ཚོང་རམས་པ་བློ་ཇོ​་དང་ཁོའི་གནའ་རྫས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཚོང་རམས་པ་བློ་ཇོ​་དང་ཁོའི་གནའ་རྫས།
ཚོང་རམས་པ་བློ་ཇོ​་དང་ཁོའི་གནའ་རྫས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2024/1/10ལྟ་ཀློག (8313)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚོང་རམས་པ་བློ་ཇོ་དང་ཁོའི་གནའ་རྫས།


     དབྱར་ཟླ་བརྒྱད་པའི་རྔ་བ་རྫོང་གིས་སྔོ་ལྗང་གི་རྩྭ་ཐང་དང་དྭངས་གཙང་གི་མཁའ་དབུགས་གསར་བས་སྐུ་མགྲོན་ལ་བསུ་མ་བྱེད་ཅིང་།  གསེར་མདོག་གི་འབྲུ་རིགས་སྣ་ལྔས་མགོ་ལྕོག་ལྡེམ་བཞིན་གུས་འདུད་ཞུ་བ་དང་མཚུངས་པ་མ་ཟད། རྟ་ནོར་ལུག་གསུམ་གྱིས་ཕྱོགས་བཞིར་ཁྱབ་པའི་རྔ་བ་རྫོང་ནི་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་མཐོ་སྒང་དུ་ཁྱིམ་གཞི་བཅས་ཏེ་ཤ་རུས་གཅིག་ཏུ་འབྲེལ་ཞིང་སེམས་དང་བསམ་པའི་འཁོར་ཕྱོགས་མཐུན་པའི་བོད་པ་ཚང་ཞིག་རེད། 

