རྩོམ་པ་བོ་མོ་ཡན་ལགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» འཛམ་གླིང་མཁས་དབང་། »རྩོམ་པ་བོ་མོ་ཡན་ལགས།
རྩོམ་པ་བོ་མོ་ཡན་ལགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/5/8ལྟ་ཀློག (39147)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

           ༢༠༡༢ལོའི་ནའོ་པེར་རྩོམ་རིག་བྱ་དགའ་ཀྲུང་གོའི་རྩོམ་པ་པོ་མའོ་ཡེན་ལ་ཐོབ་པ།

     ཟླ་10བའི་ཚེས་11ཉིན་གྱི་མཚན་མོའི་པེ་ཅིང་གི་ཆུ་ཚོད་7གྱི་སྟེང་སུའུ་ཏེན་གོང་མའི་ཚན་སློབ་ཁང་གིས་བསྒྲགས་པའི་གནས་ཚུལ་སྟར་ན།2012ལོའི་ནའོ་པེར་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཀྲུང་གོ་ཡིན་པའི་རྩོམ་པ་པོ་མའོ་ཡེན་ལ་ཐོབ་ཡོད་པ་རེད། འདི་ཉིད་ཀྲུང་གོའི་ལོ་རྒྱུས་སམ་འཛམ་གླིང་ལོ་རྒྱུས་སྟེང་དུ་ས་སྐྱེ་རྡོ་སྐྱེ་ཡི་ཀྲུང་གོའི་མི་ལ་ཐོབ་པའི་ནའོ་པེར་རྩོམ་རིག་བྱ་དགའ་ཐོག་མ་ཡིན་པ་རེད།
     ཐེངས་འདིར་ནའོ་པེར་རྩོམ་རིག་བྱ་དགའི་དཔྱད་འདེམས་ཚོགས་པས་ཁོང་ལ་བྱ་དགའ་དེ་སྟེར་བའི་རྒྱུ་མཚན་དུ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཐབས་རྩལ་ལ་བསྟེན་ཏེ་དམངས་ཁྲོད་གཏམ་རྒྱུད་དང་ལོ་རྒྱུས། དེང་རབས་འཚོ་བ་བཅས་གཅིག་ལ་གཅིག་འདྲེས་ཀྱི་ཁྱད་མཚར་བའི་ནང་དོན་གྱིས་ཕྱུག་པ་ཞེས་པའི་མཚན་གསོལ་གནང་ནས་ཡོད་དོ། །
    2009ལོར། མའོ་ཡེན་གྱིས་བརྩམས་པའི་སྒྲུང་རིང་༼སྦལ་བ༽ཞེས་པ་ནའོ་པེར་དཔྱད་འདེམས་ཚོགས་པས་དོ་སྣང་བྱུང་བ་ནས།2012ལོར་གླིང་ཡོངས་སུ་ནའོ་པའེ་རྩོམ་རིག་བྱ་དགའ་འཐོབ་འོས་ཀྱི་བསྡུར་གྲངས་གསལ་བསྒྲགས་བྱས་པར་མའོ་ཡེན་ལ་བྱ་དགའ་འཐོབ་རྒྱུའི་བསྡུར་གྲངས་ཆེས་མཐོ་ནའང་། ལོ་རྒྱུས་ཁྲོད་ཀྱི་བསྡུར་ཚད་མཐོ་ཤས་རྣམས་ལ་བྱ་དགའ་འཐོབ་པ་ཉུང་ཉུང་ཞིག་ལས་མེད་པ་དེས་སྨྱན་བྱད་གསར་ལམ་ཁག་གི་སྨྲ་ལྕེ་ལ་ཚ་རླབས་ཀྱི་མེ་ལྕེ་མཆེད་དུ་བཅུག་ཡོད་ཅིང་། ལྷག་ཏུ་ཟླ་8པའི་ནང་རྩོམ་པ་པོ་ཀྲང་ཡེ་ཡེས་མའོ་ཡེན་གྱིས་ནའོ་པེར་རྩོམ་རིག་བྱ་དགའི་དཔྱད་འདེམས་པ་གཙོ་གྲས་མྰ་ཡའུ་རེན་ལ་ལྐོག་རྔན་སྤྲད་ཡོད་པའི་དཀྲོག་གཏམ་བཟོས་པ་དེ་དག་གིས་ད་ལོའི་ནའོ་པེར་རྩོམ་རིག་བྱ་དགའ་འཐོབ་འོས་ཀྱི་རྩོམ་པ་པོ་ལ་ཀྲུང་གོའི་རྩོམ་པ་པོ་མའོ་ཡེན་དང་འཇར་པན་གྱི་རྩོམ་པ་པོ་ཚོན་ཧྲེང་ཁྲོན་ཧྲུའུ་གཉིས་སྟག་སེང་ཁ་འཕྲོད་དུ་གྱུར་ནས་ཡོད་པ་རེད།
     མའོ་ཡེན།    སྤྱི་ལོ་1955ལོའི་ཟླ་2པའི་ཚེས་17ཉིན་ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་ཀའོ་མུས་རྫོང་དུ་ལྟེ་ཁྲག་འཕོས། ཀྲུང་གོའི་དེང་རབས་རིང་ལུགས་ཀྱི་རྩོམ་པ་པོ་གྲགས་ཅན་དང་ཤང་ཀང་སྒོ་དབྱེ་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པའི་གཟི་བརྗིད་མཚན་འཛིན་པ། ཆིན་ཏའོ་ཚན་རྩལ་སློབ་ཆེན་གྱི་གདན་ཞུས་མཁས་པ་བཅས་ཀྱི་འགན་བཞེས་ཡོད། ལོ་རབས་བརྒྱད་ཅུ་བའི་ནང་བསྟུད་མར་ཞིང་སྡེ་འཚོ་བ་མཚོན་པའི་བརྩམས་ཆོས་གང་མང་ཞིག་བྲིས་པ་དེས་ཁོང་གི་བརྩམས་ཆོས་ཀྱི་ལྟ་བ་༼རྒྱུད་འདེད་རྩོམ་རིག༽གི་ཁོངས་སུ་རིག་བསྒྲེས་ཤིང་རྩོམ་ཡིག་ལ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཤན་ཐེབས་པ་ནས་རྒྱུན་བུ་གཅིག་ལ་བརྒྱུས་པའི་དོད་དུ་སྒྲུང་གཏམ་མཐའ་དག་ཧྲན་ཏུང་ཀའོ་མུས་ཏུང་པའེ་ཞང་དུ་བྱུང་བའི་ངོ་མཚར་གྱི་ལྟད་མོས་མཚན་ནས་ཡོད་དོ། །
མའོ་ཡེན་གྱིས་རང་གི་བརྩམས་སྒྲུང་ཁྲོད་གཟེངས་སུ་བཏོད་པའི་ཚོར་བའི་འཇིག་རྟེན་གྱི་མངའ་བདག་སྟེ། མཁའ་འགྲོ་བརྡ་ཡིག་ལྟ་བུའི་བྱུང་རིམ་དང་ཁྱད་མཚར་བའི་བློ་བཀོད། གསང་བ་ལྐོག་གྱུར་གྱི་སྲིད་པའི་འཇིག་རྟེན་ཆེན་པོ་དེ་དག་གིས་ཁོང་ཉིད་ལ་༼གདོང་མཆོངས༽པའི་ཁྱད་ཆོས་ཀྱིས་ཕྱུག་ནས་ཡོད་རེད།2011ལོའི་ཟླ་བརྒྱད་པར། ཁོང་གི་སྒྲུང་རིང་༼སྦལ་བ༽ཞེས་པར་ཀྲུང་གོའི་སྐབས་བརྒྱད་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མྱོང་ངོ་། །
ཚབ་མཚོན་བརྩམས་ཆོས་ལ་༼ཙན་དན་བཞིན་གྱི་ཉེས་ཁྲིམས༽དང་།༼ཁྲེ་རྒོད་དམར་པོ༽༼སྐྱེ་འཆིའི་མནར་སྡུག༽༼ཕྱི་གསལ་ནང་གསལ་གྱི་ལ་ཕུག་དམར་པོ༽༼ཨ་རག་གི་རྒྱལ་ཁམས༽༼སྲེད་ལྡན་མ༽ ༼སྦལ་བ༽སོགས་སྒྲུང་རིང་དང་ལྷུག་རྩོམ་མང་པོ་བརྩམས་ཡོད།
     གཞན་དུ་ཁོང་གི་སྒྲུང་གཏམ་༼ཁྲེ་རྒོད་དམར་པོ༽ཞེས་པ་1988ལོར་ཀྲུང་གོའི་འཁྲབ་ཁྲིད་པ་གྲགས་ཅན་ཀྲང་དབྱི་མོ་ཡིས་གློག་བརྙན་དུ་བཟོས་པར་འཛམ་གླིང་གི་གློག་བརྙན་ལོ་རྒྱུས་སྟེང་སྐད་གྲགས་རྒྱས་ནས་ཡོད་ཅིང་། ལོ་རྒྱུས་དཔྱད་བརྗོད་པ་འགའ་རེས་དུས་སྐབས་འདི་ནས་བཟུང་སྟེ་ཀྲུང་གོའི་གློག་བརྙན་ལ་ཕྱི་རྒྱལ་པ་དག་གིས་དོ་སྣང་བྱ་འགོ་བརྩམས་སོང་ཟེར་བ་དག་ཀྱང་རྩོམ་པ་པོ་མའོ་ཡེན་གྱི་མཛད་རྗེས་ཤིག་ཏུ་གླེང་ཡང་ཆོག་གོ།


