ང་རང་ཁོམ་སྐབས་སུ་དར་དཀར་པོའི་བོད་ཟས་ཁང་དུ་སོང་བ་ཡིན།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 26 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »ང་རང་ཁོམ་སྐབས་སུ་དར་དཀར་པོའི་བོད་ཟས་ཁང་དུ་སོང་བ་ཡིན།
ང་རང་ཁོམ་སྐབས་སུ་དར་དཀར་པོའི་བོད་ཟས་ཁང་དུ་སོང་བ་ཡིན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/13ལྟ་ཀློག (2406)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ང་རང་ཁོམ་སྐབས་སུ་དར་དཀར་པོའི་བོད་ཟས་ཁང་དུ་སོང་བ་ཡིན།

ཁཱ་ཤེས་རབ་རྒྱ་མཚོ།

       དེང་རབས་ཀྱི་སྤྱི་ཚོགས་ག་ས་གང་དུའང་གཞོན་སྐྱེས་ཚོང་གཉེར་བ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཞིག་ཡོང་གིན་པ་ནི་དགའ་འོས་པ་ཞིག་ཡིན་ཡང་། ལས་དང་བོའི་ཚོང་བ་འགའ་ཞིག་ལ་གྱོང་གུད་ཀྱང་འཁྱེར་ཡོང་གི་ཡོད་པ་ནི་ཉམས་མྱོང་དང་ཆེད་ལས་རིག་པའི་བྱེད་ཐབས་འཆར་སྒོ་སོགས་ཀྱིས་མ་འདང་བས་བསྐྱར་དཔར་མང་བོ་བྱས་པའི་གྲུབ་འབྲས་རེད་ཅེས་བཤད་ཀྱང་ཆོག་མོད། རྒྱལ་ཕམ་གཉིས་ལས་ཕམ་ཁར་གདོང་ལེན་མི་ཐུབ་པའི་མི་མང་བོར་ནམ་ཡང་རྒྱལ་ཁ་དཀོན་པར་མཐོང་། གང་ལྟར་རང་གི་དགའ་ཕྱོགས་ཟེར་ན་རེད་ཚོང་ལས་འདི་ཡང་རྒྱུན་བསྐྱང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ།

      ཁ་སང་དེ་རིང་ཁྲིན་ཏུའུ་ལ་མཚོན་ན་བོད་མི་ཁྲི་ཕྲག་མང་བོ་འདུས་སྡོད་ཀྱི་ས་ཁུལ་ཆེ་ཤོས་ཤིག་ཆགས་ཡོད་དུས། དེའི་མཐའ་སྐོར་དུ་བོད་མིའི་དད་མོས་ཀྱི་ཡུལ་དུ་མཁོ་བའི་ལྷ་རྟེན་མཆོད་ཆས་དང་། བོད་ལྭ་གྲྭ་ཆས་སོགས་རིགས་སྣ་ཚོགས་རང་ལ་སྒོར་མོ་ཡོད་ན་ཅི་དགོས་ཉོ་ཆོག་པ་ཞིག་དང་། ཡང་ན་དར་དཀར་པོ་ཚང་ལྟ་བུའི་བོད་ཟས་ཁང་ཡང་ཆེ་མ་ཆུང་གསུམ་བགྲང་དཀའ་བ་ཞིག་ཡོད་ཀྱང་མང་ཆེ་བ་ཧོལ་རྒྱུག་གི་རྣམ་པ་ཙམ་ལས་རྒྱུན་སྐྱོང་མཁན་རེ་འགའ་ཙམ་ལས་ལྷག་མི་སྲིད་པ་ཞིག་རེད།

