བོད་ཀྱི་རྫི་བོ་ཞིག་འཛམ་གླིང་གི་སྐར་ཆེན་དུ་གྱུར་དོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »བོད་ཀྱི་རྫི་བོ་ཞིག་འཛམ་གླིང་གི་སྐར་ཆེན་དུ་གྱུར་དོན།
བོད་ཀྱི་རྫི་བོ་ཞིག་འཛམ་གླིང་གི་སྐར་ཆེན་དུ་གྱུར་དོན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/12/7ལྟ་ཀློག (21223)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་རྫི་བོ་ཞིག་འཛམ་གླིང་གི་སྐར་ཆེན་དུ་གྱུར་དོན།


རྩོམ་འབྲི་པ།    གླང་ཡག་ངག་དབང་བསྟན་འཛིན།


གླེང་གཞི།

     ཉེ་བའི་ཆར་བོད་གངས་ཅན་གྱི་ཡུལ་གྲུ་མདོ་སྟོད་ཁམས་ཀྱི་ཕྱོགས་ནས་ཆེས་སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་ཏུ་ཆེས་སྤྱིར་བཏང་ཡིན་པའི་རྫི་བོ་གཞུང་དྲང་ཞིག་འཛམ་གླིང་གི་སྐར་ཆེན་དུ་གྱུར།      མི་མང་པོ་ཞིག་གི་སེམས་སུ་འདི་ཉིད་ལྟས་དབང་གིས་ཡིན་རྒྱུ་རེད་སྙམ་པ་དང་།  ཡང་ན་ཟོལ་ལྟ་དང་རྣམ་འགྱུར་བསྟན་སྟངས་ཤིག་རེད་སྙམ་པ་དང་། ཡང་གཞན་དག་གིས་འདི་ཉིད་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་རེད་དྲན་གྱིན་ཡོད་མོད། ངས་འདི་ཡི་ཐད་ནས་བསམ་ཚུལ་དོན་ཚན་གཉིས་སུ་བགོས་ནས་ཞུ་འདོད་བྱུང་།

དང་པོ།

     ད་བར་བོད་ནང་ནས་འཛམ་གླིང་དུ་ཚ་རླབས་འཕྱོ་བའི་གསར་འགྱུར་ཞིག་སྟེ།  དེ་ནི་ཕ་ཡུལ་གངས་ལྗོངས་ལུང་པ་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་ནུ་ཁམས་པ་བསྟན་འཛིན་བརྩོན་འགྲུས་ལགས་རེད།   ཁྱེད་ཀྱི་མཚན་སྙན་དུ་བསྐྱོད་པའི་དར་ཆ་དེར།  ལྷད་མེད་ཀྱི་འཛུམ་མདངས་དང་གདོང་དམར་བའི་ཕོ་སྒོ་ནི།    ཡུད་ཙམ་ཞིག་གིས་ཀྱང་འཛམ་གླིང་དུ་སྙན་པའི་གྲགས་པ་འབར་ཞིང་།   དེ་དང་ལྷན་ཅིག་ཅི་ཞིག་གིས་དངོས་གྲུབ་དང་གང་ཞིག་གི་བདུད་རྩི་ཡིན་པ་ལྟ་བུའི་ཁྱེད་ཀྱི་འཛུམ་མདངས་དང་གཤིས་ཚུགས་དེས་འཛམ་གླིང་གི་མི་རྣམས་ཡོམ་ཡོམ་དུ་སྒུལ་བཞིན་དགའ་དུང་གི་འབོད་པ་ལྷང་ལྷང་འཚེར་ཞིང་མཆིས།     གསར་ལམ་དང་འཕྲིན་ལམ་ཁག་ཏུ་ཁྱེད་ཉིད་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བཞིན་འདུག     སྣང་ཚུལ་གྱི་གནད་དོན་འདིས་ནི་ཁྱེད་རང་ཅི་ཞིག་ཡིན་པ་དང་།    འཛམ་གླིང་ཅི་ཞིག་ཡིན་པའི་ཚ་འདྲི་ཞིག་ཐོན་པ་མིན་ནམ།   

