མཆོག་སྤྲུལ་ལེགས་པའི་བློ་གྲོས་མཚམས་སྦྱོར་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2021 ལོའི་ཟླ 9 ཚེས 28 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» ཤེས་ཡོན་པའི་སྡེ། »མཆོག་སྤྲུལ་ལེགས་པའི་བློ་གྲོས་མཚམས་སྦྱོར་མདོར་བསྡུས།
མཆོག་སྤྲུལ་ལེགས་པའི་བློ་གྲོས་མཚམས་སྦྱོར་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2021/3/3ལྟ་ཀློག (5443)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཆོག་སྤྲུལ་ལེགས་པའི་བློ་གྲོས་མཚམས་སྦྱོར་མདོར་བསྡུས།

      དེ་ཡང་དཔལ་ལྡན་ཇོ་ནང་བའི་བསྟན་པར་ཐུགས་ཁུར་དང་མཛད་རྗེས་རབ་ཏུ་ཆེ་བའི་མཆོག་སྤྲུལ་ངག་དབང་ལེགས་པའི་བློ་གྲོས་ནི། མདོ་སྨད་རྔ་ཡུལ་གསེར་ལྡན་ཕྱུག་མོའི་ལྗོངས་སུ་སྤྱི་ལོ་༡༩༧༦ལོར་ངོ་མཚར་བའི་ལྟས་དང་བཅས་པར་སྐུ་འཁྲུངས། མཁར་རིན་པོ་ཆེ་ཀུན་དགའ་ཤེས་རབ་ཆོས་འཕེལ་རྒྱ་མཚོ། མཆོག་སྤྲུལ་ཤར་ཁ་སང་རྣམས་ཀྱིས་རྒྱ་གར་ཕ་ཅིག་དམ་པ་སངས་རྒྱས་ཀྱི་སྤྲུལ་བ་རྗེ་བཙུན་བླ་མ་དམ་པ་བསྟན་པ་ཆོས་འཕེལ་གྱི་ཡང་སྲིད་ཡིན་པར་ངོས་འཛིན་གསལ་བོར་གནང༌།

    ལོ་བདུན་གྱི་ཐོག་ལ་ཆོས་སྡེ་ཆེན་མོ་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་ཆོས་གྲལ་དུ་རབ་ཏུ་བྱུང་ཞིང་དགེ་བའི་བཤེས་གཉེན་ཤར་ཁ་སྤྲུལ་སྐུ་ངག་དབང་དགེ་ལེགས་ཀྱི་སྐུ་མདུན་དུ་ཡི་གེ་ཕྱི་མོ་ཀློག་འཇུག་དང་ཆོ་ག་ཆོས་སྤྱོད་བརྡ་སྤྲོད་བསྟན་བཅོས་སོགས་ལ་བསླབས་ནས་དགོན་སྡེའི་ཕྱག་སྲོལ་ལྟར་རྒྱུགས་སྤྲོད་དང་བཅས་མཐར་ཕྱིན།

     ལོ་བརྒྱད་ཀྱི་ཐོག་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་ཐུགས་རྗེ་དཔལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བླངས།

     ལོ་བཅུ་དྲུག་ཐོག་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཤར་འཛམ་ཐང་བ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོའི་མདུན་དུ་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ། ཐུན་མོང་སྤྱིའི་སྔོན་འགྲོ་འབུམ་ལྔ་དང༌། ཐུན་མིན་ནང་གི་སྔོན་འགྲོ་ནས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་སྦྱོར་བ་ཡན་ལག་དྲུག་ལོ་གསུམ་གྱི་རིང་ལ་ཉམས་ལེན་གནང་བ་དང༌། གཞན་ཡང་རྒྱུད་སྡེ་མང་པོའི་དབང་ལུང་ཁྲིད་གསུམ་དང་ཁྱད་པར་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དྲུག་སོགས་རྒྱ་ཆེར་ཞུས་པ་དང༌།

