དགེ་བཤེས་རྡོ་རམས་པ་ཨར་མའི་དགའ་བ་རྒྱ་མཚོས་ཆོས་ཁྲིད་ཀྱི་མཛད་འཕྲིན་བསྐྱངས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »དགེ་བཤེས་རྡོ་རམས་པ་ཨར་མའི་དགའ་བ་རྒྱ་མཚོས་ཆོས་ཁྲིད་ཀྱི་མཛད་འཕ
དགེ་བཤེས་རྡོ་རམས་པ་ཨར་མའི་དགའ་བ་རྒྱ་མཚོས་ཆོས་ཁྲིད་ཀྱི་མཛད་འཕྲིན་བསྐྱངས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/5/23ལྟ་ཀློག (16443)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་བཤེས་རྡོ་རམས་པ་ཨར་མའི་དགའ་བ་རྒྱ་མཚོས་ཆོས་ཁྲིད་ཀྱི་མཛད་འཕྲིན་བསྐྱངས་པ།
རྒྱལ་ཀུན་སྙིང་རྗེ་ལྷ་མིའི་རྣམ་འདྲེན་དང་།  །
རྩེ་གཅིག་དགོངས་པས་བསྟན་འགྲོ་སྐྱོང་མཛད་ལྷ། །
པད་དཀར་ལྟར་བསྔགས་སྤྱན་རས་གཟིགས་དབང་སོགས། །
སྐྱབས་གནས་མཆོག་གསུམ་དད་པའི་གཙུག་གིས་བསྟེན། །
 
སྙིགས་མའི་འགྲོ་ཁམས་གཅོང་རོང་འཕྲང་ལམ་ནས། །
ཐབས་ཤེས་ཟུང་གིས་ཇི་བཞིན་ལམ་སྟོན་པ། །
སྟག་ཚ་སྐྱབས་མགོན་ཉི་ཟླའི་དགྱེས་འཛུམ་ལ། །
དང་བའི་ཡིད་ཀྱིས་དུས་ཀུན་ཕྱག་བགྱིད་དོ། །
 
ཐོས་བསམ་སྒོམ་པས་ཐུགས་རྒྱུད་ལྟེམ་མེར་གཏམས། །
མཁས་བཙུན་བཟང་བོའི་ཡོན་ཏན་འདབ་ལག་གྲོལ།  །
ཆོས་རིག་རྒྱ་མཚོར་རྣམ་དཔྱོད་ཟབ་ཡངས་མྱུར། །
ཡོངས་འཛིན་བཤེས་གཉེན་ཚོགས་རྣམས་ཕྱག་གི་ཡུལ། །
 

    སྐྱེ་དགུའི་དཔུང་གཉེན་ཆེན་པོ་སྐྱབས་མཆོག་སྟག་ཚ་སྤྲུལ་བའི་སྐུ་རིན་པོ་ཆེ་༧རྗེ་བཙུན་སྐལ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་འཁྲུངས་ཚེས་ནི་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ཡིན་ལ།  རྟེན་འབྲེལ་དབང་གིས་བཅུ་གཅིག་ཞབས་བརྟན་ཚོགས་པ་ཞེས་མིང་ཐོགས་པའི་ཞབས་བརྟན་ཚོགས་པ་ཆེན་པོས་ཐེངས་མང་བོར་ནན་ཏན་གྱིས་རེ་བསྐུལ་ཞུས་པ་ལྟར། བོད་རབ་རྒྱན་ཆུ་ཡོས་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན།  མཛོད་དགེ་རྫོང་མཁར་གྱི་ཉེ་འདབས་བཀྲ་ཤིས་ཐང་ཆེན་དུ་སེར་སྐྱ་ཆིག་ཁྲི་ལྷག་ལ་སྟག་ཚ་དགོན་པའི་ཆེས་ཐོག་མའི་དགེ་བཤེས་རྡོ་རམས་པ་ཨར་མའི་དགའ་བ་རྒྱ་མཚོ་ལགས་ཀྱིས་འཕགས་བསྟོད་དང་བཟང་སྤྱོད།  སྐུ་རིམ་རྣམ་གསུམ།  ལྟུང་བཤགས་དང་སྤྱི་བཤགས།  སྟག་ཚ་རིན་པོ་ཆེ་དང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་བཞེད་འགྲུབ་པའི་སྨོན་ཚིག་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་བཅས་ཀྱི་ལུང་རྒྱུན་དང་འབྲེལ་ཏེ་དངོས་ཡོད་སྤྱི་ཚོགས་ཀྱི་གནས་བབ་དང་ལུགས་གཉིས་ལམ་སྟོན་གྱི་བཀའ་སློབ་གྱ་ནོམ་པ་གནང་།