 中国作家莫言获得2012年诺贝尔文学奖

中国作家莫言
国际在线专稿:据诺贝尔奖官方网站报道10月11日报道,北京时间10月11日晚上7点,瑞典文学院诺贝尔奖评审委员会宣布,中国作家莫言获得2012年诺贝尔文学奖。
莫言,原名管谟业,生于山东高密县,中国当代著名作家,自1980年代中以一系列乡土作品崛起,充满着“怀乡”以及“怨乡”的复杂情感,被归类为“寻根文学”作家。代表作有《红高粱》、《檀香刑》、《****》、《酒国》、《生死疲劳》、《蛙》。其作品深受魔幻现实主义影响,莫言在他的小说中构造独特的主观感觉世界,天马行空般的叙述,陌生化的处理,塑造神秘超验的对象世界,带有明显的“先锋”色彩。
近5年诺贝尔文学奖归属回顾:
2011年,瑞典诗人托马斯-特朗斯特罗默获得了诺贝尔文学奖。
2010年,诺贝尔文学奖授予秘鲁作家马里奥·巴尔加斯·略萨(Mario Vargas Llosa)。
2009年,罗马尼亚裔的德国女性小说家、诗人、散文家赫塔·米勒(Herta Müller,1953-)获得诺贝尔文学奖。
2008年,法国“新寓言派”代表作家勒·克莱齐奥(Jean-Marie Gustave Le Clézio)获得诺贝尔文学奖。
2007年,英国女作家多丽丝·莱辛(Doris Lessing,1919— )获得诺贝尔文学奖。

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45432563
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1