བོད་བཙན་པོའི་སྐབས་ཀྱི་བང་སོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» བོད་ཀྱི་རྒྱལ་རབས། »བོད་བཙན་པོའི་སྐབས་ཀྱི་བང་སོ།
བོད་བཙན་པོའི་སྐབས་ཀྱི་བང་སོ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/8ལྟ་ཀློག (4040)རྩོམ་ཁུངས: པར་འདེབ།

ཡོང་ཁུངས།  མཚོ་སྔོན་བོད་རིགས།   རྩོམ་པ་པོ། མི་གསལ།  

1.jpg

      བོད་བཙན་པོའི་སྐབས་ཀྱི་བང་སོ་ནི་གཏེར་ལམ་རྫོང་གི་མངའ་ཁོངས་སུ་ཡོད་ལ། རང་རྒྱལ་གྱི་ཆེས་ཐོག་མར་གསར་ཪྙེད་བྱུང་བའི་བོད་བཙན་པོའི་བང་སོ་ཞིག་ཀྱང་ཡིན། ད་ལྟ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་འདེམས་ཡོད་པ་དང་། རྒྱལ་ཡོངས་ཀྱི་བང་སོ་ཆེན་པོ་བཅུའི་ནང་གི་གྲས་གཅིག་ཡིན། གཏེར་ལམ་རྫོང་ཤར་ཁ་གྲོང་རྡལ་ནས་འཔའ་ལུང་ཤང་དང་རྒྱལ་ལམ་གཅིག་ཐིག་དགུ་བརྒྱུད་ནས་སྤྱི་ལེ་ཉིས་བརྒྱ་ལྷག་གི་མངའ་ཁོངས་སུ་ཆེ་ཆུང་མི་འདྲ་བའི་བང་སོ་སུམ་བརྒྱ་ལྷག་ཡོད། དེའི་ནང་རུ་སྔན་ཞང་གི་ཉེ་འགྲམ་གྱི་སྤྱི་ལེ་གཅིག་གི་མངའ་ཁོངས་སུ་བང་སོ་ཉིས་བརྒྱ་ལྷག་ཡོད་ལ། རུ་སྔན་ནམ་ཆུ་ཁོལ་ཞང༼ 热水乡 ༽གི་ཤེའུ༼ 血渭 ༽རྩྭ་ཐང་ནས1999 ལོའི་དབྱར་ཁར་པེ་ཅིན་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་རིག་དངོས་གནའ་རྫས་རྟོགས་དཔྱོད་ཁང་གཉིས་མཉམ་འབྲེལ་བྱས་པའི་གནའ་རྫས་རྟོགས་དཔྱོད་པས་ས་དེ་གར་བོད་བཙན་པོའི་སྐབས་ཀྱི་བང་སོ་ཆེ་འབྲིང་བཞི་རྙེད་བྱུང༌། བང་སོ་དེ་དག་ལས་དར་གོས་དང་ཟ་འོག་སོགས་རྒྱ་ནག་ཐང་ནས་ཐོན་པའམ་ནུབ་ཕྱོགས་རྒྱལ་ཁབ་ནས་ཐོན་པ། ཤིང་བཟོའི་ཅ་ལག གསེར་དངུལ་གྱི་བཟོས་བའི་ཅ་ལག ཤིང་བརྐོས་རི་མོ་ཅན་གྱི་པང་ལེབ། བོད་ཀྱི་བརྡ་རྙིང་བྲིས་པའི་རྡོ་རིང་གི་མིང་དང་ཁྲམ་བྱང་ལ་སོགས་དངོས་ཟོག་རིན་ཐང་གཞལ་དུ་མེད་པ་མང་པོ་ཞིག་རྙེད་སོང་། ཡིན་ཡང་རྟོགས་དཔྱོད་པའི་སྔོན་ལ་མ་པུ་ཧྥང་གི་སྔོག་འདོན་བྱས་ལ། དེའི་རྗེས་སུ་དུར་ཇག་གམ་ནག་ཚོང་མཁན་མང་པོས་སློག་ནས་དངོས་ཟོག་མང་པོ་ཞིག་ཡོ་རོབ་གླིང་དང་ཨ་མེ་རི་ཀ་སོགས་ལ་ཁྱབ། དཔེར་ན་ཨ་རིའི་ཁི་ལེ་ཕུ༼ 