    ཐོག་མར་ཁོང་གིས་ཐེངས་འདིར་བཅུ་གཅིག་ཞབས་བརྟན་ཚོགས་པའི་རེ་སྐུལ་ལྟར་ཁོང་སྐྱབས་མགོན་རྣམ་གཉིས་ཀྱི་བཀའ་ལུང་གྲོལ་ཚུལ་སོགས་དང་འབྲེལ་ནས་འདི་ལྟ་བུའི་ཆོས་ཁྲིད་བྱེད་དགོས་པའི་བརྒྱུད་རིམ་གསལ་བོ་ངོ་སྤྲོད་གནང་ཞིང་སྟག་ཚ་དགོན་པའི་དགེ་བཤེས་རྡོ་རམས་པའི་དམ་བཅའ་གསར་འཛུགས་གནང་དུས་ཀྱི་ཕྱག་ལེན་དང་འགྲོ་སྟངས་སྐོར་ནས་ཀྱང་གསལ་བཤད་གནང་བ་མ་ཟད། ཁོང་རང་ཉིད་ལ་གཞན་ལ་ལུང་ཁྲིད་དང་བཀའ་སློབ་སོགས་བྱེད་པའི་ཡོན་ཏན་རྩ་བ་ནས་མེད་ཚུལ་སོགས་ཞིབ་རྒྱས་སྩལ།

       ཁོང་གི་གསུང་བཤད་ཀྱི་ནང་དོན་གཙོ་བོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་ཆེན་བཅུ་གཉིས་དང་འབྲེལ་ཏེ་འཕགས་བོད་དུ་ནང་བ་སངས་རྒྱས་པའི་བསྟན་པ་དར་ཚུལ་དང་ཆོས་འབྱུང་ལོ་རྒྱུས།  ཁྱད་པར་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་སྲོང་བཙན་སྒམ་པོའི་ཕྱག་རྗེས་རླབས་ཆེན་སྐོར་གྱི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་གཏན་འབེབས་དང་བོད་ཀྱི་ཡི་གེ་གསར་གཏོད་ཀྱི་བཀའ་དྲིན་བསྐྱངས་ཚུལ།  ཁྱད་པར་བོད་ཁམས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྟེན་འབྲེལ་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་རབ་གནས་དངོས་སུ་གནང་བའི་ཇོ་སྐུ་རྣམ་གཉིས་གདན་དྲངས་ཚུལ་སོགས་དང་།  ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་དགེ་འདུན་པའི་སྡེ་ཐོག་མར་བཙུགས་པ་སོགས་དང་།  མངའ་བདག་ཁྲི་རལ་བ་ཅན་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ལོ་ཙྰ་བ་རྐ་ཅོག་ཞང་གསུམ་སོགས་ཀྱིས་བཀའ་བསྟན་མང་བོ་བསྒྱུར་ཚུལ་སོགས་བསྟན་པ་སྔ་དར་སྐོར་དང་།  མཁས་པ་མི་གསུམ་གྱིས་མདོ་སྨད་ཏན་ཏིག་ཡང་ཏིག་དང་སྨར་གཙང་དགོན་དུ་སྒོམ་པ་རབ་གསལ་ལ་སྡོམ་རྒྱུན་སྤེལ་བ་སོགས་བསྟན་པ་ཕྱི་དར་གྱི་རྟེན་འབྲེལ་མདོ་ཁམས་སྨད་ནས་འགྲིག་པ་སོགས་དང་།  དེ་ནས་དུས་འགྱུར་དང་རིག་གསར་རྗེས་ནས་བསྟན་པ་ཡང་དར་ཇི་ལྟར་བྱུང་བ་སོགས་རྒྱུན་ཤེས་ལ་ཉེ་བར་མཁོ་བའི་ཞལ་ཏ་གང་མང་གནང་།  ཁོང་གིས་བར་སྐབས་དེ་དག་ཏུ་མེས་པོ་གོང་མས་ཤུལ་བཞག་གནང་བའི་ཡ་རབས་སྤྱོད་བཟང་གི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་དགོས་པ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན།  མི་རིགས་མཐུན་སྒྲིལ་གྱི་དུས་རབས་གསར་བའི་འགན་འཁྲི།  ཚན་རིག་དང་ནང་ཆོས་ཟུང་འབྲེལ་སྒོས་འཕྲོད་བསྟེན་དང་བདེ་ཐང་གི་སྐོར།  གངས་ཅན་ཕ་མའི་དུས་ཆེན་དང་འབྲེལ་བའི་རྒན་བཀུར་གཞོན་བྱམས་ཀྱི་མི་ཆོས་ལྟ་བ་དང་ལྷ་ཆོས་ཀྱི་དགེ་རྩ་སོགས་ནས་མང་ཚོགས་ཀྱི་དད་འདུན་ལ་སྔར་ལས་ལྷག་པའི་སེམས་འགུལ་ཐེབས་པའི་བཀའ་སློབ་རིན་ཐང་བྲལ་བ་མང་དུ་གནང་།