      ཡིན་ན་ཡང་དར་དཀར་པོ་ཚང་ནི་ཉིས་སྟོང་བཅུའི་ལོར་སི་ཁྲོན་ཁྲིན་ཏུའུ་ནས་དབུ་བརྙེས་ཤིང་བོད་པ་རང་གི་རོང་འབྲོག་གི་ཟ་མའི་ཁྱད་ཆོས་ཡོད་པ་ཞིག་རེད། ང་རང་ཐེངས་འགར་ནང་དུ་སོང་བ་ཡིན་ལ་ཨ་མའི་ལག་ཟས་ལྟ་བུའི་རྫས་སྦྱོར་མང་བོ་མེད་པའི་བྲོ་བ་དེ་ཧ་ཅང་ཞིམ། དེ་བས་ལམ་ཐག་ཉེ་རིང་གི་མགྲོན་པོ་སུ་ཡང་དར་དཀར་པོའི་རང་གཤིས་བསྣམས་པའི་བོད་ཟས་ཁང་འདིར་འབྱོར་དུས་འཕྲོད་བསྟེན་དང་འཚམ་པའི་བོད་ཟས་ལ་བློ་ཁེལ་ཆོག་ཅེས་བཤད་ན་རྫུན་མིན། དེ་མིན་བོད་ཟས་ཁང་ཡིན་ཡང་ཤ་རྫུན་སོགས་ཟ་རྒྱུ་འཐུང་རྒྱུ་མང་ཆེ་བ་རིན་གོང་སླ་མོ་དང་རྫུན་པ་ཡིན་པས་ལུས་པོའི་བདེ་ཐང་ལ་གནོད་ཚབས་ཆེ་བ་ཞིག་རེད་སྙམ།

བདག་ལ་མཚོན་ན་བོད་ཟས་ཁང་འདི་ནི་བོད་ཟས་ཁང་ཆེད་ལས་ཤིག་གི་ཐོག་ཏུ་འགྲོ་བཞིན་པའི་ཐེམ་སྐས་ཤིག་ཡིན་པར་ལྟ་གི་ཡོད།

      མི་མང་བོ་ཞིག་གིས་རྣ་ཐོས་སུ་གྱུར་པའི་རིགས་ལ་དེ་འདྲའི་ཡིད་རྟོན་མི་བྱེད་ཀྱང་། རང་ཉིད་དངོས་སུ་ཟ་ཁང་འདིར་ཐོན་ན་ཐུན་མོང་མ་ཡིན་པའི་བོད་ཟས་ཁང་ཞིག་གི་བདེན་པ་ཁུངས་སྐྱེལ་གྱི་ར་སྤྲོད་འདང་ངེས་ཡིན། ཁྱེད་རང་དཔེ་ཀློག་ལ་དགའ་བོ་ཡོད་ན་ཟ་མ་ཟ་ཞོར་དུ་གནའ་དེང་མཁས་པའི་གསུང་རྩོམ་སྣ་ཚོགས་ལ་མཇལ་ན་ཁོར་ཡུག་ལྷིང་འཇགས་ཤིག་ཀྱང་ཡོད།

      དེང་སྐབས་ཟ་ཁང་མགྲོན་ཁང་གང་ཡིན་ཡང་མཛེས་སྦྲས་ཀྱི་ཆ་ནས་བོད་པའི་རོང་འབྲོག་གི་གནའ་རྫས་མང་བོ་བཤམ་སྟོན་བྱས་པར་མ་ཟད་མཚམས་རེར་དགོན་པའི་འདུ་ཁང་ཞིག་གི་ནང་དུ་ཐོན་སོང་སྙམ་པའང་ཡོད་པས་ཁྲ་ཁྲ་རིག་རིག་གི་ཚད་ཅིག་འཇོག་དཀའ་བར་གྱུར་པ་ནི་མིའི་ཧམ་སེམས་ལ་མཐའ་མེད་པ་དེ་བཞིན་ཡོང་གིན་ཡོད་ཀྱང་། དར་དཀར་པོའི་ཟ་ཁང་འདི་ནི་ཡོན་ཏན་པའི་སྡེ་མཉམ་འཛོམས་དང་ངོ་ཤེས་བཅའ་ས་ཞིག་གི་སྡིང་ས་ཆ་ལྟ་བུར་གྲུབ་ལ་གཞོན་སྐྱེས་ཚོར་སྨྲེང་སེམས་སློང་ལ་རྩེད་དགོད་གཏིང་ནས་སློང་སའི་སྙིང་གཏམ་བྱོ་ས་ཞིག་ཀྱང་རེད། དེ་བས་ཟ་ཁང་འདི་ནི་སྐྱེས་ཕོ་མོ་སུ་ཡིན་ཡང་ཆང་ས་བརྒྱབ་པ་ལྟ་བུའི་དགའ་མོས་སྣེ་ལེན་ཡོད་སའི་གནས་ཤིག་རེད་འདོད་ཡོད།

༢༠༡༨ལོའི་ཟླ་༡༡པའི་ཚེས་༡༠ལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
29500868
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1