      ཀྭ་ཡེ་བསྟན་འཛིན་བརྩོན་འགྲུས་ལགས། གནད་དོན་འདི་ནི།  བཅོས་མའི་ཟོལ་ལྟ་དང་།   ལྟས་དབང་གིས་ལམ་ཐུག     བསམ་ཡུལ་འདས་པའི་དོན་དག་གང་ཡང་མ་ཡིན་པར། འདི་ནི་ཁྱེད་རང་ཆེས་སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་ཏུ་ཆེས་སྤྱིར་བཏང་ཡིན་པའི་རྫི་བོ་བསམ་དཀར་ཞིག་གི་ལྷད་མེད་པའི་མི་གཤིས་དང་།   དྭངས་གཙང་གི་འཛུམ་མདངས།    དངོས་ཡོད་ཀྱི་འཚོ་བ་ཡིན་པའི་རྒྱབ་གཟུགས་འདིས་མི་སེམས་དབང་དུ་བསྡུས་པ་དང་།   ལྟ་མཁན་དུང་ཕྱུར་མང་པོས་མིག་གི་ལོངས་སྤྱོད་དང་།     ཡིད་ཀྱི་སྨོན་ས་རུ་གྱུར་པ་རེད།   རྒྱུ་མཚན་དེ་བས་ཁྱེད་རང་ཅི་ཞིག་ཡིན་པ་དང་།  ཁྱེད་ཀྱི་ཕ་ཡུལ་དང་རང་བྱུང་གི་འཁོར་ཡུག  ད་དུང་རིག་གཞུང་དང་གོམས་སྲོལ་དག་ཅི་ཞིག་ཡིན་པའི་དྲིས་ལན་གསལ་ཐད་ཆོད་པ་ཞིག་བཏབ་པ་དང་།   ཁྱེད་རང་འཛམ་གླིང་གི་མིག་དཔེ་མཁན་ཞིག་ཏུ་གྱུར་པ་ཟིན་པ་རེད། ཀྭ་ཡེ་བསྟན་འཛིན་བརྩོན་འགྲུས་ལགས། འདི་ནི་ཁྱེད་ཀྱི་བླ་ན་མཐོ་ཞིང་འགྲེལ་བརྗོད་དཀའ་བའི་སྙན་ངག་གི་འོད་ཟེར་སྣུམ་པོ་དེ་ཡིན་ནམ།

         རེད་དེ་འཛམ་གླིང་ཟེར་བ་དེ་ཆེ་ཡང་ཆེ་ལ་ཆུང་ཡང་ཆུང་བ་ལྟ་བུའི་གསལ་འདེབས་ཤིག་ཀྱང་བྱས་ཟིན་པ་འདྲ་ལ།  དུས་རབས་ཀྱི་བར་མཚམས་འདི་ནས།  འཛམ་གླིང་གི་མི་རྣམས།  ཚན་རིག་དང་དཔལ་འབྱོར་ཆབ་སྲིད་སོགས་ཀྱི་འཕེལ་རླབས་ཤིན་ཏུ་མཐོ་ན་ཡང་།  འགྲན་རྩོད་དང་འདོད་རྔམས།   ད་དུང་རྒྱལ་ཕམ་གྱི་ན་བུན་འཕྱུར་དྲགས་པའི་རླབས་འོག་ནས།  ཆེས་གལ་འགེངས་ཆེ་བའི་དངོས་པོ་རྩ་ཆེན་ཞིག་ལག་ནས་བོར་སོང་བ་འམ།  ཡང་ན་ཆེས་གནད་འགག་ཡིན་པའི་ཆ་རྐྱེན་གང་ཞིག་མ་ཚང་པའི་སྣང་ཚུལ་འདི་མངོན་གསལ་དོད་པོ་རེད།   

       དེ་ནི་དངོས་པོ་གང་གིས་ཀྱང་རིན་དུ་མི་བཏུབ་པའི་ཆེས་དྭངས་གཙང་གི་སེམས་གཤིས་དང་།  ལྷད་མེད་ཀྱི་ཁོར་ཡུག་དེ་དག་རེད།

