མཛའ་གཅུགས་གྲོགས་པོ་ཞེས་པ་ལོ་སར་ལེགས་སྐྱེས་སུ་འབུལ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 8 ཚེས 9 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྒྲ་བརྙན་རྡུང་ལེན། »མཛའ་གཅུགས་གྲོགས་པོ་ཞེས་པ་ལོ་སར་ལེགས་སྐྱེས་སུ་འབུལ།
འདིར་ཟུར་བྱང་མེད།
མཛའ་གཅུགས་གྲོགས་པོ་ཞེས་པ་ལོ་སར་ལེགས་སྐྱེས་སུ་འབུལ།
སྒྲ་བརྙན་རྡུང་ལེན།
མཛའ་གཅུགས་གྲོགས་པོ་ཞེས་པ་ལོ་སར་ལེགས་སྐྱེས་སུ་འབུལ།
བརྙན་མིང:   རྩོམ་སྒྲིག་པ :  ཁཱ་ཤེས་རབ་རྒྱ་མཚོ།
བལྟས་གྲངས  : 4536སྤེལ་དུས : 2021/1/29

མཛའ་གཅུགས་གྲོགས་པོ།

ཚིག  ཞི་བདེ་ཉི་མ།

གཞས་གདངས།  བདུད་བྷེ།

གཞས་པ། བདུད་བྷེ།


ཞིམ་མངར་འོ་ཇ་དཀར་པོ། །

གྲོགས་མཆོག་ཁྱོད་ཀྱིས་བཞེས་རོགས། །

ཁྱོད་དང་འུ་གཉིས་མཛའ་བརྩེ། །

འོ་ཇ་དཀར་པོའི་ངང་ཚུལ། །


ན་ནིང་ངེད་ཅག་འབྲལ་དུས། །

ས་གཞི་ཁ་བས་གཡོགས་འདུག །

དེ་རིང་འུ་གཉིས་མཇལ་དུས། །

གནས་འདིར་དཔྱིད་དཔལ་སླེབས་ཡོང་། །


ཁྱོད་རང་ཕེབས་པས་དགའ་སོང་། །

བདག་གཉིས་མཇལ་བས་སྤྲོ་སོང་། །

ཨེ་མ་མཛའ་གཅུགས་གྲོགས་པོ། །

སྙན་མོའི་གསུང་གཏམ་གསུང་རོགས། །


མཛའ་བརྩེ་ཁ་བཏགས་དཀར་པོ། །

གྲོགས་མཆོག་ཁྱོད་ལ་འབུལ་ལོ། །

ཁྱོད་དང་འུ་གཉིས་མཛའ་བརྩེ། །

ཁ་བཏགས་དཀར་པོའི་ངང་ཚུལ། །


ཁུ་བྱུག་གསུང་སྙན་གྲགས་དུས། །

གྲོགས་མཆོག་ཡིད་ལ་འཁོར་བྱུང་། །

སྤང་ལ་མེ་ཏོག་བཞད་དུས། །

གྲོགས་མཆོག་སྙིང་ནས་དྲན་ཡོང་། །


སྐྱིད་པའི་གར་ལ་རོལ་ནས། །

སྙན་མོའི་གླུ་ཞིག་ལེན་རོགས། །

དགའ་བའི་འཛུམ་མདངས་བསྟན་ནས། །

དུང་བའི་གསུང་ཞིག་བརྗོད་རོགས། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
30574299
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1