ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་ངོ་སྤྲོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་མཐོ་འབྲིང་ཁག »ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་ངོ་སྤྲོད།
ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་ངོ་སྤྲོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/1/13ལྟ་ཀློག (7477)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་།

མཆོག་སྤྲུལ་བཀྲ་ཤིས་མགོན་པོ།

       ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་ནི་སྤྱི་ལོ་ ༢༠༡༢ ལོའི་དཔྱིད་དུས་ཀྱི་བཀྲ་ཤིས་དུས་བཟང་ཞིག་ལ་ནང་བའི་དགེ་ལས་པ་ཆེན་མོ་མཆོག་སྤྲུལ་བཀྲ་ཤིས་མགོན་པོ་ཉིད་ཀྱིས་༼ཨུ་དུམ་ཝ་རའི་མེ་ཏོག་ནི་ཤིན་ཏུ་དཀོན་ཞིང་རིན་ཐང་ཅན་ཞིག་ཡིན་པ་ལྟར་སློབ་གླིང་འདིའི་མིང་ལ་ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་ཞེས་པའི་མཚན་ཐོགས་གསུངས་ནས་ཨུ་དུམ་ཝ་ར་སྒྱུ་རྩལ་སློབ་གླིང་༽ཞེས་པའི་མཚན་གནངས་ཏེ་ན་གཞོན་ཤེས་གཉེར་ཅན་བཞུགས་པའི་རི་མོའི་སློབ་གླིང་འདི་ས་ཆེན་པོ་འདིའི་ཐོག་མཁྱེན་བརྩེ་ནུས་གསུམ་ངང་གནས་ཐུབ་པའི་རྒྱབ་སྐྱོར་བསླབ་སྟོན་བཅས་དབུ་བརྙེས།


      དུས་དེ་ནས་བཟུང་ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་གི་དགེ་སློབ་དག་ལ་གསོན་ཤུགས་ལྷག་ཏུ་རྒྱས་ཏེ། ཁྲིན་འདུ་སྤོས་ལྡན་གྲོང་ཁྱེར་གྱི་ཉེ་འདབས་སྨྱུག་ཤིང་དང་མཚེའུས་བསྐོར་པའི་ས་དཔྱད་ཕུན་སུམ་ཚོགས་པའི་ནོར་འཛིན་གྱི་ཐིག་ལེ་དེར་སྨུག་པོའི་སྦྲ་ནག་ཕུབ་སྟེ་ཐང་ག་རིག་པ་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཏན་ཆེད་སྦྱོང་དང་ཆེད་སྤེལ་དམིགས་གསལ་མཛད་པས། ཉེ་འཁོར་གྱི་མི་རིགས་གཞན་གྱིས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སློབ་མའི་སྤྱོད་བཟང་གིས་ཡིད་སེམས་བཀུག་སྟེ་ས་གནས་དེའི་ལས་བྱེད་པ་དང་ཉེན་རྟོག་པ་སོགས་ཀྱིས་ཀྱང་བསྔགས་བརྗོད་དང་རྒྱབ་སྐྱོར་བླ་ལྷག་གནང་འདུག 


       ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་གི་རྒྱབ་རིའམ་ཐོད་པའི་མིག་དང་ཁོག་གི་སྙིང་ལྟ་བུར་གྱུར་པ་ནི། བོད་ཀྱི་དགོན་སྡེ་བརྒྱ་ཕྲག་དང་། སློབ་གྲྭ་དང་བཤད་གྲྭ་ཉམ་ཐག་ནད་པ་དབུལ་བོ་སོགས་གྲངས་ལས་འདས་པ་ལ་ལེན་དུ་མི་རེ་ཞིང་ལྷག་བསམ་རྣམ་དག་གིས་དམངས་སྒོར་དུང་ཕྱུར་མང་པོས་སྲི་ཞུ་གནང་པར་མཛད་པའི་ཡོངས་གྲགས་དགེ་བསྐུལ་སློབ་གསོ་བ་ཆེན་མོ། གཞན་ཕན་བསྒྲུབ་པ་ལ་ནམ་ཡང་སྐྱོ་ངལ་མི་མངའ་པའི་སྐྱེས་བུ་ཆེན་པོ་སྤྲུལ་བཀྲ་ཤིས་མགོན་པོ་མཆོག་ཡིན།  ཁོང་གིས་ཨུ་དུམ་ཝ་སྒྱུ་རྩལ་སློབ་གླིང་གི་སློབ་གཙོའི་འགན་འཁྲི་བཞེས་ནས་བོད་གཙོས་རིས་མེད་འགྲོ་བ་ཡོངས་ལ་ཕན་བདེའི་འོད་སྣང་བསྐྲུན་དང་སྐྲུན་གྱིན་པའི་འོད་ཟེར་འཛམ་གླིང་ཤར་ནུབ་ཀུན་ཏུ་འཕྲོ་བཞིན་པ་ད་ལྟའི་དྲྭ་ལམ་ཀུན་ཏུ་མཇལ་རྒྱུ་ཡོད་པ་དེ་དག་གོ།

སློབ་མ་ཚོས་སློབ་ཁྲིད་ལ་ཉན་བཞིན་པ།

དགེ་རྒན་བསྟན་འཛིན་ཕུན་ཚོགས

       དེ་བཞིན་ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་གི་སྲོག་ཤིང་ལྟ་བུར་གྱུར་བ་ནི་བོད་ཀྱི་ལྷ་བཟོ་ཆེན་མོ་དགེ་རྒན་བསྟན་འཛིན་ཕུན་ཚོགས་མཆོག་ཡིན། ཁོང་ལ་དུ་ཆང་ཤྭ་རྒྱན་སོགས་ངན་སྤྱོད་གང་ཡང་མི་གནས་པ་མ་ཟད་གཞུང་རྒྱུད་མདའ་ལྟར་དྲང་ཞིང་དམ་པའི་ཆོས་ལ་དད།   སློབ་མ་དག་རང་གི་བུ་ཚ་ལྟར་ཤ་ཚ་སྙིང་ཉེ་བས་རང་རྒྱུད་ལ་བཞུགས་པའི་ཀརྨ་སྒར་བྲིས་ཀྱི་ཕྱག་སྲོལ་མ་ཉམས་པ་དག་སློབ་མ་རེའི་རྒྱུད་ལ་ཆ་ཚང་རེ་འབྱོར་བའི་རེ་བ་དེ་ཁོང་གི་མི་ཚེའི་སྙིང་དོན་དུ་བཟུང་ཡོད་པ་རྒྱུས་ཡོད་ཀུན་གྱིས་རྟོགས།  ད་དུང་ཁོང་ནི་བོད་ཀྱི་གནའ་རྫས་དང་སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཏན་ཆེ་མཐོང་གཅེས་སྐྱོང་མཛད་མཁན་ཞིག་ཡིན་པ་མ་ཟད། ཟ་ཉལ་འགྲོ་འདུག་གི་སྤྱོད་པ་ཡང་ཡ་རབས་ཀྱི་ཀུན་སྤྱོད་ལ་བསྐུལ་བར་བྱེད་པའི་སློབ་གསོ་བ་ཞིག་ཡིན་པས།  ཨུ་དུམ་ཝ་ར་སྒྱུ་རྩལ་སློབ་གླིང་ནས་ཕེབས་པའི་སློབ་མ་ཕལ་བ་ཞིག་ཡིན་ཡང་གཞན་དང་མི་འདྲ་བའི་ཀུན་སྤྱོད་གཙང་དག་ལྡན། དེའི་ཕྱིར་གཞན་ཚོས་ཨུ་དུམ་ཝ་ར་སློབ་གླིང་ནས་ཐོན་པའི་སློབ་མ་ལ་མ་མཐའ་ཡང་དུ་ཆང་རྒྱན་རྐུ་སོགས་མི་ལྡན་ཞེས་ཡོངས་སུ་གྲགས་ཡོད།


