གོ་གནས་དང་ཁ་བྲལ་བྱུང་དུས། ཁྱོད་ནི་སུ་ཡིན།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 26 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »གོ་གནས་དང་ཁ་བྲལ་བྱུང་དུས། ཁྱོད་ནི་སུ་ཡིན།
གོ་གནས་དང་ཁ་བྲལ་བྱུང་དུས། ཁྱོད་ནི་སུ་ཡིན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/14ལྟ་ཀློག (2523)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གོ་གནས་དང་ཁ་བྲལ་བྱུང་དུས། ཁྱོད་ནི་སུ་ཡིན།

སློབ་དཔོན་ཞིན་ཡོན་གྱིས་བརྩམས།

དཀོན་མཆོག་ནོར་འཛིན་གྱིས་བསྒྱུར།

        སྔོན་རི་གསེབ་ཀྱི་དགོན་པ་ཞིག་གི་ནང་དུ་བོང་བུ་ཞིག་ཡོད་ལ། བོང་བུས་ཉིན་རེར་བྱེ་འཐག་ཁང་དུ་དཀའ་བ་བརྒྱ་ཕྲག་གིས་གཡོག་ལས་བྱས་ཏེ་ལོ་ཟླ་མང་པོ་སྐྱེལ་དགོས་པའི་འཚོ་བ་ལ་སྐྱོ་གདུང་དང་ཡིད་རབ་ཏུ་སུན། འོན་ཀྱང་། དུས་ཡུན་རིང་པོ་མ་སོང་བའི་ཉིན་ཞིག་ལ། བོང་བུ་བཙུན་པ་ཞིག་གིས་ཁྲིད་ནས་རི་འདབས་སུ་སོང་སྟེ་ཁལ་འཁུར་བའི་གོ་སྐབས་རག་བྱུང་བས་ཧ་ཅང་སྤྲོ་དགས་ཁེངས། བཙུན་པས། རི་འདབས་ལ་སླེབས་མ་ཐག་བོང་བུ་ལ་ཁལ་བཀལ་ནས་ཕྱིར་དགོན་པར་ཆས། བློ་ཡིད་ལས་འགོངས་པ་ཞིག་ནི།ལམ་འགྲམ་གྱི་སྐྱེ་བོ་དག་གིས་བོང་བུ་མཐོང་མ་ཐག་ལམ་གྱི་གཡས་གཡོན་དུ་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ་བོང་བུ་ལ་གུས་མཐོང་གིས་ཕྱག་འཚལ། དང་པོར་བོང་བུས་ཅི་ཡང་ཧ་མ་གོ་བར་མགོ་རྨོངས། སྐྱེ་བོ་ཀུན་གྱིས་ཁོ་རང་ལ་རྒྱུ་མཚན་ཅི་ཞིག་ལ་གུས་པས་ཕྱག་འཚལ་བ་མ་ཤེས་པར་འཚབ་འཚབ་ངང་ཚུལ་དེ་དག་ལ་གཡོལ་གང་ཐུབ་བྱས། ཡིན་ནའང་། ལམ་ཐག་རིང་ཐུང་ཀུན་ཏུ་སྣང་ཚུལ་དེ་ལྟར་ཡིན་པས། བོང་བུའི་སེམས་ལ་ཀུན་རྟོག་གཞན་ཞིག་སྐྱེས་པ་ནི་སྐྱེ་བོ་རྣམས་ཀྱིས་བདག་ཉིད་ལ་དད་པ་བྱེད་བཞིན་འདུག་སྙམ། དེ་ནས་སྐྱེ་བོ་དག་ལམ་བར་དུ་འགྲོ་དུས། བོང་བུས་རྫིག་རྫིག་གིས་ཆེ་ཉམས་བསྟན་ཏེ་ལམ་དཀྱིལ་དུ་འགྲེང་འགྲོས་བྱས། ཕར་འགྲོ་དུས་དྲེགས་ཉམས་ཀྱིས་སྒལ་ཚུགས་ཀྱང་དྲང་མོར་བསྲིངས་ཤིང་། ཕྱིར་དགོན་པར་ལོག་པ་ན། བོང་བུའི་བསམ་པར། ད་ནི་རང་ཉིད་ཀྱི་ཐོབ་ཐང་མཐོན་པོར་ཆགས་སོང་བར་འདོད། སྔོན་གྱི་བྱེ་འཐག་པའི་ཁལ་དེའང་མི་འཁུར་བར། དེ་ལས་ལྡོག་སྟེ་སྐྱེ་བོ་ཀུན་གྱི་གུས་བརྩི་དང་ཕྱག་འཚལ་བ་ལ་དགའ་དུངས་དུངས་བྱས། བཙུན་པའང་ཐབས་ཟད་དེ་བོང་བུ་རི་འདབས་ལ་བཏང་། བོང་བུ་རི་འདབས་ལ་འབྱོར་དུས། ཁོ་དང་བར་ཐག་མི་རིང་བའི་ས་མཚམས་ཤིག་ཏུ་སྐྱེ་བོ་སྐོར་ཞིག་གིས་རྔ་རྡུང་བ་དང་རོལ་མོ་དཀྲོལ་བཞིན་རང་གི་ཉེ་འཁྲིས་སུ་སླེབས་པ་མཐོང་བ་ན། འོ། མི་རྣམས་བདག་བསུ་བར་འོང་བ་ནི་ངེས་པར་ཡིན་བསམ། དེ་ནས་ཕར་གཡོ་ཚུར་གཡོའི་འགྱིང་འགྲོས་ཀྱིས་ལམ་དཀྱིལ་དུ་འགྲེང་སྟེ་བསྡད། མ་གཞི་དེ་ནི་བག་མ་བསུ་བར་འགྲོ་བའི་སྐྱེ་བོའི་ཚོགས་ཤིག་ཡིན་ནའང་།བོང་བུ་ཞིག་གིས་འགྲོ་ལམ་བཅད་པས་ཚིག་པ་ཟོས་ཏེ་ལྕགས་དབྱུག་གིས་བོང་བུར་དྲག་པོར་བརྒྱབ། བོང་བུ་སྐྲག་སྣང་གིས་མ་བཟོད་པར་ཕྱི་ལྟོས་མེད་པར་དགོན་པར་བྲོས། ཅུང་ཙམ་སེམས་ལྷོད་ལ་བབ་ནས་ཡི་མ་རངས་པའི་ངང་བཙུན་པ་ལ་འདི་ལྟར་ཞུས། མི་ནི་ཇི་འདྲའི་གདུག་སེམས་ཅན་ཞིག་རེད། བདག་དང་པོར་རི་འདབས་ལ་འགྲོ་དུས་མི་རྣམས་ཀྱིས་བདག་ལ་གུས་མཐོང་གི་ཕྱག་འཚལ་བར་བྱེད། འོན་ཏེ།དེ་རིང་ཁོ་ཚོས་བདག་ལ་དྲག་རྡུང་བྱས་སོང་ཞེས་བཤད། བཙུན་པས་དངན་པ་ཞིག་འཐེན་ཞོར་འདི་ལྟར་གསུངས། ངོ་མ་ཁྱོད་བོང་བུ་གླེན་པ་ཞིག་རེད།ཉིན་དེར་སྐྱེ་བོ་ཀུན་གྱིས་གུས་འདུད་བྱ་བ་ནི་ཁྱོད་ཀྱི་རྒྱབ་ལ་བཀལ་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་དེ་རེད། ཁྱོད་ལ་ཕྱག་བྱ་བ་ནི་མ་ཡིན་ནོ།།

