2020ལོའི་ཛ་ཕོག་དང་དུར་མིག་གཉིས་ཀྱི་མཉམ་བྲིས་སྙན་ངག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »2020ལོའི་ཛ་ཕོག་དང་དུར་མིག་གཉིས་ཀྱི་མཉམ་བྲིས་སྙན་ངག
2020ལོའི་ཛ་ཕོག་དང་དུར་མིག་གཉིས་ཀྱི་མཉམ་བྲིས་སྙན་ངག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/12/3ལྟ་ཀློག (20859)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཁྱོད་རང་ཕ་ཡུལ་གྱི་སྤྲིན་དཀར་དང་འགྲོགས་ནས་ཡོད།


ཛ་ཕོག  (ལྷ་ས།)

ཁྱོད་ཉིད་ཕ་ཡུལ་དང་རྒྱང་དུ་གྱེས་ནའང
ཁྱོད་ཕ་ཡུལ་གྱི་ནམ་མཁའ་དང་སྤྲིན་དཀར་ལ་འགྲོགས་ནས་ཡོད
ཁྱོད་ཉིད་ཕ་ཡུལ་གྱི་རི་ཆུ་མང་པོ་བརྒལ་ནས་ཕྱིན་ཀྱང
ཁྱོད་རང་ཕ་ཡུལ་གྱི་ལམ་ཕྲན་ལས་གང་དུའང་ཕྱིན་མ་མྱོང
ཁྱོད་ཀྱིས་གཞན་ཡུལ་གྱི་འཚོ་བ་དང་གནམ་གཤིས་མྱོང་གིན་ཡོད་དེ
ཁྱོད་རང་ཕ་ཡུལ་གྱི་སེམས་ཁུང་ནས་ག་ལེར་ནར་སོན་གྱིན་འདུག
ཁྱོད་ལ་བས་མཐའ་ནས་སྐྲ་རྩ་སངས་ཤིང་སྨ་ར་རྒྱས་ཀྱིན་འདུག་ཨང
ཁྱོད་རང་རྒས་པ་ནི་ཕ་ཡུལ་ཁོ་ནས་ཚོར་གྱིན་འདུག

ཁྱོད་ལ་མིང་གང་གིས་ཀྱང་འབོད་ཆོག་ཆོག་ཡིན་ཏེ
ཁྱོད་ལ་ཕ་ཡུལ་དུ་མིང་གཅིག་གི་འགྲེལ་བཤད་ལས་མི་དགོས  
ཁྱོད་ཉིད་མཐོངས་ཡངས་པའི་ཡུལ་གྲུ་གང་སར་འཕུར་ཆོག་སྟེ
ཁྱོད་ཉིད་བག་ཕེབས་ཀྱིས་འབབ་ས་ནི་ཕ་ཡུལ་ཁོ་ན་ཡིན
ཁྱོད་ཀྱིས་བས་མཐའི་རྩྭ་ཐང་ནས་རྟ་ནོར་ལུག་གསུམ་འཚོ་ཆོག་སྟེ
ཁྱོད་ལ་ཕ་ཡུལ་གྱི་རྩྭ་ཐང་ནི་ཆེས་འཚམས་པའི་སླས་ར་དེ་ཡིན
ཁྱོད་ལ་གྲོང་ཁྱེར་གྱི་ཆོབ་སྒྲ་དང་སུན་སྣང་གིས་འཆི་སེམས་སྐུལ་ཡང
ཁྱོད་རང་འཆི་བ་ནི་ཕ་ཡུལ་ཁོ་ནའི་སེམས་ཀྱིས་མྱོང་དགོས
ཁྱོད་རང་ཕ་ཡུལ་དང་གྱེས་ནས་ཡུན་རིང་སོང་ཡང
ཁྱོད་རང་གང་དུའང་གྱེས་མ་མྱོང

                      2020.11.3 ཉིན་ཡུལ་དབུས་ལྷ་ས་ནས།


མཚན་མོའི་ཁེར་ཧྲེང་།
           
དུར་མིག  (དཀར་མཛེས། )

སྒོ་ཕྱེས་རྗེས
ཁྱོད་ནི་ཉི་འོད་ཚ་པོའི་འོག་གི་ངོ་གདོང་དམར་པོ
དུས་ཚོད་ནང་དུ་ཆར་གྱིས་བརླན་པའི་དྲན་པ་རྟོགས
སང་ཉིན་ཏེ  ལོ་ཟླ་མང་པོ་ཞིག་འདི་ནས་ཆད
སྐྱོ་གདུང་དང་དབུལ་ཕོངས་ནང་དུ་མི་ཚེས་མཇུག་སྡོམ་བྱས་དུས
རང་ཉིད་ཀྱི་ནང་སེམས་ལ་དབང་བའི་སྐད་ཆ་ལམ་ནས་ཤོད་མ་སོང

ལྷིང་འཇགས་སུ་རང་དབང་གི་རྐང་པ་བསྐྱངས་ཤིང
རྩྭ་ཐང་གི་མཁའ་དབུགས་ཁྲོད་དུ་གསང་གཏམ་རེ་རེ་ལུས་ཡོད
བརྩེ་དུང་གི་ལག་པ་འཇམ་པོས་སྙན་ཚིག་འདི་ལན་གཅིག་ཡིད་ལ་འཁོར

ནགས་ཚལ་དེའི་ཁ་གཏད་དུ་ཁྱོད་ལ་འཕྲིན་ཡིག་འབྲི་གིན་འདུག
ད་ནི  བདག་གི་སྣང་བ་ཞིག་ལ
དབྱར་ཁ་དང་དགུན་ཁ་ལས་རྨི་ལམ་འབྲི་འཕྲོ་བསྐྱུར་བའི་མཛའ་གཞས་ཡིན་ཚེ
སེམས་ཀྱི་གཏིང་ན་ལྗིད་ཏིག་ཏིག་གི་ཡིད་བརྙན་བསྐྲུན་ཡོད

ཤེལ་སྒོ་ནག་པོ  མཚན་མོ་ནི་ང་གཅིག་པུར་དབང་པ་ཞིག་རེད
ཕྱིར་མི་འོང་པའི་དུས་ཚོད་བཞིན་དྲན་པ་ཁུར་བའི་ལྷ་ཁང་ཞིག་བརྗེད་དགོས
འཇའ་ཚོན་བྱུགས་པའི་རྨི་ལམ་དུ་གྲིབ་མ་མཐོང་ཡ་མི་འདུག

འཁོར་བའི་ལྗོན་རྩེ་ནས་ཟགས་པའི་བརླན་གཤེར་དག
མི་སེམས་རློན་པ་དེ་ལ་འདས་ཟིན་པའི་ཆུ་འཁྱག་པ་འཁྱིལ་བཞིན
ཁྱོད་རང་ལམ་ལ་ཆས  ང་རང་གཡེར་དྲིལ་ཞིག་ཡིན་པར་ངེས
ཉི་ནུབ་ཀྱི་རྣ་ལོང་ལ་བརྒྱུས་པའི་སྨྲེང་སེམས་ཀྱི་བྱུར་དམར
ད་ནི་བདེ་བར་གྱིས་ཤིག  མེ་ལོང་དེའི་མིང་གཞན་ལ་ཁེར་རྐྱང་ཟེར

              2020.11.30 ཉིན་ཡུལ་དབུས་ལྷ་ས་ནས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41157652
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1