ཚིག དམེ་ཚང་རྟ་ཁོ།
དབྱངས། རྨ་གླིང་ལྷུན་གྲུབ།
ལེན་མཁན། མགོ་ལོག་རྒྱལ་མཚན།
སེམས་ཀྱི་སྒེའུ་ཁུང་ནང་ལ། །
བྱམས་བརྩེའི་ཉི་འོད་འཕྲོས་པའི། །
ང་ཡི་བགྲེས་པོ་ཚེ་རིང་། །
སྐྱེ་འགྲོ་ཀུན་གྱི་ཕ་ཡིན། །
འཆི་བདག་གཤིན་རྗེའི་མདུན་ནས། །
ཞེན་ཆགས་བུ་ལ་འཁོར་བའི། །
ང་ཡི་བགྲེས་པོ་ཚེ་རིང་། །
ཕལ་བའི་ཁྱིམ་གྱི་ཕ་ཡིན། །
སྦྲ་རྒན་གོ་འདབས་བར་ནས། །
བསྐལ་བའི་ཆགས་རིམ་འཆད་པའི། །
ང་ཡི་བགྲེས་པོ་ཚེ་རིང་། །
ཤེས་བྱ་རིག་པའི་མཛོད་ཡིན། །
གདོང་གི་གཉེར་རིས་བར་ལ། །
མི་ཚེའི་སྐྱིད་སྡུག་བྲིས་པའི། །
ང་ཡི་བགྲེས་པོ་ཚེ་རིང་། །
ཉམས་མྱོང་སྟོང་གི་མཛོད་ཡིན། །
|