     ལོ་ཉི་ཤུའི་ཐོག་ལ་དགོན་འདིའི་བསྟན་པའི་བདག་པོ་མཁར་རིན་པོ་ཆེ་སང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས། མཚན་ལ་ཀུན་དགའ་ལེགས་པའི་བློ་གྲོས་བཏགས། བླ་མ་ཐུགས་རྗེ་དཔལ་གྱི་མདུན་ནས་དུས་འཁོར་དབང་ཆེན་དང་གཤིན་རྗེ་རབ་འབྱམས་ཀྱི་དབང་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་ཁྲིད་ལུང་མང་པོ་ཐོབ། དགེ་བའི་བཤེས་གཉེན་མཁན་དཀོན་མཆོག་ཆོས་གོ་དང་། མཁན་ཆོས་འཕེལ། མཁན་སྣང་བ་དཔལ། མཁན་ཆོས་དཔལ་སོགས་ཀྱི་མདུན་ནས་བསྡུས་གྲྭ་ཚད་མ་ཕར་ཕྱིན་དབུ་མ་མཛོད་འདུལ་སྦྱོར་དྲུག་སྤྱི་དོན་སོགས་ལ་འཆད་ཉན་བྱས།

     ལོ་ཉེར་བདུན་ཐོག་བསེ་དགོན་ཕྱོགས་རྒྱལ་གླིང་གི་ཁྲི་ལས་ཐོགས་པ་མཛད་ནས་དུས་འཁོར་བདེ་མཆོག་གསང་འདུས་འཇིགས་བྱེད་ཀུན་རིག་སོགས་ཀྱི་ཆོ་གའི་ཕྱག་ལེན་གར་ཐིག་དབྱངས་གསུམ་ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་སོགས་ཚད་ལྡན་གྱི་སྒོ་ནས་སྒྲུབ་མཆོད་དུ་མའི་དབུ་བཞུགས་མཛད། རྡོ་རྗེ་འཛིན་པ་དང་གཞི་གསུམ་ཉམས་ལེན་འཆད་ཉན་གྱི་མཁན་པོ་མཛད་ནས་འགྲིག་ལམ་ཀུན་སྤྱོད་སོགས་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་བྱས་སོ། །

     ལོ་སོ་དྲུག་སྟེང་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་ཐོབ། མཁས་མཆོག་བློ་བཟང་འཕྲིན་ལས། ཆོས་རྗེ་ཡོན་ཏན་བཟང་པོ། བླ་མ་རིན་ཆེན་བརྩོན་འགྲུས།  རྒྱ་བླ་པདྨ་རྣམ་རྒྱལ། མཁན་པོ་ཐབས་མཁས་སོགས་ལས་དབང་ལུང་ཁྲིད་གསུམ་མང་དུ་ཞུས་ཏེ་ཐོས་བསམ་སྒོམ་གསུམ་ལེགས་པར་གནང་སྟེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་དཔལ་རྒྱལ་བ་ཇོ་ནང་བའི་འཆད་ཉན་སློབ་གཉེར་ལ་ཞབས་ཕྱི་གང་ལེགས་བསྒྲུབས་དང་སྒྲུབ་བཞིན་པ་ལགས་སོ། །


     མཆོག་སྤྲུལ་ཁོང་དགུང་ལོ་སོ་བདུན་ཐོག་སྐུ་སྤུན་ཨ་ཁུ་ཀུན་ཏེ་དང་ལྷན་དུ་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་མདོ་སྔགས་ཐོས་བསམ་གླིང་གསར་བཞེངས་དང་། སྔ་ཕྱིར་ཚོགས་ཆེན་འདུ་ཁང་རྙིང་བ་ཞིག་གསོ་དང་འདུ་ཁང་གསར་བ་ཁྱད་འཕགས་བཞེངས་པ་སོགས་དགོན་པའི་ཕྱི་ནང་གསང་གསུམ་ལ་མཐུན་རྐྱེན་ཆ་ཚང་བསྐྲུན་ནས་བསྟན་ལ་ཕན་པའི་སྲི་ཞུ་བླ་མེད་མཛད་མུས་སུ་ཞལ་བཞུགས་པ་ཡིན་ནོ། །


བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་འདུ་ཁང་གསར་རྙིང་།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
26394006
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1