ཏཱ་ལེ་ན་ཀྲབ་སྐོར​།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། » ཏཱ་ལེ་ན་ཀྲབ་སྐོར​།
ཏཱ་ལེ་ན་ཀྲབ་སྐོར​།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/12/5ལྟ་ཀློག (10859)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ཏཱ་ལེ་ན་ཀྲབ་སྐོར

____རྒྱལ་ཡོན། 

   ད་ལྟར་གྲོགས་པོ་ཞིག་གིས་ཏཱ་ལེ་མཚོ་ཁར་ཆམ་ཆམ་ལ་འགྲོ་རྒྱུ་བསུ་བར་ཡོང་གི་ཡིན་ཟེར། དེ་དང་བསྟུན་ནས་གནས་མཆོག་འདིའི་སྐོར་བསམ་ཞིབ་འགའ་བྱས་ནས་ལོ་རྒྱུས་ཀྱི་ཡིག་ཆ་ཁག་དང་མཐུན་པའི་རྩོམ་ཐུང་འདི་བྲིས་པ་ཡིན་ལ། སྤྱིར་གནས་མཆོག་འདི་ནི་ང་ཚོ་རྒྱུན་དུ་ཁོན་མེང་ལ་འགྲོ་བའི་སྐབས་ངེས་པར་བརྒྱུད་དགོས་པ་ཞིག་ཡིན་ལ། ལོ་རྒྱུས་ཐོག་ལོ་ངོ་སྟོང་ཕྲག་མང་པོའི་རིང་བོད་རིགས་དང་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཀྱང་ཡིན། 

    ཏུང་སི་ཕིང་ 段思平ཏཱ་ལེ་རྒྱལ་ཁབ་འཛུགས་སྐབས་སུ་དམག་རྣམས་མཚོ་རྒྱུད་བརྒལ་བའི་ལམ་མ་བརྙེས་པས། སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས་པའི་ལྷ་ཞིག་གིས་ལམ་བསྟན་པའི་ལེགས་སྐྱེས་ཆེན་པོ་(大礼)གནང་བས་དེ་སྐད་གྲགས་སོ། མ་ཟད་པི་རིགས་ཀྱི་མི་འབོར་མང་བའི་ཏ་ལེ་བ་ནི་མ་གཞི་གཤིས་རྒྱུད་འཇམ་ལ་ཡ་རབས་སྤྱོད་བཟང་དང་། ལྷག་པར་བློ་རིགས་བཀྲ་ཞིང་ལས་ལ་བརྩོན་པའི་དཔའ་ངར་ལྡན་པའི་མི་རིགས་ཤིག་ཀྱང་ཡིན། 

    ལོ་རྒྱུས་ནང་ཏ་ལེ་ན་ཀྲབ་རྒྱལ་རབས་ཀྱི་དུས་རིམ་སྔ་ཕྱི་གཉིས་བྱུང་ཡོད་པ་སྟེ། ཕྱི་ལོ937ནས—ཕྱི་ལོ1094བར་དང་། ཕྱི་ལོ1096ནས—ཕྱི་ལོ་1244བར་བཅས་ཡིན། སྐབས་དེའི་ན་ཀྲབ་རྒྱལ་པོའི་མངའ་དབང་ནི་འབར་མ། ཝེ་ཊ་ན་སོགས་མཐའ་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ཤིང་། ཏཱ་ལེ་རྒྱལ་པོ་ལའང་དམིགས་བསལ་མཚན་གནས་ཤིག་ཡོད་པ་ནི་སངས་རྒྱས་མཆོད་གནས་ཞེས་པ་དེ་ཡིན་ལ། དེ་ཡང་རྒྱལ་དམངས་རྣམས་དམ་པའི་ཆོས་ལ་དད་ཅིང་། ཀྲུང་གོ་སིལ་པོའི་དུས་རབས་སུ་ཤར་བྱང་སོགས་འཐབ་འཁྲུགས་རྒྱུན་མ་ཆད་པའི་སྐབས་པི་རིགས་ཀྱི་དབང་སྒྱུར་བའི་ཏ་ལེ་རྒྱལ་ཁམས་བརྟན་ལྷིང་གནས་པ་དང་། རྒྱལ་པོ་རིམ་བྱོན་རྣམས་ཀྱང་སངས་རྒྱལ་ཆོས་ལུགས་ལ་དད་ཅིང་རྒྱལ་ས་མངའ་ཁོངས་ཡོངས་ལ་གཙུག་ལག་ཁང་དྲུག་བཅུ་ལྷག་གསར་བཞེངས་དང་མཆོད་རྟེན་གསར་བཞེངས། མ་ཟད་རྒྱལ་རབས་སྔ་ཕྱི་བསྡོམས་པའི་རྒྱལ་པོ་བཅུ་ཡིས་རྒྱལ་སར་བོར་ནས་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད་ཅིང་། མ་ཟད་གནས་མཆོག་རི་བོ་བྱ་རྐང་དང་ཏ་ལེ་མཆོད་རྟེན་རྣམ་གསུམ་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་དད་རྟེན་མང་པོ་མ་ཉམས་པར་གནས་ཡོད་པ་བཅས་སོ། །

    མཐའ་མར་ཕྱི་༡༢༤༤ལོར་སོག་པོ་རྒྱལ་ཁམས་ཆེན་པོ་དམག་གིས་ཏཱ་ལེ་རྒྱལ་ཁམས་བཅོམ་ནས་དབང་དུ་བསྡུས། ལྷག་པར་དུ་མདོ་ཁམས་ཕྱོགས་ཀྱི་ཡུལ་གྲུ་མང་པོའི་གནའ་བོའི་ལོ་རྒྱུས་ཞིབ་པར་ཤེས་འདོད་ཕྱིན་ཏ་ལེ་ན་ཀྲབ་རྒྱལ་རབས་སོགས་མང་པོ་ཞིག་ལ་ངེས་པར་ཐུགས་སྣང་དགོས་པ་ནི་གལ་གནད་ཤིན་ཏུ་ཆེ་བ་ཡིན་ནོ། ། 

    མ་ཟད་ཏཱ་ལེ་ཟེར་དུས་མི་རྣམས་ཀྱི་སེམས་ལ་རང་དབང་མེད་པར་ཆེས་མཛེས་སྡུག་ལྡན་པའི་རྣ་མཚོ་洱海འཆར་ངེས་ཡིན་ལ། མཚོ་འདིའི་ཆགས་དབྱིབས་མིའི་རྣ་ཅོག་དང་འདྲ་བས་མིང་ལ་རྣ་མཚོ་ཞེས་བཏགས་པ་ཡིན་ཞིང་། མ་གཞིར་མཚེའུ་ཞིག་ཡིན་མོད་མཐོ་སྒང་བོད་དང་ཏྭ་ལེ་བེ་རིགས་རྣམས་ནི་རྒྱ་མཚོ་མཐོང་བར་ཤིན་ཏུ་དཀའ་བས། མཚེའུ་ཆེ་ཆུང་གང་ཡིན་ལ་མཚོ་ཞེས་འབོད་པ་ནི་རྒྱ་མཚོ་ལྟ་བུ་ཞེས་ཆེད་བསྟོད་ཀྱི་ཚུལ་ཡིན་ནོ། །

 ༢༠༢༣-༡-༧ཉིན་ཏཱ་ལེ་རྣ་མཚོའང་འེར་ཧི་མཚོ་ཁ་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41586756
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1