ཞི་ཅིན་ཕེན་པེ་ཅིན་ས་འོག་ལྕགས་ལམ་ལས་སའི་ཡུལ་དངོས་དང་མངག་གཏོང་ཁང་། ཁོར་ཡུག་སྲུང་སྐྱོབ་ས་ཚིགས། གླ་གཏོང་འགྲུལ་སྐྱེལ་ཀུང་ཟི་བཅས་སུ་སོང་ནས། ལས་གནས་སུ་བྱ་བ་བསྒྲུབ་བཞིན་པའི་ངལ་རྩོལ་པ་རྣམས་ལ་འཚམས་འདྲི་ཞུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཞི་ཅིན་ཕེན་པེ་ཅིན་ས་འོག་ལྕགས་ལམ་ལས་སའི་ཡུལ་དངོས་དང་མངག་གཏོང་
ཞི་ཅིན་ཕེན་པེ་ཅིན་ས་འོག་ལྕགས་ལམ་ལས་སའི་ཡུལ་དངོས་དང་མངག་གཏོང་ཁང་། ཁོར་ཡུག་སྲུང་སྐྱོབ་ས་ཚིགས། གླ་གཏོང་འགྲུལ་སྐྱེལ་ཀུང་ཟི་བཅས་སུ་སོང་ནས། ལས་གནས་སུ་བྱ་བ་བསྒྲུབ་བཞིན་པའི་ངལ་རྩོལ་པ་རྣམས་ལ་འཚམས་འདྲི་ཞུས་པ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/10ལྟ་ཀློག (3081)རྩོམ་ཁུངས: ཞིན་ཧྭ་དྲ་བ་ཡིན། པར་འདེབ།


111.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ས་འོག་ལྕགས་ལམ་ལས་སའི་ཡུལ་དངོས་དང་མངག་གཏོང་ཁང་། ཁོར་ཡུག་སྲུང་སྐྱོབ་ས་ཚིགས། གླ་གཏོང་འགྲུལ་སྐྱེལ་ཀུང་ཟི་བཅས་སུ་སོང་ནས། ལས་གནས་སུ་བྱ་བ་བསྒྲུབ་བཞིན་པའི་ངལ་རྩོལ་པ་རྣམས་ལ་འཚམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ས་འོག་ལྕགས་ལམ་ལས་སའི་ཡུལ་དངོས་དང་མངག་གཏོང་ཁང་། ཁོར་ཡུག་སྲུང་སྐྱོབ་ས་ཚིགས། གླ་གཏོང་འགྲུལ་སྐྱེལ་ཀུང་ཟི་བཅས་སུ་སོང་ནས། ལས་གནས་སུ་བྱ་བ་བསྒྲུབ་བཞིན་པའི་ངལ་རྩོལ་པ་རྣམས་ལ་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས།

ཞི་ཅིན་ཕེན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གོ་ཅིན་ལོང་དང་པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཨན་ཧྲོང་གིས་འགྲོ་རོགས་འོག ཐོག་མར་ས་འོག་ལྕགས་ལམ་སྐུད་ལམ་བརྒྱད་པའི་བཟོ་སྐྲུན་ཡུལ་དངོས་སུ་ཕེབས་ནས་ལས་བཟོ་བ་རྣམས་ལ་ཕྱག་འཇུ་གནང་སྟེ་འཚམས་འདྲི་ཞུས་པ་མ་ཟད། བཟོ་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་མཛད་ཞོར་དུ་བཟོ་སྐྲུན་ཡུལ་དངོས་སུ་ལས་ཀ་ལས་བཞིན་པའི་ཞིང་བ་ལས་བཟོ་བ་དང་བཟོ་སྐྲུན་ལག་རྩལ་མི་སྣར་ལོ་སར་གྱི་སྨོན་འདུན་ཞུས། ཞི་ཅིན་ཕེན་གྱིས་པེ་ཅིན་གྲོང་ཁྱེར་དང་ཨར་ལས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ལ་བཤད་རྒྱུར། སྤྱི་སྤྱོད་འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་གྱི་ཁ་ཕྱོགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད། ཉིན་འགའི་སྔོན་ལ་བྱུང་བའི་སྨུག་སྤྲིན་ཚབས་ཆེན་འཐིབས་པའི་ནམ་ཟླས་གྲོང་ཁྱེར་མི་དམངས་ཀྱི་བྱ་བ་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས། སྨུག་སྤྲིན་ཚབས་ཆེན་ཐེབས་པར་བཅོས་སྐྱོང་བྱེད་དགོས་ན་ཕྱོགས་མང་བོ་ནས་འཛིན་དགོས་པ་དང་། སྤྱི་སྐྱོད་འགྲིམ་འགྲུལ་བྱ་བ་འཕེལ་རྒྱས་སུ་གཏོང་བ་དང་། རླངས་འཁོར་རྗེས་ཀྱི་རླངས་པ་ཇེ་ཉུང་དུ་གཏོང་རྒྱུ་ནི་དེ་བས་གལ་ཆེ་བའི་བྱེད་ཐབས་ཤིག་རེད་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཞིང་བ་ལས་བཟོ་བ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་དུ་བྱུང་བའི་རྣམ་པ་གསར་བའི་ཞོར་ལས་བའི་རུ་ཁག་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་ཞིང་བ་ཞོར་ལས་པ་རྣམས་ལ་སེམས་འཁུར་བྱེད་དགོས་ཟེར། ཁོ་ཚོའི་དུས་ཆེན་སྐབས་ཀྱི་འཚོ་བ་བཀོད་སྒྲིག་བཟང་བོ་བྱས་ནས། དོན་སྙིང་ལྡན་ཞིང་སྤྲོ་སྐྱིད་ལྡན་པའི་ལོ་སར་ཞིག་རོལ་དུ་འཇུག་དགོས་ཟེར།