སྤྱི་ཁྱབ་ལྟ་སྐུལ་པ་གཉེར་ཆེན་ཨོ་རྒྱན་བསམ་འགྲུབ

     ད་དུང་ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་གི་ཕྱག་ཟུང་ལྟ་བུར་གྱུར་པ་ནི་སྤྱི་ཁྱབ་ལྟ་སྐུལ་པ་གཉེར་ཆེན་ཨོ་རྒྱན་བསམ་འགྲུབ་མཆོག་ཡིན།  ཁོང་ལ་རྣམ་དཔྱོད་དང་གུ་ཡངས་ཀྱི་ཤེས་རབ་ལྡན་པས་ཡོངས་དང་མཐུན་ཞིང་ཀུན་ལ་ཕན་པ་བྱེད་པའི་ནུས་ཤུགས་མངའ། ལྷག་པར་བོད་ཀྱི་གནའ་དེང་གི་རིག་གཞུང་ལ་ཤ་གསེང་རུས་གསེང་ནས་དུང་མཁན་ཞིག་ཀྱང་ཡིན་པས་སློབ་གླིང་འདིའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ཇེ་འཕེལ་དང་ཉམས་པ་སླར་གསོ་སོགས་ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་གི་འདས་མ་ད་གསུམ་གྱི་ལུགས་གཉིས་དར་སྤེལ་ལ་མེད་དུ་མི་རུང་པའི་མི་སྣ་འགངས་ཞིག་ཡིན་ནོ།།     


     དེ་འདྲའི་གསེར་གྱི་ཨ་ལུང་སུམ་སྒྲིལ་ལྟ་བུའི་མཁྱེན་བརྩེ་ནུས་གསུམ་ལྡན་པའི་སྐྱེས་མཆོག་གསུམ་གྱིས་གཅེས་པར་བསྐྱངས་པའི་ཨུ་དུམ་ཝ་ར་སྒྱུ་རྩལ་སློབ་གླིང་གི་ཕུགས་འདུན་ནི་ནམ་མཁའི་མཐའ་བཞིན་ཡངས་ཤིང་ཤར་གྱི་ཉི་གཞོན་བཞིན་གསལ། ཨུ་དུམ་ཝ་ར་སྒྱུ་རྩལ་སློབ་གླིང་གི་ཐང་ག་དང་སློབ་གསོ།  སློབ་མ་དང་ཁོར་ཡུག  གུས་བཀུར་དང་ཀུན་སྤྱོད།  སྦྲ་ནག་དང་རྩྭ་ཐང་།  རྩམ་པ་ལ་སོགས་གདོང་དྲུག་ཁ་བ་བོད་པའི་དབུ་རྣ་དང་གཟི་བརྗིད་ཉག་གཅིག་ཏུ་གྱུར་ཡོད།  མདོར་ན་ཨུ་དུམ་ཝ་ར་སྒྱུ་རྩལ་གླིང་གིས་མི་དང་སྲོག་ལྡན་ཀུན་ལ་མཁོ་བའི་ཤེས་རབ་དང་སྙིང་རྗེས་སྦྲུམ་པའི་ཐང་ག་འབྲི་བཞེངས་དང་ན་གཞོན་གསོ་སྐྱོང་ལས་གཞན་བྱེད་ཅི་ཡང་བྱེད་ཀྱིན་མེད།


