མཁན་ཀླུ་སྒྲུབ་དབང་ཕྱུག་གི་དེབ་གསར་མཛད་སྒོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 26 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། » མཁན་ཀླུ་སྒྲུབ་དབང་ཕྱུག་གི་དེབ་གསར་མཛད་སྒོ།
མཁན་ཀླུ་སྒྲུབ་དབང་ཕྱུག་གི་དེབ་གསར་མཛད་སྒོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/15ལྟ་ཀློག (2906)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ལེགས་བཤད་གཅེས་ནོར་གྱི་དེབ་གསར་འགྲེམ་པའི་སྒོ་འབྱེད་མཛད་སྒོ།


ཁཱ་ཤེས་རབ་རྒྱ་མཚོ།
      རྩོམ་པ་པོ་མཁན་ཀླུ་སྒྲུབ་དབང་ཕྱུག་ཁོང་ཡིན་ན་བླ་རུང་ཆོས་སྒར་ནས་ཐོས་བསམ་སློབ་གཉེར་བྱས་ཏེ་མཁན་ཐོབ་བླངས་ཤིང་། ངུར་སྨྲིག་གོས་ཀྱི་ན་བཟའ་བཀླུབས་ཏེ་ཤཱཀྱའི་དགེ་སྦྱོང་ཞིག་ཡིན་པར་མ་ཟད་རྟག་པར་གྲྭ་བཙུན་དཀྱུས་མ་ཞིག་གི་ཚུལ་མཛད་དེ་ཁེངས་སྐྱུང་དང་ཡ་རབས་བག་ཡོད་ལྡན་པའི་དམ་པ་ཞིག་ཏུ་མཐོང་བར་མ་ཟད། སྐུ་སྐྱེས་བསྟན་དོན་དུ་བྱོན་ན། བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས་གསུངས་པ་བཞིན་རོང་ཐ་དགོན་པའི་རྟེན་བསྟེན་པ་ཆ་ཚང་དང་ལྷག་པར་དུ་རོང་ཐ་དགོན་པའི་ཁྲི་ཤོང་ཆོས་རའི་ནང་དུ་ལོ་ངོ་བཅུ་ཕྲག་གི་རིང་ཁོང་དང་རིས་མེད་བླ་སྤྲུལ་མཁན་གསུམ་གདན་དྲངས་ཏེ་ཆོས་ཀྱི་ཆར་བ་བབས་པ་དང་། འབྱོར་མེད་དྭ་ཕྲུག་དང་བདག་མེད་རྒ་རྒས་སོགས་ལ་རོགས་སྐྱོར་བླ་མེད་བྱས་པའི་མཛད་རིམ་སོགས་ལ་བལྟས་ན་བསྟན་འགྲོའི་ཀྭ་ཆེན་ཞིག་ཀྱང་ཡིན་ངེས་སྙམ་པས་འདིར་ཁོང་གི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་མདོར་དྲིལ་ཏེ་དེ་རིང་གི༼ལེགས་བཤད་གཅེས་ནོར༽སྒོ་འགྱེད་མཛད་སྒོ་ལ་སེམས་བསམ་པའི་གཏིང་ནས་རྟེན་འབྲེལ་དང་བཀའ་དྲིན་ཞུས་པ་ཡིན།
      ཁོང་གིས་བྲིས་པའི༼ལེགས་བཤད་གཅེས་ནོར༽འདི་སྔོན་བྱོན་དམ་པའི་དགོངས་པ་ཟབ་མོ་དཔྱིད་དཔལ་བསུ་བའི་ཁུ་བྱུག་བཞིན་ཆེས་ཉན་ན་འདོད་པའི་སྙན་འཇེབས་ཀྱི་དབྱངས་རྟ་དེ་ཡིན་ངེས་ལ།  མཁས་མང་བརྒྱ་ཕྲག་གི་ཚོར་བའི་རླབས་རྩེ་ན་ཆེས་ཡིད་ཀར་འོང་བའི་མི་ཚེའི་རིན་ཐང་ལེན་ཚུལ་ཡག་ཤོས་ཡིན་པའི་ཚོར་སྣང་སྐྱེས་སོང་།
       ཀློག་རིན་ཡོད་པའི་དཔེ་ཆ་བཟང་པོ་ནི། ངོམ་རིན་ཡོད་པའི་རིན་པོ་ཆེ་ཞིག་ཡིན་གསུངས་པ་བཞིན་སློབ་གསོ་རིག་པའི་སྤྱན་ཟུང་མངའ་ཞིང་ལག་ལེན་གྱི་ཟུར་ཚད་བརྒྱད་ནས་མི་ཚེའི་རིན་ཐང་ལེན་ཚུལ་ལ༼ལེགས་བཤད་གཅེས་ནོར༽མཁོ་ཞིང་། ཡིག་རྨོངས་སེལ་ཡང་དམ་པའི་ལྷ་ཆོས་ཀྱི་དགེ་མཚན་མི་ཤེས་པ་དག་ལ་ལམ་སྟོན་གྱི་སྒྲོན་མེ་དང་ལེགས་ཉེས་སྤང་བླང་གི་འཇུག་ལྡོག་སྟོན་པའི་སྟོན་པ་ཞིག་ཀྱང་ཡིན་སྙམ་ཡོད།

        དེ་བས་ང་ཚོར་འཚམ་པའི༼ལེགས་བཤད་གཅེས་ནོར༽ནི་མི་རིགས་སློབ་གསོའི་བླ་སྲོག་གི་བཟོ་བཀོད་ཅིག་ཡིན་ལ་མི་གཤིས་འཇོན་ནུས་ཀྱི་ཟུར་ཚད་འབུར་དུ་ཐོན་ཡོད་པས་མི་ཡུལ་གྱི་ལེགས་སྐྱེས་བཟང་བོ་ཞིག་ཀྱང་ཡིན་པར་ཡིད་ཆེས་དང་རེ་བས་བརྟས་པར་མ་ཟད་མ་འོངས་པར༼ལེགས་བཤད་གཅེས་ནོར༽གྱི་འཕྲིན་ལས་ཕྱོགས་བཅུར་ཁྱབ་པའི་བཀྲ་ཤིས་རྟེན་འབྲེལ་བརྒྱ་ཕྲག་ཞུས་པ་ཡིན།

      དེ་ཡང་སྤྱི་ལོ ༢༠༢༠ ཟླ ༦ ཚེས ༢༣ དང་བོད་ཟླ ༥ ཚེས༢ ཉིན་སི་ཁྲོན་རྔ་བ་ཁྱུང་མཆུ་རྩྭ་ཐང་ནས་བསྡུས་ཤིང་རྩོམ་པ་པོ་མཁན་ཀླུ་སྒྲུབ་དབང་ཕྱུག་ལགས་ཀྱིས་བརྩམས་གནང་མཛད་པའི་དེབ་གསར་ལེགས་བཤད་གཅེས་ནོར་གྱི་དཔེ་གསར་འགྲེམ་སྤེལ་མཛད་སྒོའི་ཡུལ་དངོས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63v9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
29500625
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1