མཁར་ནུབ་ཆུའུ་ཡི་ཏིས་ཨན་མིན་མངག་གཏོང་ཁང་གི་ཧྲི་ཁྲ་ཧེ་སྐོར་སྐྱོད་ཉེན་རྟོག་ལས་དོན་ས་ཚིགས་བརྒྱུད་སྐབས། ཞི་ཅིན་ཕེན་རླངས་འཁོར་ལས་མར་བབས་ནས་ས་དེར་ལས་རེས་བྱེད་བཞིན་པའི་མི་དམངས་ཉེན་རྟོག་ལས་བྱེད་པར་འཚམས་འདྲི་ཞུས་པ་མ་ཟད། ཁྲང་ཆོ་མངག་གཏོང་ཁང་གི་གཞུང་དོན་བསྒྲུབ་ས་དང་། བཀོད་འདོམས་ཁང་བཅས་སུ་ཕེབས་ཏེ། གཅིག་གཅིག་ཐིག་བྲེལ་མྱུར་ཉེན་རྟོག་ལས་དོན་རླངས་འཁོར་སྐོར་སྐྱོད་མི་དམངས་ཉེན་རྟོག་པ་དང་གྲོས་མོལ་མཛད། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

ཁོང་གིས་གསུང་དོན། མི་དམངས་ཉེན་རྟོག་པ་ནི་མི་དམངས་ཀྱི་སྲུང་དམག་ཡིན་པས། ཚང་མས་མི་དམངས་སྲུང་སྐྱོབ་བྱེད་པ་དང་ནག་ཉེས་ལ་ཆད་པ་གཅོད་པ། འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབ་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། ཏང་དང་མི་དམངས་ལ་ཡང་བསྐྱར་བྱས་རྗེས་འཇོག་ཐུབ་པའི་ང་ལ་ཡིད་ཆེད་ཡོད་ཅེས་གསུངས། ཁོང་གིས་སྤྱི་བདེ་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ལོ་སར་སྐྱིད་པོ་ཞིག་རོལ་དགོས་ཞེས་རེ་བ་བཏོན།

དུས་ཆེན་ལ་རོལ་སྐབས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་བ་ནི་ཆེས་ཁོམ་ལོང་མེད་པའི་སྐབས་ཡིན་པས། ཞི་ཅིན་ཕེན་གྱིས་ཆེས་ཕལ་བའི་ངལ་རྩོལ་པ་རྣམས་ལ་ཐུགས་འཁུར་གནང་བཞིན་འདུག ་མཁར་ནུབ་ཆུའུ་ཡི་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲའི་ཞབས་ཕྱི་ལྟེ་གནས་སུ་ཕེབས་ནས་ལས་བཟོ་བ་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ལས་བཟོ་བ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལ་སྤྱི་ཁྱབ་ཧྲུའུ་ཅི་བདེ་མོ་ཞེས་འཚམས་འདྲི་བྱས་པ་ན། སྤྱི་ཁྱབ་ཧྲུའུ་ཅིས་དགའ་སྤྲོའི་ངང་ཚང་མ་བདེ་མོ། ཚང་མས་དཀའ་ལས་མྱངས་སོང་ཞེས་གསུངས། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་བ་ནི་གྲོང་ཁྱེར་གྱི་མཛེས་སྤྲས་པ་ཡིན་ཞིང་། ཁྱེད་ཚོ་མེད་ན་གཙང་ཞིང་དག་པའི་གྲོང་ཁྱེར་སྐྱིད་པོ་ཞིག་ཡོད་དཀའ་བས། གྲོང་ཁྱེར་སྡོད་དམངས་ཡོངས་ཀྱིས་ང་ཚོའི་འཚོ་བའི་ཁོར་ཡུག་ལ་གཅེས་འཛིན་བྱས་ནས། ཐོན་ཁུངས་གྲོན་ཆུང་དང་། ཆུད་ཟོས་སུ་མི་གཏོང་བར་གད་སྙིགས་ཇེ་ཉུང་དུ་གཏོང་དགོས་པ་དང་། ང་ཚོའི་གྲོང་ཁྱེར་སྔར་ལས་གཙང་ཞིང་དག་པ་དང་། སྔར་ལས་མཛེས་སྡུག་ལྡན་པ། སྔར་ལས་དཔལ་ཡོན་ལྡན་པའི་གྲོང་ཁྱེར་ཞིག་བསྐྲུན་དགོས་ཟེར།

སྔ་གཞུག་ཏུ་ཞི་ཅིན་ཕེན་ད་རུང་པེ་ཅིན་གྲོང་ཁྱེར་ཞང་ལོང་གླ་གཏོང་འགྲུལ་སྐྱེལ་རླངས་འཁོར་ཚད་ཡོད་ཀུང་ཟིར་ཕེབས་ནས་ས་དེའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་ཞུས།

ལོ་ཙཱ།  བདེ་སྐྱིད་འཚོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41653652
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1