      དུས་རབས་ཀྱི་དཀྱོགས་མཚམས་འདི་ནས་མདུན་སྐྱོད་ཀྱི་རྦ་རླབས་འཕྱོ་བའི་རྟེན་འབྲེལ་གྱི་གླུ་གཞས་སྣ་ཚོགས་གྲགས་སྐབས། ངའི་གོམ་པའི་འདེགས་འཇོག་ཀྱང་དལ་ལ་ཕབ་ནས་ཁྲོམ་ཆེན་གཡས་གཡོན་གྱི་ཁང་བརྩེགས་དང་མི་ཚོགས་སྟུག་པའི་རྣམ་པ་དེས་ངའི་ལམ་བར་གྱི་དཀའ་ངལ་སེལ་བར་བྱས་ཤིང་།  མདུན་ཐད་ཀྱི་ཚོང་ཁང་ཞིག་གི་སྒོའི་ཕྱི་ནང་དུ་གནའ་བོའི་ཅ་ལག་སྣ་ཚོགས་བཤམ་སྟོན་བྱས་འདུག  ཚོང་ཁང་ནང་ནའང་སྤུས་ལེགས་པའི་དངོས་རྫས་མང་བོ་དཀར་སྒམ་ཐོག་དང་མཁར་ངོ་།  ཀྭ་བ།  ལམ་གྱི་གཡས་གཡོན་བཅས་ལ་མེས་པོས་སྤྱོད་མྱོང་བའི་ས་རྫ།  མེ་ཆ།  རིགས་མི་འདྲ་བའི་ཟངས་པ་གང་མང་།  ད་དུང་གོ་བའི་སྨན་ཁུག  རྟ་མ་རྟའུ།  སྒོར་མོ་རྙིང་བ།  བོད་མདའ།  ཆབ་མ།  འུར་རྡོ།   རྨེད།  ཕོར་ཤུབས།  སྒ།  དངུལ་ལྟིར།   རྐྱན།  ནང་མཆོད་ཀ་ལི།  རིལ་བ་སྤྱི་བླུགས།  ཁྲུས་བུམ། འཁར་གསིལ། རྒྱ་གླིང་།  དུང་ཆེན།   སིལ་སྙན།  སྦུག་ཆལ།  ཏིང་ཤགས།  རྔ་ཅང་ཏེའུ། འབའ་ཁུག  རྫབ་ཡའི་ཕོར་བ།  གནའ་བོའི་ཐོང་གཤོལ།  རྨོག  སྣ་རུ།  ཁུར་ཤིང་།  གཉའ་ཤིང་།  རྫ་ཐབ།  ཇ་ཁུག  ཇ་མདོང་། མེ་བུམ་སོགས་མདོར་ན་སྨན་པའི་ཡོ་ཆས།  ཆོས་ལུགས་ཀྱི་ཡོ་ཆས།  ཞིང་ལས་ཀྱི་ཡོ་ཆས།  ཕྱུགས་ལས་ཀྱི་ཡོ་ཆས་སོགས་འཇིག་རྟེན་ཐོག་བོད་མི་དམངས་ཀྱི་མཁོ་བའི་ཡོ་ཆས་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་ལོངས་པ་ཞིག་ད་སྐབས་ནུབ་ལ་ཉེ་བའི་རྩ་ཆེན་རིག་དངོས་ཤུལ་བཞག་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་གོང་མཐོར་སོང་སྟེ་ལོ་ངོ་40ལྷག་ལ་ཡོ་ཆས་དེ་དག་བསྡུ་ཉར་བྱེད་མཁན་ནི་ཚོང་རམས་པ་རྩ་མའི་བློ་ཇོ་རེད།  ཁོའི་ལུས་པོ་ཅུང་རིང་ཞིང་གདོང་ཤ་ཅུང་ནག་ལ་ཁོ་ཚང་ལ་གཟའ་མི་གསུམ་ཡོད་ཁོ་རང་རྔ་བ་རྫོང་བར་མ་ཡུལ་ཚོའི་ཐེའུ་ཆུང་སྡེ་བ་རུ་སྐྱེས་ཤིང་ད་ལྟ་ལོ་དྲུག་ཅུ་ཡིན། ཆུང་དུས་ནས་ཨ་ཕའི་སློབ་སྟོན་འོག་ཚོང་ལས་ལ་འབད་འབུངས་བྱས་ཏེ་རིང་མིན་ཁོང་ཚང་ནི་སྡེ་བའི་ནང་གི་ཕྱུག་པོ་ཞིག་ཏུ་བརྩི་ལ་ཐེངས་ཤིག་གང་སར་ཚོང་ལས་བྱེད་པར་སོང་དུས།  ཟངས་པ་སྣ་ཚོགས་དང་ཅ་ལག་སྣ་ཚོགས་ཀྱི་དགེ་མཚན་ཨ་ཕས་ཁོ་ལ་ནན་ཏན་གྱིས་གདམས་པ་བཞིན་ཁོ་རང་ཡང་ནོར་དངོས་ཟིན་པའི་ཚོང་བ་ཞིག་ཏུ་གྱུར་ནས་ཁོས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ད་སྐབས་ནུབ་ལ་ཉེ་བའི་ཡོ་ཆས་མཐའ་དག་ཉོས་ཏེ་"ཁོ་རང་ས་གནས་འདིའི་ཆེས་མཐའ་མའི་གནའ་རྫས་གཉེར་བ་བོ་ཡིན་ན་འདོད་ཟེར་"གྱིན་ལོ་ངོ་བཞི་བཅུ་ལྷག་གི་རིང་གནའ་རྫས་བསྡུ་ཉར་གྱི་ལམ་ཆེན་དུ་ཆས་པ་ནས།  མཚོ་སྔོན།  ཀན་སུའུ།  བོད་ལྗོངས།  སི་ཁྲོན་སོགས་ཡུལ་ཁམས་གང་མང་འོ་བརྒྱལ་ལ་མ་འཛེམས་པར་མི་ཆེ་མི་ཆུང་གི་ཁང་བ་ཞིག་གི་ནང་ད་སྐབས་བློ་ཡུལ་ལས་འདས་པའི་རིག་གནས་ཤུལ་རྫས་རིག་གནས་སྣ་མང་ཕུན་ཚོགས་ལ་རྒུད་སྐྱོབ་བྱས་པ་བརྒྱུད་ད་ལྟ་དངོས་སུ་སྲུང་སྐྱོབ་ཀྱི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།  འདི་ནི་མི་རིགས་ཤིག་ལ་མཚོན་ན་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ལྡན་པའི་སྲོལ་རྒྱུན་རིག་གནས་མཚོན་སྟངས་ལ་མེད་དུ་མི་རུང་བའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན།  