克里夫 ༽སྒྱུ་རྩལ་རིག་དངོས་ཁང་ནས་དར་གོས་ཀྱི་སྟོད་ལྭ་ཞིག༼ 栗特丝绸衣 ༽ནི་གཏེར་ལམ་གྱི་བཙན་པོའི་བང་སོ་ལས་བྱུང་བ་དང༌། ཨ་རིའི་ཞྭན་ཙི༼ 新泽 ༽ཁུལ་ཉེ་བ་ཁི ༼ 纽瓦克 ༽རིག་དངོས་ཁང་ན་ཉར་ཡོད་པས་དར་གོས་ཀྱི་སྟོད་གོར༼ 丝绸马甲 ༽དང་ཏུན་ཧོང་རིག་དངོས་གླིང༌དང་། ཀན་ལྷོ་རིག་དངོས་ཁང་ན་ཉར་ཡོད་པས་དར་གོས་ཧྲུལ་མ༼ 残片 ༽དག་ཚང་མ་གཏེར་ལམ་བོད་ཀྱི་བཙན་པོ་བང་སོ་ལས་བྱུང་བ་ཡིན་ཞེས་པེ་ཅིན་སློབ་གྲྭ་ཆེན་མོའི་གནའ་རྫས་རིག་དངོས་སློབ་གླིང༼ 文博学院 ༽གི་བོད་རིག་པའི་མཁས་པ་བློན་མཐུན་ལིན་མེ་ཚུན༼ 林梅村 ༽གིས་བཞེད། དེ་མིན་ད་དུང་བང་སོ་ལས་དུར་རྡོ་ཞིག་ལ་གསེར་ཡིག་གི“བློན”ཞེས་ཡིག་འབྲུ་ཆེན་པོ་ཞིག་བྲིས་ཡོད་པ་དང་རྟགས(编号)RB115 (Ki22(99DRNM1:36)ཅན་ཞིག་གི་སྟེང་ལ་མཛོང་ཞང་སྐྱེས(vdzong/zhang-skyes) ཞེས་བྲིས་འདུག་པ་སོགས་དཔྱད་གཞི་རིན་པོ་ཆེ་དག་རྙེད་པ་ལས་ང་ཚོ་ལ་གཏེར་ལམ་གྱི་ས་ཆ་འདིས་བོད་བཙན་པོ་སྐབས་ཀྱི་གོ་གནས་དང་རིན་ཐང༌། ཁྲོམ་ཁ་ཆེན་པོ་ཞིག་གི་རྣམ་པ། ལྷོ་ཕྱོགས་དར་གོས་ཚོང་ལམ་ལ་འགྲིམ་འགྲུལ་གྱི་སྟབས་ལེགས་པོ་ཞིག་བསྐྲུན་ཟིན་པ་རྟོགས་སུ་འཇུག ས་དེའི་བང་སོ་ལས་དར་གོས་དང་དར་ཁྲ། ཟ་འོག་སོགས་དར་གྱི་བཟོས་པའི་གྱོན་ཆས་སྣ་ཚོགས། གསེར་གྱི་བཟོས་པའི་རྫ་ཆས་དང་འདོགས་ཆ། བོད་ཀྱི་འཚོ་གནས་དང་མཐུན་པའི་རྟ་ནོར་ལུག་གསུམ་དང་སེང་གེ་ལ་སོགས་བརྐོས་ཡོད་པའི་པང་ལེབ། རྟ་སྒ། བོན་ཆོས་གསེར་བྲིས་མ། རྟ་དང་ལུག སེང་གེ་ལ་སོགས་ཁ་སྤྲོད་དུ་ཡོད་པའི་དར་གོས་རི་མོ་ཅན། དེ་མིན་སྟག་གཟིག་གི་གསེར་སྒོར་སོགས་ཡོད་པས་ལོ་རྒྱུས་ཞིབ་འཇུག་མཁན་དང་་བོད་རིག་པའི་མཁས་པ་མང་པོ་ཞིག་གི་ཤར་ཕྱོགས་གཏོར་གཟུགས་མཆོད་རྟེན༼ 东方金字塔 ༽ཞེས་བསྔགས་བཞིན་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41668006
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1