གཏམ་དཔེ་ཕྱོགས་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གཏམ་དཔེ། »གཏམ་དཔེ་ཕྱོགས་བསྡུས།
གཏམ་དཔེ་ཕྱོགས་བསྡུས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/22ལྟ་ཀློག (5934)རྩོམ་ཁུངས: 

 

ངན་པའི་རྒྱུད་ལ་བཟང་པོ་མེད། །

མ་རབས་རྒྱུད་ན་ཡ་རབས་མེད། །

མ་རབས་ཀྱི་སྐད་སྒྲ་འུར་ཟིངས་ཟིང་། །

ཡ་རབས་ཀྱི་ངག་འཇམ་དལ་ལྷོད་ལྷོད། །

བོང་ཕྲུག་རྩེབ་མ་དྲེལ་འདྲ་འདྲ། །

ལྟས་ཀྱིན་ལྟས་ཀྱིན་མ་འདྲ་འདྲ། །

ལྷས་བཞོས་ན་ཙི་རུ་རུ། །

འདྲེས་བཞོས་ན་ཤག་འུ་འུ། །

གཙོ་བོ་བྱས་ནས་ཡར་ལ་བཞག་ན། །

གཙོ་སྒྱེ་དྲུད་ནས་ཐུར་ལ་རྒྱུག།

ར་མ་གཅེས་ན་སྦྲ་ཐོག།

བུ་མོ་གཅེས་ན་མགོ་ཐོག།

ཡ་རབས་ཚང་ལ་ལྷ་བཟོ་གསུམ། །

མ་རབས་ཚང་ལ་དུ་འཐེན་གསུམ། །

ཡ་རབས་མ་རབས་སྤྱོད་པས་ཤེས། །

ས་ཆ་གར་ཡིན་སྐད་ཀྱིས་ཤེས། །

 

ས་འབུར་ཐུར་གཙག །

བྱིའུ་ཕྲུག་རྡོ་གཙག །

མ་ལས་ཟེར་ནི་མེད་ན། །

མི་ལས་རྒྱུ་ཞིག་མེད་ཀི། །

ཕ་མ་ངན་པའི་བུ་ཕྲུག།

དགེ་རྒན་ངན་པའི་སློབ་མ། །

ངན་ལུང་གྱེན་ལ་ཤོར། །

བཙོག་ལུང་ཐུར་ལ་བབས། །

ཨ་བཙོག་ཐོག་ལ་ཡང་བཙོག།

སྐྱག་པའི་སྟེང་ལ་འཕོངས་རྡེབ། །

ར་མ་རིག་ན་ཨ་མར་འབོད་མཁན། །

སྐྱག་པར་གཏོང་སར་ཨ་ཕ་ཁྲིད་མཁན། །

སྣབས་ལུག་རོ་ཡ་ཁའི་གདོས་རོ་རེད། །

དེ་གཙང་ན་ཡ་ཁ་ཡང་སྤྱད་རེད། །

ལྷམ་ནེས་ར་རྐང་མགོའི་གདོས་རོ་རེད། །

དེ་འཐེན་ན་རྡོག་མགོ་ཡང་སྤྱད་རེད། །

ཡ་ཁའི་སྣབས་ལུག།

རྐང་མགོ་ལྷམ་ལུག། 

ཐུད་སྐལ་ཆེ་དུས་བན་དྷེའི་གྲལ། །

ཤ་སྐལ་ཆེ་དུས་བོན་པོའི་གྲལ། །

མི་ངན་ཞིག་གི་ཟ་ཤུལ་ན། །

ཁྱི་ངན་ལྟོ་བ་འགྲང་སྤྱད་ཡོད། །

རྒྱགས་ན་གཡོས་ཤུན་མི་ཟ། །

ལྟོག་ན་རྒྱུ་མདུད་མི་སྐྱུར། །

རྒན་ལ་གུས་བཀུར་མི་ཤེས། །

གཞོན་ལ་བྱམས་བརྩེ་མི་ཤེས། །

རྒན་པའི་ཁ་ནང་ལ་ཚད། །

བྱིས་པའི་མིག་ནང་ལ་ཚད། །

ལས་ཅི་བྱས་ཕྱིན་ཅི་ལོག་པ། །

གཏམ་ཅི་བཤད་ལྟ་བ་ལོག་པ། །

རྒན་པའི་ཁ་མ་གཙང་ན། །

ཆུང་བའི་ལག་མི་གཙང་། །

ཆེ་བས་ཅི་ལས་ན། །

ཆུང་བས་དེ་ལས། །

བུ་ཕྲུག་གི་རྒྱུ་སྤུས། །

ཕ་མའི་ཁ་ཏ། །

ཕོ་ལྡོམ་གྱེན། །

མོ་ལྡོམ་ཐུར། །

དྭ་ལི་ཁ་རྒྱ་མགོ་རྒྱ། །

གྱོ་ལི་བདག་མེད་འདོག་མེད། །

ཕ་མའི་ཁ་ཏ།

བུ་ཕྲུག་གི་རྣ་ལམ། །

ཡ་རབས་ཀི་ཀ་ཁ་མ་ལོབས། །

མ་རབས་ཀྱི་དུད་ཆང་ལོབས། །

སྐེད་རགས་མི་དོམ་སྦོ་ལུག།

ལྷམ་སྒྲོག་མི་དོམ་ཉྭ་ལུག།

མེ་ཏོག་རྡོག་རྫིས། །

མཆོད་མེ་ཕུ་གསོད། །

སྐྲག་ན་ངུ་མི་ཐུབ།

ལྟོགས་ན་འགུལ་མི་ཐུབ།

རྡོ་རྗེ་གོ་ཁར་ལྷུང་ན། །

ཨེ་ལུའི་རྩེད་གདན། །

རྨ་ཆུའི་ནང་ལ་རྡོ་མ་འཕེན། །

མེ་ཏོག་ནང་ལ་གཅིན་མ་གཏོང་། །

ཆུ་ཆེན་ལ་རྡོ་མ་འཕེན། །

མྱི་ཆེན་ལ་ཁ་མ་གཏོངས། །

བརྒྱད་པ་ཁ་ཆག་གིས་ནོར་ངོ་ལོན་ན། །

རྐོ་མ་མགོ་ལོ་མས་གྲོ་མ་ལོན་ན། །

སྐེད་རགས་བསྡམས་ན་དྲོད་ཡིན། །

ལྷམ་སྒྲོག་བསྡམས་ན་རྟ་ཡིན། །

ཡ་རབས་བསམ་ན་ཕ་མའི་ཁ་ལ་ཉོན། །

མཁས་པ་འདོད་ན་དཔེ་ཆ་མཐོ་སར་ཤོག །

ཁ་མིག་ཡར་ལྟ་གྱིས། །

བྱ་མིག་གྱེན་ལྟ་གྱིས། །

གཞིས་འཁོར་བ་ཨེ་ཟིན་བུ་རེད། །

ལ་མཐོན་པོ་ཨེ་ཆོད་རྟ་རེད། །

བུ་རེ་བ་ཅན་ལ་རེ་བཞག་ཡོད་དགོས། །

གོས་རི་མོ་ཅན་ལ་རྒྱང་ལྟས་ཡོད་དགོས། །

གཏམ་སྐད་ཆ་བཤད་ན་དྲང་དགོས། །

བློ་རིག་པ་འགྲན་ན་ཁྲ་དགོས།

                                                                           སྨིན་དབུས་པོའི་པོད་ཕྲན་ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41565191
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1