        དོན་དམ་པའི་ལྟ་མཁན་དུང་ཕྱུར་མང་པོའི་སེམས་སུ་ལྷོག་ལྷོག་ཏུ་ལྡིང་ཀྱིན་པ་ནི། ཅི་འདྲའི་གཤིས་འཇམ་དྭངས་གཙང་གི་སེམས་གཤིས་ཤིག་དང་།    ཟོལ་མེད་ལྷག་བསམ་གྱི་འཛུམ་མདངས་ཤིག་བོད་ཀྱི་ན་གཞོན་བསྟན་འཛིན་བརྩོན་འགྲུས་ལ་མངའ་ཨང་སྙམ་པ་དང་།    དེའི་ལྟག་རྒྱབ་ཀྱི་རང་བྱུང་གི་ཁོར་ཡུག་དང་དག་གཙང་གི་ནམ་མཁའ་སོགས་ངོ་མཚར་བའི་ལྟད་མོ་དག་མཐོང་བར་འདོད་པ་དེ་རེད། དེ་ཡང་ལོས་ཡིན་ཏེ་འགྲན་རྩོད་དང་ཟོལ་ཟོག་མང་པོའི་མཁའ་དབུགས་ནས་ཡོད་ཚད་འདོད་རྔམས་དང་རྒྱལ་ཕམ་གྱི་སེམས་འདུན་བརྩེགས་མའི་གནས་ཚུལ་འོག དྭངས་གཙང་གི་སེམས་གཤིས་དང་།   གུ་ཡངས་བག་ཕེབས་ཀྱི་འཚོ་བ་ནི།   ཁོང་ཚོས་དངོས་ཡོད་ཉམས་མྱོང་ག་ལ་སྟེ།  ཐ་ན་གཞན་པས་དེ་དག་ལོངས་སུ་སྤྱོད་པའང་མཐོང་བར་དཀོན་པའི་ཚོད་དུ་སླེབས་འདུག་པས། སྣང་ཚུལ་འདི་འདྲའི་འོག་ནས་བོད་ཕྲུག་བསྟན་འཛིན་བརྩོན་འགྲུས་ཀྱི་འཛུམ་མདངས་དང་གཤིས་ཚུལ་ནི་ཁོང་ཚོའི་སེམས་ཀྱི་ལོངས་སྤྱོད་ཆེ་ཤོས་སུ་ཆགས་ཤིང་། ཡིད་ཀྱི་བརྟན་པ་ཅིག་ཆར་དུ་འཕྲོག་པའི་ཆ་རྐྱེན་གྱི་སྣང་ཚུལ་འདི་བྱུང་བ་རེད།  

     དེར་བརྟེན་བོད་ཀྱི་ན་གཞོན་བསྟན་འཛིན་བརྩོན་འགྲུས་ནི་བཅོས་མའི་འཛུམ་མདངས་སྟོན་མི་ཤེས་ཤིང་ངོ་ལ་སྐག་ཚོས་མེད་པའི་བོད་ཀྱི་གཞོན་ནུ་ཞིག་ཡིན་པ་དེས།   འཛམ་གླིང་གི་མི་རྣམས་ལ་ཅི་ཞིག་འཚོ་བའི་ཡང་སྙིང་ཡིན་པ་དང་།    གང་ཞིག་སེམས་ཀྱི་ལོངས་སྤྱོད་ཡིན་པ་ར་སྤྲད་བྱས་ཤིང་།   འཛམ་གླིང་གི་དངོས་ཡོད་འཚོ་བའི་སྣང་ཚུལ་ཇི་ཞིག་རིན་ཐང་ལྡན་མིན་ཐད་དྲིས་ལན་ཡང་འདི་ཡིས་གསལ་བཤད་མངོན་གསལ་དོད་པོ་ཞིག་བྱས་པ་རེད།

