ཏེ་ཨོ་ཁར་ནི་གེའི་མི་གཤིས་ཀྱི་གཉོམ་སོ་བཀླགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཏེ་ཨོ་ཁར་ནི་གེའི་མི་གཤིས་ཀྱི་གཉོམ་སོ་བཀླགས་པ།
ཏེ་ཨོ་ཁར་ནི་གེའི་མི་གཤིས་ཀྱི་གཉོམ་སོ་བཀླགས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/11/28ལྟ་ཀློག (11759)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཏེ་ཨོ་ཁར་ནི་གེའི་མི་གཤིས་ཀྱི་གཉོམ་སོ་བཀླགས་པ།


_____ལེའུ་དང་པོའི་ཟིན་བྲིས།

 ཞྭ་ནག་པ།(གསེར་རྟ)

      ཐོག་མའི་སྐད་ཆ། མི་གཤིས་ཀྱི་གཉོམ་སོ་ཞེས་པའི་དཔེ་ཆ་འདི་ནི་ནུབ་གླིང་དར་མའི་སློབ་གསོའི་ཕ་ཡབ་ཏུ་གྲགས་པ་ཏེ་ཨོ་ཁར་ནི་གེ་(Dale Carnegie,1888.11.24 - 1955.11.1)ཡིས་མཛད་ཅིང་། བོད་ཀྱི་སྙན་ངག་པ་དང་ལོ་ཙཱ་བ་གྲགས་ཅན་འཇུ་སྐལ་བཟང་མཆོག་གིས་བོད་ཡིག་ཏུ་བསྒྱུར། དེབ་འདི་ནི་ལེའུ་བཅུ་དང་རབ་བྱེད་བརྒྱད་ཅུའི་བདག་ཉིད་ཅན་ཞིག་རེད་འདུག་ལ། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་། བདེ་འཇགས་དང་སྤྲོ་སྐྱིད་ཡོང་བའི་མན་ངག  མི་གཞན་གྱི་ཡིད་དུ་འགྲོ་བར་བྱེད་པའི་མན་ངག  ཁྱིང་ཚང་གི་འཚོ་བ་ལ་སྤྲོ་སྐྱིད་ཡོང་བའི་ལེགས་བཤད། ཁེར་རྐྱང་གི་སྣང་ཚོར་ནི་དེང་རབས་མི་ཡི་ཐུན་མོང་སྣང་ཚུལ་ཞིག་ཏུ་གོམས་དགོས་ཚུལ་སོགས་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་འཆམ་མཐུན་ཡོང་བའི་ཐབས་ལམ་སོགས་ལེགས་བཤད་གསེར་དོད་མ་དུ་མ་ཞིག་གིས་གྲུབ་པ་ཞིག་རེད་དོ།།