     ཚོང་རམས་པ་བློ་ཇོས་དངོས་རྫས་དག་ལ་བལྟ་ཞོར་"བདག་གི་བསྡུ་ཉར་གྱི་ཡོད་ཆས་འདི་དག་ཕ་ཁྱིམ་སྨུག་པོའི་འཇིག་ལ་ཉེ་བའི་རིག་གནས་ཡིན་སྟབས་ཕྱིར་འདང་བརྒྱབ་ན་ཁོས་དམངས་སྒོར་ག་ཚོད་བཏང་བ་ཡང་མི་ཤེས་ཟེར།"བསྡུ་ཉར་བྱེད་རྒྱུ་ནི་ཁོའི་ཆུང་དུས་ཀྱི་རྨི་ལམ་ཞིག་སྟེ་རྨི་ལམ་དེའི་ཆེད་དུ་དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་ཆེན་བརྒྱུད་དེ་རང་གི་ཚེ་སྲོག་དང་གསོགས་དངུལ་ཡོད་ཚད་ཕུགས་བསམ་གྱི་དོན་དུ་བཏང་།  མིག་སྔར་ཁྱིམ་ཚང་འདིའི་འཚོ་རྟེན་ནི་བསྡུ་ཉར་ཁང་དུ་བསྟིམས་ཡོད་པས་སྐབས་རེར་བུའི་སློབ་ཡོན་ལའང་དཀའ་ངལ་ཡོད་མོད།  ད་སྐབས་ཁོའི་རེ་བ་ནི་རིག་གནས་འདི་དག་ལ་དགའ་ཞེན་དང་བདག་གཉེར་བྱེད་མཁན་བཟང་བོ་ཞིག་གི་ལག་ཏུ་སྤྲད་ན་འདོད་པ་དེ་ཡིན་སྟབས།  ཁོས་དཀའ་ངལ་གང་མང་མྱངས་ཀྱང་ནོམ་རྫས་གཞན་ལ་མ་བཙོང་བ་རེད།  དེ་ནི་རྒྱལ་ཁབ་རིམ་པའི་ཡིག་ཆ་ལྟར་"རིག་གནས་དངོས་རྫས་རྩ་ཆེན་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་ཚེ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་ལ་སྲུང་སྐྱོབ།  སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་དང་། འཕེལ་རྒྱས་རྒྱུན་མཐུད་གཏོང་རྒྱུ་བཅས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད།"

     ཡིད་སྐྱོ་བ་ཞིག་ལ་ལོ་འགའི་སྔོན་དུ་ཁོ་ལ་ཁྲག་མཐོ་ནས་ནད་ལྕི་མོ་ཞིག་ཕོགས། སྐབས་དེར་རྔ་ཁུལ་ དང་ཞིང་ཆེན་སྨན་ཁང་དུ་སོང་ཡང་གྲུབ་འབྲས་ཆེན་པོ་མ་བྱུང་བས་ཁོའི་སེམས་སུ་ནད་འདི་དྲག་ཐབས་དབེན་ན་བསྡུ་ཉར་གྱི་དངོས་པོ་དག་ལ་གསལ་བྱེད་རྒྱག་མཁན་མེད་སོང་བ་རེད་འདོད་མྱོང་། ད་དུང་བསྡུ་ཉར་ཁང་དུ་བསྟོད་ཡིག་གསུམ་བཏགས་ཡོད།  གཅིག་ནི་1998ལོར་རང་སྒོར་ཁྲི་6་ཐེའུ་ཆུང་ཡུལ་ཚོའི་ལམ་གསོ་བར་ཕུལ་བས་རྫོང་སྲིད་གཞུང་གིས་ཁོ་ལ་གནངས་པའི་བསྟོད་ཡིག་རེད།  གཅིག་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་ལ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན།  བཀའ་ཤོས་སྡེ་བ།  གདོང་ཁུ་རུ་ཁག་བཞིའི་ལམ་ཆེན་ཞིག་གསོ་བྱས་པས་དགོན་པ་དང་སྡེ་བ་སོ་སོའི་བསྟོད་ཡིག་དང་བཀའ་དྲིན་ཞུ་ཡིག་རེད།  དེར་བལྟས་ན་ཚོང་རམས་པ་བློ་ཇོའི་ཕུགས་བསམ་ནི་རྒྱ་ཆེ་ཞིང་མི་རིགས་ཀྱི་མིག་དཔེ་འོས་པའི་རླབས་ཆེན་གྱི་མི་སྣ་འགངས་ཆེན་ཞིག་ཡིན་པར་ང་ཚོར་ར་སྤྲོད་བྱས་འདུག་ལ་ང་ཚོས་ཡིད་ཆེས་ཀྱང་བྱས་ཆོག་པ་མ་ཟད།  ང་ཚོས་ཁོང་དང་ཁོང་འདྲ་བའི་ཚོང་རམས་པ་དག་ལ་ཅི་བསམ་ལྷུན་འགྲུབ་ཀྱི་སྨོན་འདུན་དང་དགའ་བསུ་ཞུ་བ་དང་ཆབས་ཅིག་ང་ཚོ་མི་རིགས་ཐུན་མོང་གིས་འབད་བརྩོན་བྱས་པར་བརྟེན་ནས་དངོས་ཡོད་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་བསམ་པའི་ཁྱིམ་གཞིས་ལ་གཅེས་སྐྱོང་ཡོད་པར་སྐུ་མཁྱེན་གསུང་མཁྱེན་ཞུ་བ་ལགས་སོ། །

ཞེས་འཕྲིན་འགོད་པ་ཁཱ་ཤེས་རབ་རྒྱ་མཚོས་བྲིས།

2007.11.6ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41466260
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1