གཉིས་པ།

     བོད་ནང་གི་ལངས་ཕྱོགས་མི་གཅིག་པའི་གསར་ཞེན་དག་ལ་དྲན་སྐུལ་དང་།
བོད་ཀྱི་འབྲོག་ཁྱིམ་ཕལ་བ་ཞིག་ནས་ནར་སོན་ཡང། རང་གཤིས་ལ་བསླད་མ་ཞུགས་པའི་རྫི་བོ་ཞིག་འདི་ལྟར་འཛམ་གླིང་གི་སྐར་ཆེན་དུ་གྱུར་བ་འདིས།   ལངས་ཕྱོགས་མི་གཅིག་པའི་བོད་ཀྱི་གསར་ཞེན་ཅན་དག་ལ་སྒྲུབ་ཕྱོགས་ནས་དྲན་སྐུལ་ཞིག་དང་དགག་ཕྱོགས་ནས་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ཡོད་པ་རེད།   ཁྱེད་ཚོས་སེམས་སུ་ཁྱེད་ཅག་ནི་རིག་གནས་པ།  བསམ་བློ་བ།     དུས་རབས་ཀྱི་སྔོན་ཐོན་པ་ཡིན་པར་འདོད་པ་སོགས་རང་རློམ་གྱིས་མིག་འདུན་བསྒྲིབས་ནས། རང་གི་ཕ་ཡུལ་གྱི་སྣོད་བཅུད་གཉིས་ལ་ཞེད་སྣང་དང་།  རིན་ཐང་གི་འདུ་ཤེས་དོར་ཞིང་།  བོད་གདོད་མ་ནས་བརྒྱུད་ཡོང་བའི་རོང་འབྲོག་གི་འཚོ་བའི་ཁ་དོག་ལ་སྐྱོ་སྣང་གི་རྣམ་འགྱུར་སྟོན་གྱིན།  ཅི་ཞིག་རྗེས་སུ་ལུས་སོང་བའི་དགག་རྒྱག་གི་ཟོལ་ལྟ་བསྟན་བཞིན་ཡོད་མོད།
     ཉེ་བའི་གྲོགས་དག   ཅི་ཞིག་བདེ་སྐྱིད་ཀྱི་སྙིང་ཡིན་པ་དང་།     གང་ཞིག་སྔོན་ཐོན་གྱི་ལམ་སོ་ཡིན་པ།   ཅི་ཞིག་སྙོམས་འགྲིག་པའི་འཚོ་བ་ཡིན་པ་དང་།     གང་ཞིག་ལྟག་རྒྱབ་ཀྱི་ཀ་བ་ཡིན་པའི་གནད་དོན་མ་ཚོལ་བར།   མི་ལོ་སུམ་བརྒྱའི་རིང་གི་ནུབ་ལུགས་ལྟ་བའི་ལངས་ཕྱོགས་ལ་ལད་མོ་བྱས་ཏེ་འོང་གིན་པ་འདི་ཅི་འདྲའི་སྐྱོ་བ་ལ་ཨང་།   མིག་སྔུན་གྱི་དཔལ་འབྱོར་དང་འགྲན་རྩོད།   འདོད་རྔམ་གྱི་དབང་གིས་བྱ་སྤྱོད་མཐའ་དག་ངོ་ཚ་འཛེམ་མེད་དུ་སྤྱོད་ཅིང་། ཆ་མི་སྙོམས་འཚོ་བའི་ལམ་ཕྱོགས་དག་ཕྲག་པར་བཏེགས་མཁན་རྣམས་ལ།  བོད་ཕྲུག་བསྟན་འཛིན་བརྩོན་འགྲུས་ཀྱིས་འདྲི་ཚིག་འདི་ལྟར་བསྟན་ཡོད།
