ལིས་ཁི་ཆང་གིས་སུའེ་ཙེར་དངུལ་རྩའི་ལས་རིགས་ཀྱི་མི་སྣའི་གུང་ཚིགས་ཚོགས་འདུའི་སྟེང་གསུང་བཤད་གནང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ལིས་ཁི་ཆང་གིས་སུའེ་ཙེར་དངུལ་རྩའི་ལས་རིགས་ཀྱི་མི་སྣའི་གུང་ཚིག
ལིས་ཁི་ཆང་གིས་སུའེ་ཙེར་དངུལ་རྩའི་ལས་རིགས་ཀྱི་མི་སྣའི་གུང་ཚིགས་ཚོགས་འདུའི་སྟེང་གསུང་བཤད་གནང་བ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/25ལྟ་ཀློག (1459)རྩོམ་ཁུངས: 

 

ཟླ་ལྔ་བའི་ཚེས་ཉེར་བཞིའི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སུའུ་ལིས་ཧྲི་གྲོང་ཁྱེར་ནས་བསྡུས་པའི་དཔལ་འབྱོར་དངུལ་རྩའི་ལས་རིགས་ཀྱི་མི་སྣའི་གུང་ཚིགས་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་སུའུ་ལིས་ཧྲི་ནས་ཁ་ཡིག་ལ་མཉམ་དུ་ཀྲུང་གོ་དང་སུའེ་ཙེར་དངོས་གཉེར་མཉམ་ལས་ཀྱི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དགོས་ཞེས་པའི་གསུང་བཤད་སྤེལ་ཏེ། ཀྲུང་གོའི་དཔལ་འབྱོར་དངུལ་རྩའི་སྲིད་ཇུས་དང་ཀྲུང་གོ་དང་སུའེ་ཙེར་རང་མོས་གྲོས་མཐུན་གྱི་དོན་སྙིང་གལ་ཆེན་རྒྱས་བཤད་མཛད།

ལིས་ཁི་ཆང་གིས་སའེ་ཙེར་ནི་ངས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་ཁུར་རྗེས་འཚམས་འདྲིར་བྱེད་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན་ལ། རྒྱུ་མཚན་ནི་ཀྲུང་གོ་དང་སུའེ་ཙེར་བར་གྱི་འབྲེལ་བ་ཧ་ཅང་དམ་པོ་ཡིན་པས་རེད། ཀྲུང་གོ་ནི་སུའེ་ཙེར་གྱི་ཨེ་ཤ་ཡའི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོ་ཡིན་པ་དང་། ཀྲུང་གོ་ན་སུའེ་ཙེར་གྱི་དངུལ་གཏོང་ཁེ་ལས་མང་པོ་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི། ཀྲུང་གོ་དང་སུའེ་ཙེར་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་མོལ་ལེགས་འགྲུབ་བྱུང་བ་དེས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་ཐུབ་ངེས་ཡིན་ཞེས་བསྟན།

ལིས་ཁི་ཆང་གིས་ཀྲུང་གོ་དང་སུའེ་ཙེར་རང་མོས་ཉོ་ཚོང་ས་ཁུལ་བསྐྲུན་པའི་དོན་སྙིང་དེ་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀར་ལྡན་པ་མིན་པར། དེ་ནི་ཀྲུང་གོ་དང་ཡོ་རོབ་གླིང་སྐམ་སའི་རྒྱལ་ཁབ་ཀྱི་རང་མོས་ཉོ་ཚོང་ས་ཁུལ་ཐོག་མ་དང་། ཀྲུང་གོ་དང་དཔལ་འབྱོར་གྱི་སྟོབས་ལྡན་རྒྱལ་ཁབ་ཉི་ཤུའི་བར་གྱི་རང་མོས་ཉོ་ཚོང་ས་ཁུལ་དང་པོ་ཡིན་པས། ཀྲུང་གོ་དང་སུའེ་ཙེར་བར་གྱི་མཉམ་ལས་ལ་ཁེ་བཟང་ཆེན་པོ་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གོང་དུ་སྤེལ་བར་ཁེ་བཟང་ཆེ་བ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་ལའང་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་སྲིད་ཅེས་བསྟན།

ལིས་ཁི་ཆང་གིས་མཇུག་མཐར་སུའེ་ཙེར་ནི་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ནས་ཡོ་རོབ་གླིང་གི་སྔོན་གྲལ་དུ་བསྐྱོད་པ་དང་། ཀྲུང་གོ་གསར་བ་ཁས་ལེན་ཆེས་སྔ་བའི་ནུབ་ཕྱོགས་རྒྱལ་ཁབ་གྲས་ཀྱི་གཅིག་དང་། ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གྱི་གོ་གནས་ཐོག་དང་པོར་ཁས་བླངས་པའི་ཡོ་རོབ་གླིང་གི་སྐམ་སའི་རྒྱལ་ཁབ་ཡིན་ལ། ཐོག་དང་པོར་ཀྲུང་གོའི་བར་རང་མོས་ཉོ་ཚོང་གི་གྲོས་མཐུན་བཀོད་པའི་ཡོ་རོབ་གླིང་སྐམ་སའི་རྒྱལ་ཁབ་ཡིན་པས། ང་ཚོས་ངེས་པར་དུ་གསར་སྤེལ་དང་ཡར་རྒྱས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཀྲུང་གོ་དང་སའེ་ཙེར་བར་གྱི་འབྲེལ་བ་དུས་རྟག་ཏུ་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་པར་ཡར་སྐུལ་བྱེད་དགོས་ཞེས་གསུངས།

ལིས་ཁི་ཆང་གིས་ད་དུང་ད་ལྟའི་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་སོགས་ཀྱི་གནད་དོན་ཐད་ནས་དཔལ་འབྱོར་དངུལ་རྩའི་ལས་རིགས་ཀྱི་མི་སྣའི་དྲི་བར་ལན་བཏབ།

                                                                                                                               མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
42025621
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1