལོར་སེ་ཆེན་རྒྱལ་པོའི་བཀའ་བཞིན་འཕགས་པས་སོག་པོར་ཧོར་ཡིག་གི་སྲོལ་གསར་བཏོད་མཛད་ནས་ཡིག་ཕུད་རྒྱལ་པོར་ཕུལ་བ་ལ་རྒྱལ་པོ་ཡང་ཐུགས་ཤིན་ཏུ་དགྱེས། འགྲོ་མགོན་འཕགས་པས་གསར་བཏོད་གནང་བའི་ཧོར་ཡིག་ཅེས་པ་འདི་ནི་བོད་ཡིག་གསལ་བྱེད་རྨང་གཞི་བྱས་ནས་གོང་ནས་འོག་ཏུ་གྲུ་བཞི་འཁོར་མར་འབྲི་རྒྱུ་ཞིག་བསྐྲུན་ཡོད་ལ། དེའང་ཡོན་རྒྱལ་རབས་ཀྱི་དུས་མཇུག་བར་དུ་མཐོ་རིམ་ནང་ཁུལ་དུ་ཕལ་ཆེར་ལོ་ངོ་བརྒྱ་ལ་ཉེ་བར་བེད་སྤྱོད་བྱས་མྱོང་བར་བཤད་ཅིང་དུས་ཕྱིས་མ་བཀོལ་བས་ལོ་རྒྱུས་སྟེང་གི་ཡིག་རིགས་རྙིང་པར་གྱུར། རྒྱ་སོག་གིས་འདི་ལ་འཕགས་པའི་ཡི་གེ་ཞེས་འབོད། ཡིག་རིགས་འདི་རྒྱ་སོག་གི་ཡུལ་དུ་དར་ཁྱབ་མ་སོང་ཡང་ཡིག་གཟུགས་དེ་ཕྱིས་སུ་ཀོ་ལི་སྟེ་དེང་གི་ཁྲའོ་ཞན་རིགས་ཀྱི་ཡི་གེ་བསྐྲུན་པའི་རྨང་གཞིར་གྱུར་པར་བཤད། པར་འདི་དག་ཁོ་བོ་ལྷ་ཁང་ནུབ་མར་མཇལ་སྐབས་དེ་གའི་དངོས་མང་བཤམས་སྟོན་ཁང་དུ་འདུག་པས་སྔོན་ནས་ཐོས་མྱོང་བ་དང་ལོ་རྒྱུས་ཀྱི་དཔེ་ཆ་ཁ་ཤས་ཀྱི་ཁྲོད་ནས་མཐོང་མྱོང་བས་རེ་རེ་བཞིན་པར་དུ་བར་ནས་ཉར་ཚགས་བྱས་པ་ཡིན་ལ་ཕྱིས་སུ་འདི་དག་གི་སྐོར་ནས་བརྗེད་ཐོ་རེ་འབྲི་ཐུབ་ན་སྙམ་པ་ཡིན། 


      མཆོད་རྟེན་དཀར་པོའི་དགོན་པ་འདི་སྤྱི་ལོ1271ལོར་བཞེངས་མགོ་བརྩམས་ཤིང་1279ལོར་ཡོངས་སུ་བཞེངས་གྲུབ། དགོན་པ་སེ་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་ལ་བཞེངས་བ་ཡིན་ཡང་དགོན་པ་བཞེངས་གྲུབ་པའི་ལོར་འགྲོ་མགོན་ཆོས་རྒྱལ་ཕྱིར་བོད་དུ་ཕེབས་ཞིང་ལོ་དེའི་ཕྱི་ལོར་འདས། འདི་ནི་ལོ་རྒྱུས་ཐོག་པེ་ཅིན་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་བཞེངས་པ་ཐོག་དང་པོ་ཡིན། 



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ སྤེལ་དུས:2020/2/7
ཧ་ཅང་ལེགས་སོང་།
 སྤེལ་མཁན: ཚེ་རིང་སྐྱིད། སྤེལ་དུས:2019/12/2
ཡག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41283551
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1