       ཉེ་བའི་གྲོགས་དག ཁྱེད་ཀྱི་མིག་སྔུན་ན་སེམས་འདུན་གཙང་མའི་མི་གཤིས་འདུག་གམ།   ངོ་མཚར་བའི་རང་བྱུང་གི་དཔལ་ཡོན་འདུག་གམ། ཁྱེད་ཀྱི་ལངས་ཕྱོགས་ན་འཚོ་བའི་ཡང་སྙིང་ཡིན་པའི་སེམས་ཀྱི་ལོངས་སྤྱོད་དང་།      བརྩེ་འདུན་རྣལ་མ་ཡིན་པའི་དགའ་དུང་གི་གྲུབ་གཟུགས་དེ་དག་མཆིས་སམ།    ཁྱེད་ཀྱིས་ཅི་ཞིག་འཚོལ་མདོག་གིས་གང་ཞིག་བོར་འགྲོ་བའི་སྣང་བརྙན་ཞིག་མངོན་བཞིན་མེད་དམ།    དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བའི་ངོ་གདོང་དང་ཁྱེད་ཀྱི་བདེ་སྐྱིད་ཀྱི་བར་ཐག་གང་འདྲ་ཡིན།   དོན་དམ་པའི་ཁྱེད་རང་ཅི་ཞིག་འཚོལ་མཁན་དེ་ཡིན།    དེ་རིང་གི་སྣང་ཚུལ་འདིས་ཁྱེད་རང་གང་ན་ཡོད་པ་ཁྱོད་ཀྱིས་ཤེས་སམ།    འགྲན་རྩོད་དང་དཔལ་འབྱོར་ནི་ཅི་ཞིག་ཡིན། འཕེལ་འགྱུར་གྱི་ཡང་སྙིང་དང་འཚོལ་སྙེག་གི་སྙོམས་འགྲིག་ཇི་ལྟར་ཡིན་པ་ཁྱོད་ཀྱིས་ཤེས་སམ།   འདི་འདྲའི་དྲི་ཚིག་རེ་རེའི་བར་སྟོང་གིས།  ཅི་ཞིག་རྙེད་ཡོད་མདོག་གི་ལངས་ཕྱོགས་མི་གཅིག་པ་སྟོན་མཁན་གྱི་གསར་འགྲོག་ཅན་དག་ལ་དྲན་སྐུལ་དང་འགྲམ་ལྕག་ཚ་དག་ཆོད་པ་ཞིག་གཞུས་ནས་ཡོད་པ་དེ་རེད།  
       ཉེ་བའི་གྲོགས་དག  དེ་རིང་འཛམ་གླིང་གི་འབྱོར་ལྡན་པ་དང་སྙན་གྲགས་ཅན།     ཁེ་ལས་པ་དང་སློབ་ཐོན་པ།   གཞན་ཡང་རིགས་གཟུགས་ལང་ཚོས་ཕྱུག་པ་ཅན་སོགས་མི་གྲངས་དུང་ཕྱུར་མང་པོ་གསར་ལམ་ཁག་དང་འཕྲིན་ལམ་སོགས་སུ་དགའ་འབོད་ཁྲི་སྟོང་མང་པོ་དང་ལྷན།   ཆེས་སྤྱིར་བཏང་ཡིན་པའི་བོད་ཀྱི་རྫི་བོ་དྲན་དཀར་ཞིག་ལ་སྨོན་པ་འཆོར་བ་ཡིན།   ཅི་ཞིག་ལ་ཆེས་སྤྱིར་བཏང་ཡིན་པའི་བོད་ཕྲུག་དག་མ་ཞིག་མིག་དཔེ་རུ་གྱུར་སོང་བ་ཡིན།  ཁོང་ཚོས་སེམས་ཀྱི་འདོད་པ་ཅི་ཞིག་མ་གང་ནས་འགྲམ་ཆུ་ལུད་པ་ཡིན།   གནད་དོན་འདིས་ཁྱེད་ཀྱི་ད་གཟོད་འཚོ་བའི་སྟོང་ཆ་འཚོལ་ཡོང་། གནད་དོན་འདིས་ཁྱོད་ཀྱིས་ད་གཟོད་རང་ཕ་ཡུལ་གྱི་འཚོ་བའི་དཔལ་ཡོན་མཇལ་ཡོང་།  