      དེབ་འདིའི་མགོ་ནས་ཀློག་སྐབས་སུ་ངས་ཡིད་ལ་ལོ་སྔོན་མར་བཀླགས་པའི་རྒན་བྱང་སྐར་ལགས་ཀྱི་འགྱུར་དེབ་ཅིག་ཏུ་སྐྱོན་བརྗོད་ཀྱི་རང་དབང་མེད་ན།  བསྔགས་བརྗོད་ལ་དོན་སྙིང་ཅི་ཞེས་བྲིས་འདུག་པ་དེ་རེད་ལ  སྐབས་སྐབས་སུ་ངས་ཀྱང་ཡིད་ལ་དེ་ལྟར་དྲན་ཞིང་།  གཞན་གྱི་བྱ་སྤྱོད་ལས་ནོར་འཁྲུལ་དུ་སྣང་བ་དག་ལ་སྐྱོན་བརྗོད་པའི་ཁུལ་བྱས་པའམ་རྒྱུ་མཚན་མེད་པར་གཞན་ལ་སྐྱོན་བརྗོད་བྱེད་པ་སོགས་ནི་གྲངས་ཀྱིས་མི་ལངས་བ་ཞིག་གོ།  ཏེ་ཨོ་ཁར་ནི་གེའི་མི་གཤིས་ཀྱི་གཉོམ་སོ་ལས་ལེགས་བཤད་གསེར་དོད་མ་འདི་འདྲ་ཞིག་མཐོང་སྟེ། སྐྱོན་བརྗོད་ཀྱིས་ནི་དོན་དག་ངོ་མར་བསྒྱུར་བཅོས་གཏོང་མི་ཐུབ་པར་མ་ཟད། དེ་འཁོན་པ་སློང་བའི་རྒྱུ་རུ་འགྱུར་བའང་ཡོད་དོ།། ཞེས་པ་དེ་མཐོང་བས་ང་ལ་སྔར་ལས་ལྷག་པའི་འདྲི་རྟགས་མང་པོ་ཞིག་ཐོན་འོང་སྟེ། དོན་དམ།  སྐྱོན་བརྗོད་ཀྱིས་མི་ལ་ཕན་ཐོག་གྱིན་འདུག་གམ། སྐྱོན་བརྗོད་ཀྱི་མི་སེམས་ལ་ཚོར་བ་ཅི་འདྲ་ཞིག་སྟེར་གྱིན་འདུག་གམ་སོགས་བརྗོད་ཐབས་བྲལ་བ་ཞིག་གོ།།  ཚོད་ཚོད་ལ།  ངས་ཏེ་ཨོ་ཁར་ནི་གེའི་ལེགས་བཤད་དེ་དག་རང་ཉིད་དང་སྦྱར་ནས་བསམ་གཞིག་ཅིག་བཏང་ཞིང་།  སླར་ཡང་ཁ་ཕྱིར་ལ་འཁོར་ནས་བསམ་གཞིག་ཅིག་བྱེད་དགོས་པའང་བྱུང་།  དོན་དུ།  ཏེ་ཨོ་ཁར་ནི་གེའི་སྐད་ཆ་དེ་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་སྟེ།  སྐྱོན་བརྗོད་དང་།  ལེ་འདེད། འཁང་ར་གསུམ་ནི་ཅིས་ཀྱང་སྤང་དགོས་ཤིང་། དེ་དག་གི་མཇུག་འབྲས་ལྟར་སྣང་ཁོ་ན་རུ་གྱུར་འདུག་ལ།  དེ་ནི་ཤེས་རབ་ལྡན་པའི་མི་ཞིག་གིས་བྱ་བ་ནི་མིན་པར་བསྟན་འདུག་པ་དེའོ།།  
      ད་རུང་འདི་འདྲ་ཞིང་གསུངས་འདུག་སྟེ། མི་སྣ་རླབས་ཆེན་ཟེར་བ་དེ་ཚོར་བརྟག་ན་ཁོང་ཚོས་དམན་པ་དག་ལ་སྤྱོད་ལམ་ཇི་ལྟར་སྟོན་པ་ལས་རླབས་ཆེན་ཡིན་མིན་ཤེས་ཐུབ་ཅེས་ཟེར། དོན་དུ་དཔྱད་ན་གྲུང་པོ་མིན་པའི་མི་དག་གིས་དུས་རྒྱུན་སྐྱོན་བརྗོད་དང་།  ལེ་འདེད།  འཁང་ར་བྱེད་པར་བྱ་ཞིང་། ཁོ་རང་གི་སྐད་ཆའི་ནུས་པ་དང་མཇུག་འབྲས་ལ་བསམ་གཞིག་བྱེད་པའི་སྲོལ་མེད་པ་ལྟ་བུ་རེད།  དོན་དུ་ང་ཚོར་གཞན་སེམས་ལ་རྒྱུས་ལོན་པར་བྱེད་ཅིང་།  གུ་ཡངས་གཏོང་བའི་བློ་སྦྱོང་དང་རང་གཅུན་གྱི་ནུས་པ་ཚད་མི་དམན་པ་ཞིག་ཡོད་དགོས་པའང་བསྟན་འདུག་གོ།
    མཚན་ཉིད་རིག་པ་བ་རྗེན་ཏོས་ཝེས་འདི་ལྟར་གསུངས་ཡོད་དེ། མིའི་རིགས་ཀྱི་ཆེས་གཏིང་རིམ་གྱི་སྒུལ་ཤུགས་ནི་གལ་ཆེན་དུ་བརྩི་བར་འདོད་པ་དེའོ།།ཞེས་པ་ལྟར།  ང་ཚོར་སྤྱི་མཐུན་གྱི་ཆ་ཞིག་ཡོད་པ་ནི་མི་ཀུན་གྱིས་རང་ཉིད་གལ་ཆེན་དུ་བརྩིས་ན་འདོད་པ་དེ་ཡིན་པས། ཚོགས་སྡེ་དང་མི་སྒེར་གང་ལ་མཚོན་ནའང་འདི་གཅིག་པ་རེད། དེ་བས། དེབ་འདིའི་བྱེད་པོ་ཏེ་ཨོ་ཁར་ནི་གེས་གསུངས་པ་ལྟར།  ཚོགས་བཤད་པ་དང་སྤྱི་མཐུན་གྱི་མདུན་སར་གཏམ་བཤད་མཁན་ཞིག་གིས་རང་ཉིད་ཀྱི་རྩལ་ཡོད་དགུ་ཁོང་ནས་སྤྲུགས་ཏེ་ཅི་ཞིག་བཤད་ཀྱང་། ཉན་མཁན་ལ་ཚོར་བ་ཅི་ཡང་སྟེར་མ་ཐུབ་ན་ཁོ་རང་ཏན་ཏན་ཡིད་ཆད་ངེས་པ་བཞིན།  སློབ་མ་དང་།  གཞུང་ཞབས་པ། ཐ་ན་རང་ཁྱིམ་གྱི་བུ་ཕྲུག་གིས་བྱ་བ་མཐའ་དག་ནུས་པ་རྩལ་སྤྲུགས་བཏང་ཡང་།  གཞན་གྱིས་ཁས་ལེན་མ་ཐོབ་ན་ཁོར་ཡིད་ཆད་བྱུང་བ་ནི་གོང་དང་གཅིག་མཚུངས་ཡིན་པ་འདིར་བསན་གཞིག་བཏང་ན།  འདི་ནི་གཞན་གྱིས་རང་ཉིད་གལ་ཆེན་དུ་མ་བརྩིས་པའམ།  ཁས་ལེན་མ་བྱས་པ་ལན་པས། ང་ཚོས་ཅིས་ཀྱང་བསྔགས་བརྗོད་ཀྱིས་མི་རྣམས་ལ་གསོན་ཤུགས་དང་སྙིང་སྟོབས། རེ་བ་གསར་པ་མང་པོ་ཞིག་བསྐྲུན་དགོས་པ་གལ་ཆེན་དུ་མཐོང་ལ། འདི་ནི་མི་དང་འགྲོགས་པའི་ཐབས་ལམ་ཡག་ཤོས་དང་།  བྱ་བ་མཐའ་དག་ལེགས་འགྲུབ་བྱུང་བའི་རྒྱུ་ཉག་གཅིག་དེ་ཤེས་འདོད་ན།  ཁྱེད་ཀྱིས་དོན་ལ་གནས་པའི་བསྟོད་བསྔགས་དང་བརྩི་མཐོང་ཟོལ་མེད་བྱེད་དགོས་པར་འདུག་གོ།
  ང་ཚོ་བྱ་བཞག་གང་ཞིག་ལེགས་འགྲུབ་བྱུང་བའི་ཐབས་ལམ་ཉག་གཅིག་ཡོད་པ་ནི་གཞན་གྱི་དགོས་མཁོ་གང་ཡིན་ངོས་ཟིན་བྱེད་པ་དེ་ཡིན་ལ། དེ་ནི་དོན་དུ་མི་དང་འགྲོགས་པའི་ཐམས་ལམ་ལེགས་ཤོས་དེའང་ཡིན། ཨ་རིའི་སྙན་གྲགས་ཅན་གྱི་ཁྲིམས་རྩོད་པ་དང་། ཚོང་ལས་གཙོ་འཛིན་པ་ཨོ་ཝིན་དབྱང་ལ་ལེགས་བཤད་འདི་འདྲ་ཞིག་འདུག་སྟེ། རང་གཞན་གོ་བརྗེས་ཏེ་གཞན་གྱི་དོན་ལ་བསམ་བློ་གཏོང་ནུས་ཤིང་། གཞན་གྱི་སེམས་ལ་ཅི་ཞིག་བསམ་གྱིན་ཡོད་པ་རྒྱུས་ལོན་བྱེད་ཐུབ་པའི་མི་དེས་མ་འོངས་པའི་དོན་དུ་སེམས་ཁྲལ་ཅི་ཡང་བྱེད་མི་དགོས་ཞེས་པ་དེའོ།།