མི་ཚེའི་ནང་གི་ཆེས་ཆེ་བའི་ཆག་སྒོ་ནི་རང་ཉིད་ངོས་མི་ཟིན་པ་དེ་ཡིན། གོ་གནས་དང་ཁ་བྲལ་དུས་རང་ཉིད་ནི་ཅི་ཡང་མ་ཡིན། འུ་ཚོས་ཉིན་རེར་མེ་ལོང་ནང་དུ་བལྟ་དགོས། འོན་ཀྱང་། འུ་ཚོས་མེ་ལོང་ནང་ལ་ལྟ་དུས་རང་ཉིད་ལ་དྲི་བ་ཞིག་བཏོན་ཨེ་མྱོང་། ཁྱོད་ཀྱིས་རང་ཉིད་ངོ་ཤེས་སམ། གལ་སྲིད། ཁྱོད་རང་འབྱོར་ལྡན་པ་ཞིག་ཡིན་ན། སྐྱེ་བོ་ཀུན་གྱི་དད་ཞེན་ནི་རྒྱུ་འབྱོར་ལས་ཁྱོད་རང་མ་ཡིན། འོན་ཏེ། ཁྱོད་རང་གོ་འཛོལ་བྱུང་སྟེ་སྐྱེ་བོ་ཀུན་ཁྱོད་རང་ལ་དད་ཞེན་འདུག་བསམ། གལ་སྲིད། ཁྱོད་རང་དབང་འཛིན་པ་ཞིག་ཡིན་ན། སྐྱེ་བོ་ཀུན་གྱི་དད་ཞེན་ནི་དབང་ཤུགས་ལས་ཁྱོད་རང་མ་ཡིན། འོན་ཏེ། ཁྱོད་རང་གོ་འཛོལ་བྱུང་ནས་སྐྱེ་བོ་ཀུན་ཁྱོད་རང་ལ་དད་ཞེན་འདུག་བསམ། གལ་སྲིད། ཁྱོད་རང་སྐྱེ་གཟུགས་ཡག་ལ་ལང་ཚོ་ལྡན་པ་ཞིག་ཡིན་ཚེ། སྐྱེ་བོ་ཀུན་གྱི་དད་ཞེན་ནི་སྐྱེ་གཟུགས་ལས་ཁྱོད་རང་མ་ཡིན། འོན་ཏེ། ཁྱོད་རང་གོ་འཛོལ་བྱུང་ནས་སྐྱེ་བོ་ཀུན་ཁྱོད་རང་ལ་དད་ཞེན་འདུག་བསམ། རྒྱུ་འབྱོར་དང་དབང་ཤུགས། སྐྱེ་གཟུགས་སོགས་ཁག་ཐེག་གི་དུས་ཡུན་ལས་བརྒལ་སྐབས་ཁྱོད་རང་འདོར་བར་བྱ་ངེས། སྐྱེ་བོ་ཀུན་གྱི་དད་ཞེན་ནི་ཁོ་ཚོའི་འདོད་ཧམ་ཙམ་ལས་ཁྱོད་རང་མ་ཡིན་པའི་གནས་ལུགས་དེ་གོ་བར་གྱིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
29500023
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1