     མཇུག་མཐར་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཆོས་དད་མང་ཚོགས་ཀྱི་དད་པ་ཉམས་ན་དེ་ལས་ལྷག་པའི་གྱོང་གུད་ཅིག་གཏན་ནས་མེད་པའི་སྐོར་དང་གཞན་སེམས་མ་དཀྲུག  རང་ཚུགས་མ་འཆོར་ཞེས་པའི་ལེགས་བཤད་འདི་ལ་ལས་འབྲས་ཀྱི་རྣམ་བཞག་དང་མཐུན་པའི་ཉམས་ལེན་གྱི་གནད་དང་མེས་པོ་གོང་མའི་ཤུལ་བཞག་གི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་གྱི་ལ་རྒྱའི་རེ་སྐུལ་ལྟ་བུའི་ཐབས་ཤེས་ཟུང་འབྲེལ་གྱི་གནད་འགག་གཉིས་འཛོམས་ཡིན་པས་བོད་མི་གོས་གོང་བ་ཅན་དང་ལག་ཕྲེང་བ་ཅན། སེམས་དགེ་བ་ཅན་དང་བྱ་སྤྱོད་གཞན་ཕན་ཅན་ཞེས་པའི་དཔེ་ལྟར་ཚང་མས་དཔུང་བ་མཉམ་གཤིབ་དང་རྡོག་རྩ་མཉམ་སྒྲིལ་བྱ་དགོས་པ་སོགས་ལུགས་གཉིས་ལམ་སྟོན་གྱི་གསུང་བཤད་གོ་སླ་བ་གང་མང་གནང་བའི་བཀའ་དྲིན་བསྐྱངས།  མཇུག་མཐར་བཅུ་གཅིག་ཞབས་བརྟན་ཚོགས་པས་རྟེན་འབྲེལ་གྱི་གསོལ་རས་ཕུལ་ཞིང་ལོ་རྗེས་མ་རྣམས་སུའང་མུ་མཐུད་ནས་འདི་ལྟ་བུའི་མཛད་འཕྲིན་སྐྱོང་དགོས་པའི་སྙན་ཞུ་ནན་ཏན་ཕུལ།  

ཨར་མའི་ཆོས་རིག་རྩོམ་སྒྲིག་ཁང་གིས་ཧོར་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ཟིན་འགོད་བགྱིས་པའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དོན་གྲུབ། སྤེལ་དུས:2023/5/23
ཁོང་གི་མཛད་པ་འཕྲིན་ལས་རྒྱས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41165209
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1