འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་གི་གསང་གསུམ་གྱི་མཛད་པའི་ཆ་ཤས་ཙམ་གླེང་བ་དྲི་ཟའི་བུ་མོའི་མགྲིན་དབྱངས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་གི་གསང་གསུམ་གྱི་མཛད་པའི་ཆ་ཤས་ཙམ་ག
འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་གི་གསང་གསུམ་གྱི་མཛད་པའི་ཆ་ཤས་ཙམ་གླེང་བ་དྲི་ཟའི་བུ་མོའི་མགྲིན་དབྱངས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/12/10ལྟ་ཀློག (21035)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ༧ཤར་རྒྱལ་བ་ཙོང་ཁ་པ་མཆོག་གི་གསང་གསུམ་གྱི་མཛད་པའི་ཆ་ཤས་ཙམ་གླེང་བ་དྲི་ཟའི་བུ་མོའི་མགྲིན་དབྱངས་ཞེས་བྱ་བ།

ཡུལ་ཤུལ་སངས་བསྟན།
གཙུགས་ན་མཛེས་དང་ཕུལ་དུ་བསྔགས།།
ཞི་བའི་བདག་ཉིད་བདག་ཉིད་ཆེ།།
སྣ་ཚོགས་དགེ་བས་གྲུབ་པའི་སྐུ།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

འབྲི་རུའི་ཚལ་དུ་འཐིལ་འཛིན་ཞིང་།།
རིག་པའི་ལང་ཚོའི་གཉོམ་ལག་རྒྱས།།
ཐོག་མཐའ་བར་གྱི་སྨོན་ལམ་གྱིས།།
གཙོ་མ་གསེར་གྱི་གཏེར་འདྲ་བའི།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

ལྷ་སྡིངས་རི་རུ་རྩལ་དྲུག་རྫོགས།།
ལྟ་བའི་གད་རྒྱངས་ཕྱོགས་བཅུར་བསྒྲགས།།
སྟོན་པ་མཆོག་མཆོད་ལེགས་བཤད་གཏམ།།
མི་ཤིགས་རྡོ་རྗེའི་མགུར་དུ་གསུང་།།
དད་ཤེས་དར་གྱི་ན་གཟའ་ཅན།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

བསྟན་པའི་སྙིང་བོ་འཛིན་པ་ལ།།
དམ་ཆོས་འདུལ་བའི་སྲ་བརྐྱང་གཏོང།།
གནམ་རྩེ་ལྡེང་མའི་ཕོ་བྲང་དུ།།
སོ་ཐར་བསླབ་བྱའི་སྒོ་ཆེན་འབྱེད།།
སོ་སོར་རྟོགས་པའི་ཤེས་རབ་ཀྱིས།།
ལེགས་བསྐྱངས་བསོད་ནམས་རིལ་བུ་ལ།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

བྱམས་ཆེན་མེ་ཡི་ཚ་ཟེར་གྱིས།།
བྱམས་པའི་གནོད་དུ་སྐྱེས་ཀུན་བསྲེགས།།
འོལ་ཁ་གླིང་དུ་ཡོངས་རྫོགས་པའི།།
ཉམས་ཕྱིར་སྔགས་རིམ་ཆེན་མོ་ཡི།།
སྒོ་འཕར་ཕྱེ་ལ་ཐུགས་དམ་མཛད།།
མདོ་སྔགས་རིག་པའི་ཁྱེའུ་ལ།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

དྲང་ངེས་གངས་ཀྱི་སེང་གེ་ལ།།
བལྟ་བའི་རྩལ་གྱི་གཡུ་རལ་རྒྱས།།
ལེགས་བཤད་གཏམ་དུ་སྙིང་བོ་དྲིལ།།
ར་ཁ་བྲག་ཏུ་ཕྱག་རྗེས་བཀོད།།
སྐྱེ་དགུའི་དད་པའི་མཆོད་སྡོང་དུ།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

མི་སྡུག་སྡུག་བསྔལ་སྣ་ཚོགས་ཀྱིས།།
རྟག་ཏུ་རྩེན་པའི་འཁོར་བའི་འགྲོ།།
བསྒྲལ་ལ་དཔའ་བའི་སེམས་དཔའ་ཆེས།།
བྱང་ཆུབ་བརྙེས་འགྱུར་ལམ་གྱི་རིམ།།
གཅིག་ཅར་སྤྲོ་བའི་བདག་ཉིད་དེ།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

དྲུག་བརྒྱའི་རྗེས་སུ་བདག་ལྟ་བུའི།།
བླུན་ལ་སྡར་བས་ཁྱེད་ཉིད་ཀྱི།།
བ་སྤུ་ཆ་ཡི་ཡོན་ཏན་ཙམ།།
ལོན་བར་འགྱུར་བར་མ་མཆིས་ཀྱང་།།
ཁྱེད་ཀྱི་ལེགས་བཤད་གཏམ་དག་གིས།།
བདག་ཡིད་རབ་ཏུ་འཕྲོག་པ་གྱུར།།
ཉིད་ཀྱི་གཞུང་ལུགས་རབ་འབྱམས་ལ།།
ལོ་འགར་ཐོས་བསམ་བགྱིས་ཁུལ་དེས།།
བགས་ཆགས་ཐེབས་པ་མི་དམན་པས།།
བསོད་ནམས་རྫོགས་ཕྱིར་གོང་མ་ལ།།
དབུལ་བས་ནོར་གྱིས་མཆོད་མིན་ཡང་།།
དད་དང་ཤེས་རབ་སྦྲེལ་བ་ཡིས།།
མཛད་པ་ཀུན་ལས་མཆོག་གྱུར་པའི།།
གསུང་གི་མཛད་ལ་རྗེས་དྲན་བྱ།།
སྟོན་པ་བླ་ན་མེད་པ་ཡི།།
བསྟན་པ་མཆོག་ལ་ཞུགས་པ་དང་།།
དམ་པའི་ཆོས་ཚུལ་ཟབ་མོ་ལ།།
མཇལ་བ་འདི་དག་ཉིད་བཞེད་ལྟར།།
བླ་མའི་དྲིན་དུ་ཤེས་བྱས་ཏེ།།
ལུང་དང་རིག་པའི་ར་བ་རུ།།
ཤེས་རབ་སྡོང་བོར་ལེགས་འཁྲུངས་པའི།།
ཙོང་ཁ་པ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།

རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་སྐུ་ཞི་བར་གཤེགས་ནས་ལོ་འཁོར་601འགོར་བའི་ལྔ་མཆོད་ཆེན་མོའི་སྐབས་སུ་ཤར་རྨ་ཀླུང་རིང་མོའི་འགྲམ་ངོགས་སུ་སྦྱར་བའོ།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41159148
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1