    མཇུག་གི་གཏམ། ཀློག་མཁན་ལགས། ད་སྐབས་ངས་ཏེ་ཨོ་ཁར་ནི་གེའི་དཔེ་དེབ་འདིའི་ལེའུ་དང་པོ་བཀླགས་ཟིན་ཅིང་།  ལེའུ་དེའི་ཟིན་བྲིས་ཐོར་བུ་ཞིག་ཀྱང་བྲིས་ཟིན་པའི་ཁུལ་ཡིན།  སྐབས་འདིར་ཐོན་དུས་ངའི་ཟིན་བྲིས་ལས་ཁྱེད་ལ་བློ་སྐྱེད་གསར་པ་ཐོན་པའི་མན་ངག་གང་ཡང་རྙེད་མེད་ཀྱང་སྲིད་མོད། ཏེ་ཨོ་ཁར་ནི་གེས་ལེའུ་འདིར་གཞན་དང་ལྷན་དུ་འགྲོགས་པའི་རྩ་བའི་ཐབས་རྩལ་ཁོ་ན་གླེང་འདུག་ཅིང་།  དེ་ལ་རྩ་དོན་ཆེན་པོ་གསུམ་ངོས་བཟུང་འདུག་སྟེ། དང་པོ་སྐྱོན་བརྗོད་དང་།  ལེ་འདེད། འཁར་ར་གསུམ་སྤང་དགོས་པར་བཤད་ཅིང་།  གཉིས་པ། གཞན་ལ་བསྟོད་བསྔགས་དང་བརྩི་མཐོང་ཟོལ་མེད་བྱེད་དགོས་པར་བསྟན། གསུམ་པ། གཞན་གྱི་དགོས་མཁོ་ཅི་ཞིག་ཡིན་པ་ངོས་ཟིན་བྱེད་པ་དེ་ཡིན་པས། ང་ཡི་ཟིན་བྲིས་ལས་ཁྱེད་ཀྱིས་གཞན་དང་འགྲོགས་པའི་རྩ་དོན་ཆེན་པོ་གསུམ་འདི་ངོས་ཟིན་པར་བྱས་ན་ང་ཡི་ཟིན་བྲིས་འདིའང་དོན་མེད་དུ་མ་སོང་བའི་ཁུལ་ཙམ་མོ།།
༢༠༢༣-༡༡ལ་བྲིས།
 

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvo2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41588001
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1