        ཉེ་བའི་གྲོགས་དག  ང་ཚོ་ད་ནས་བཟུང་སྔ་རྗེས་ཀུན་ཏུ་བསམ་བློ་གཏོང་ཤེས་མཁན་ཞིག་དང་།   ལྷག་ཏུ་སྙོམས་འགྲིག་གི་འཚོ་བའི་ངོ་གདོང་ངོས་ཟིན་པ་ཞིག་བྱེད་རྒྱུ་གལ་པོ་ཆེ་ཡིན་པ།   བོད་ཀྱི་ན་གཞོན་བསྟན་འཛིན་བརྩོན་འགྲུས་ཀྱིས་ཁྱེད་ལ་གཟུགས་མེད་ནུས་ཤུགས་ཀྱིས་བཏོན་པའི་སློབ་གསོའི་ཐ་ཚིག་ཡིན་ཞིང་།   དེ་ནི་དོན་དམ་པའི་ཁྱོད་ཀྱི་ཕ་ཡུལ་དང་དངོས་ཡོད་འཚོ་བས་ཀྱང་ཁྱེད་ལ་སེམས་གཏམ་འདི་ཏག་ཏག་གནང་བ་རེད་ལགས།
       མདོར་དེད་ནས་སོང་ན་བོད་ཕྲུག་བསྟན་འཛིན་བརྩོན་འགྲུས་ཀྱི་ཚ་རླབས་འཕྱུར་བའི་གསར་འགྱུར་ལས།  སྤྱི་ཚོགས་གསར་རྙིང་གི་མཐོང་སྣེ་དང་།   ཤར་ནུབ་ཀྱི་ལྟ་བའི་བར་ཁྱད།    ད་དུང་རྒྱལ་ཁབ་དང་མི་རིགས་སོ་སོའི་དབར་གྱི་དངོས་ཡོད་འཚོ་བའི་ཧེ་བག་དང་སྟོང་ཆ།   རིག་གཞུང་དང་འཚོ་བའི་གོམས་སྲོལ་གྱི་དཔལ་ཡོན་དང་དེའི་གསོན་ཤུགས་ཀྱི་སྣང་བརྙན།   མ་གཞི་ནས་འཚོ་བའི་ཡང་སྙིང་གི་ངོ་བོ་དང་།   སྙོམས་འགྲིག་གི་དངོས་ཡོད་ཇི་ལྟར་ཡིན་པ་སོགས་གནད་འགག་གི་འཚོལ་ཞིབ་རིན་ཐང་ལྡན་པ་མང་པོ་གསལ་བཤད་བྱས་འདུག་པས།  ང་ཚོས་སེམས་སུ་མ་མཐའ་ཡང་རང་གི་སྣོད་བཅུད་ཀྱི་དཔལ་ཡོན་འདིའི་ངོ་བོ་དང་རྒྱབ་གཟུགས་ལེགས་པོ་ཞིག་མཐོང་ཐུབ་པའི་རེ་བ་དང་བཅས་རྩོམ་ཐུང་འདིའི་མཇུག་བསྡུས་པ་ཡིན།
      སླད་མར་བོད་ཕྲུག་བསྟན་འཛིན་བརྩོན་འགྲུས་ཀྱི་ཁ་ལས་རླུང་རྟ་སོགས་བྱ་བཞག་མཐའ་དག་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། བོད་གངས་ཅན་གྱི་སྣོད་བཅུད་གཉིས་ཀྱི་དཔལ་ཡོན་འདིའི་ཚེ་སྲོག་དང་གསོན་ཉམས་བྲག་རི་བཞིན་བརྟན་ཅིང་།   འཛམ་གླིང་ཧྲིལ་བོ་ཡང་གུ་ཡངས་བག་ཕེབས་ཀྱི་དགའ་སྐྱིད་འཚོ་བས་སྣོད་བཅུད་འཆམས་མཐུན་གྱི་ཉི་མ་ཡང་ཡང་འཆར་བའི་སྨོན་འདུན་གྲངས་མེད་ཞུ།   

༢༠༢༠   ༡༢   ༥   ཉིན་རང་གཤག་ནས་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xq4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41114347
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1