ཨུ་དུམ་ཝཱ་ར་སྒྱུ་རྩལ་སློབ་གླིང་གི་ལོ་འཁོར་བརྒྱད་ལོན་པའི་དགའ་སྟོན་མཛད་སྒོ


     སྤྱི་ལོ༢༠༢༠ལོའི་ཟླ་༡དང་པོའི་ཚེས་༡༢ཉིན་སྤྲུལ་བཀྲ་ཤིས་མགོན་པོ་མཆོག་གིས་ཨུ་དུམ་ཝཱ་ར་སྒྱུ་རྩལ་སློབ་གླིང་བཙུགས་ནས་ལོ་འཁོར་བརྒྱད་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་བསྡུས་ཐོག  བོད་ཁུལ་གྱི་དགེ་རྒན་ཆེན་མོ་དང་སློབ་གསོ་བ་གྲགས་ཅན།  ཤེས་འཇོན་གཉིས་ལྡན་གྱི་ལས་བྱེད་པ། སྤྱི་ཚོགས་དགེ་ལས་པའི་གྲས་ཀྱི་མི་སྣ་རླབས་ཆེན་དང་། སློབ་གསོའི་ལས་དོན་ལ་རྒྱབ་སྐྱོར་དང་མོས་མཁན་བརྒྱ་ཡས་མས་ཤིག་གདན་འཛོམས་པ་དེས་སློབ་གླིང་གི་འདས་མ་ད་གསུམ་གྱི་བྱ་བའི་སྒྲོམ་གཞི་ལ་གཡུར་དུ་ཟ་བའི་ཕན་རླབས་བྱུང་ཡོད།


མཁས་མང་གདན་འཛོམས་ཤིང་སློབ་གླིང་ལོ་འཁོར་བརྒྱད་ལོན་པའི་འཁྲུངས་སྟོན་མཛད་སྒོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྩོམ་སྒྲིག་པ། སྤེལ་དུས:2020/1/13
མཆོག་སྤྲུལ་བཀྲ་ཤིས་མགོན་པོས་འཛམ་གླིང་ས་ཡི་སྟེང་ན་ཆེས་མཐོ་བའི་བོད་གངས་ཅན་ལྗོངས་འདིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་གསོ་གནང་བ་དང་། ཕྱོགས་དང་རིས་སུ་མ་ཆད་པའི་ནང་བསྟན་གྱི་བཤད་གྲྭ་གསར་དུ་འཛུགས་པ་དང་འཚོ་བའི་མཐུན་རྐྱེན་སྦྱོར་བ། དྭ་ཕྲུག་དང་སློབ་ཡོན་གྱི་དཀའ་ཁག་ཡོད་པ་རྣམས་ལ་སློབ་གྲྭ་གསར་དུ་འཛུགས་པ་དང་སློབ་ཡོན་གནང་བ། བཀྲེས་སྐོམ་སྡུག་བསྔལ་ཉམས་སུ་མྱོང་བའི་དབུལ་པོ་ལ་སྤྲང་འགྱེད། གཉེན་བཤེས་སྐྱབས་རྟེན་མེད་པའི་རྒན་རྒོན་ལ་རྒན་གསོ་ཁང་། དབང་པོ་སྐྱོན་ཅན་དང་བཟའ་ཟླ་མེད་པའི་བུད་མེད་ལ་རོགས་རམ་གནང་བ། འབྱོར་པ་མེད་པའི་ནད་པ་ལ་སྨན་ཡོན་གནང་བ་དང་ལུང་ཁུག་སྨན་དཔྱད་དཀའ་སར་སྨན་ཁང་འཛུགས་པ་སོགས་དུས་སྔ་ཕྱི་དང་ཡུན་ལོ་གྲངས་རིང་ཐུང་ཅི་རིགས་པར་རོགས་སྐྱོར་གནང་བར་མཛད་དང་མཛད་བཞིན་ཡོད།
 སྤེལ་མཁན: སྟག་ལ། སྤེལ་དུས:2020/1/13
སློབ་གླིང་འདི་ཡར་ནས་ཡར་དུ་དར་བར་ཤོག
 སྤེལ་མཁན: དཔལ་མོ། སྤེལ་དུས:2020/1/13
ཕྱག་ལས་འདི་ལ་ཡི་རངས་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41308786
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1