མེ་ལོང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »མེ་ལོང་།
མེ་ལོང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/27ལྟ་ཀློག (30372)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མེ་ལོང་།

གྱང་ཆག (རྫ་སྟོད།)
                                                                       
       མེ་ལོང་ལས་དུས་ཚོད་བཞུར་འགྲོ།   མེ་ལོང་ལས་ལོ་ཟླ་རྒས་འགྲོ།
མེ་ལོང་ལས་བྱ་ཁྱུ་གནམ་ལ་འཕུར་འགྲོ།     མེ་ལོང་ལས་མེ་ཏོག་གི་ནམ་ཟླ་ཡལ་འགྲོ།        མེ་ལོང་ལས་ཡོད་ཚད་རྒས་སུ་བཅུག་འགྲོ།

      ཉི་མ་འཆར་ཐེངས་རེ་ལ་འཛམ་གླིང་ཕྱེད་ཀ་བཟུང་མྱོང་བའི་མེས་པོའི་ལག་རྗེས་དྲན་འོངས།    ཟླ་བའི་ཕྱོགས་སུ་མིག་ཟུང་ཅེར་ཐེངས་རེ་ལ་ཁྱེད་ཀྱི་བཞིན་རས་སྨུག་པོ་དེ་དྲན་འོངས།
ཚེ་སྲོག་རླུང་ལ་བརྡར་བའི་དར་ལྕོག་རྙིངས་རལ་དག་མཐོང་ཐེངས་རེར་བདག་དང་བདག་གི་སྙན་ངག་དྲན་འོངས།
རྫ་ཆུའི་རླབས་རིས་ཀྱི་གཉེར་མ་རུ་འོད་ཟེར་ཆམ་ཆམ་འཕྲོ་ཐེངས་རེར་སྙན་ངག་པ་སྐྲ་ལོ་རིང་པོ་ཅན་ཞིག་དྲན་ཡོང་ཨང་།

      མཚན་མོ་འདིར།  ངས་བོད་གླུ་སྙན་མོ་ཞིག་ལ་རྣ་བ་བླགས་ཏེ།
རྫ་ཆུ་སྔོན་མོའི་འགྲམ་ངོགས་ལ་འགྲེང་དུས།   
སྟོང་བསམ་གྱི་མེ་ལོང་ངོས་སུ།  རབ་རིབ་ཏུ་གྱུར་བའི་ངའི་མེས་པོའི་ལོར་རྒྱུས་ཀྱི་གསང་བ་རེ་རེ་དང་བདེན་ལུགས་ཀྱི་ལྟ་བ་རེ་རེར་འོད་དུ་འཚེར་གྱིན་འདུག་ནའང་།    པོ་ཏ་ལའི་རྒྱ་ཕིབས་ཀྱི་གསེར་འོད་དང་ས་ཡ་དྲུག་གི་མིག་ཀོང་ན་འཁྱིལ་བའི་སྙན་ངག་གི་མཆོད་པ་འཐོང་ཐུབ་མི་འདུག་པས།    ཁོ་བོའི་སེམས་ལ་དགུན་ཁའི་གྲང་རླུང་ཁུར་བའི་ཕུག་རོན་ཞིག་བབས་འོངས་པ་དང་ཅི་འདྲའི་མཚུངས་ཨང་།

      ཟླ་འོད་མོག་པའི་མཚན་ལྗོངས་འདིར།  མེ་ལོང་གི་ངོས་སུ།
སྒྱུ་འཕྲུལ་དང་སྐར་མདའ་ཡིས་བཏེགས་པའི་གངས་རིའི་རྣམ་ཤེས་དང་བརྩེ་དུང་གི་རྒྱ་མཚོ། ད་དུང་། རེ་སྒུག་གི་བྱ་ཁྱུ།
རེ་སྨོན་གྱི་ཕུགས་བསམ།   ཡོད་ཚད་ལ་སྲ་ཞིང་མཁྲེགས་པའི་ལྕགས་ཀྱི་སྒོ་ཟྭ་བརྒྱབ་པས།   ཁོ་བོའི་མགོ་བོ་དགྱེ་ཐུབ་བྲལ་ལ་སྙན་ངག་གི་གཤོག་པ་ཡང་གང་སར་བརྐྱངས་བར་དཀའ།     

      དོ་ནུབ།   དགུན་གཞུང་གི་མཚན་ངོགས་སུ་རྫ་ཆུ་སྔོན་མོ་ངའི་མིག་མདུན་ནས་ཤག་ཤག་ཏུ་བཞུར་བའི་འབབ་རྒྱུན་ལས་ཙག་རླུང་གིས་བཅོས་པས་ཆབ་རོམ་དུ་གྱུར་སོང་། 
དགུན་རླུང་འདི་ཧམ་སེམས་དང་གདུག་རྩུབ་བཅས་ཏེ་རྒྱུ་ཡོང་ཞིང་།མཚམས་མཚམས་སུ།   ད་གཟོད་དགུན་རླུང་དེས་ང་རང་རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་དེད་སོང་བའི་སྣང་བ་ཤར་ཞིང་།
སྐབས་སྐབས་སུ།ཞི་མོ་སྐྲ་རིང་མ་ཞིག་གིས་ང་ལ་འགྲམ་ལྕག་ཡང་ཡང་བཞུས་ཀྱིན་འདུག་པའི་ཚོར་བ་ཞིག་སྐྱེས་ནའང་།   
ངའི་སྟོང་བསམ་གྱི་མེ་ལོང་ལས་བར་སྐོར་གླིང་གི་སྤུན་ཟླ་ཚོའི་རྣམ་ཤེས་ཀྱི་གསོལ་འདེབས་དྲོད་མོས་ངའི་སེམས་ལ་མཆོད་མེ་སྦར་ཞིང་རེ་སྨོན་གྱི་རླུང་རྟ་སྤུར་གྱིན་འདུག་པ་ངས་གློ་བར་དུ་རྟོགས་སོང་།

མེ་ལོང་དུ།    འཇའ་ཚོན་གྱོན་པའི་ཕྱེ་ལེབ་ཅིག་འཕུར་གྱིན་འདུག
མེ་ལོང་དུ།    ངའི་སྙན་ངག་གི་སྙིང་ཁ་རུ་རྣག་ཁྲག་ཐིགས་ཀྱིན་འདུག
མེ་ལོང་དུ།    གངས་རི་དང་རྩྭ་ཐང་ལ་མུན་ནག་འཐིབ་ཀྱིན་འདུག
མེ་ལོང་དུ།    ངའི་རྣམ་ཤེས་རྒྱང་རིང་ལ་གཡེང་གིན་འདུག

2019.12.25ཉིན་གྱི་དགོང་མོར་རྫ་ཆུའི་འགྲམ་ནས་བྲིས་པའོ། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45485534
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1