༼༡༽གཡག་ཆུང་རུང་འབྲོང་གི་ཚ་བོ། ། བྱིའུ་ཆུང་རུང་ནམ་མཁའི་བྱ་རིགས། །
༼༢༽ལྷ་གཡག་རུ་དར་ཅན་པོ་རྡང་གི་མགོ། དཔའ་བོ་སྙིང་རྩ་ཅན་པོ་དམག་གི་རྟིང་། །
༼༣༽གཡང་རོག་པོ་ཆུང་རུང་སྒྱིད་པའི་མི་དོ། །རྨ་ལུ་མ་ཆུང་རུང་རྐང་རབ་མི་དར། །
༼༤༽གཡག་རྣུ་ལུ་རྒྱུགས་ན་ངོ་ལེན་དཀའ། །རྦབ་ཆེན་པོ་ཤོར་ན་གྱེན་བཟློག་མེད། །
༼༥༽གཡག་རྡང་ནང་ལ་སྤྱང་ཀི་མི་ཐར། །མཆོད་སྟེགས་སྟེང་ལ་མཛེ་ཤ་མི་དར། །
༼༦༽ལྷ་གཡག་གྭ་བ་ངུར་ན་རྟགས་ཡོད། །ཉི་མས་ཟར་ཆུ་བླངས་ན་ཆར་ཡོད། །
༼༧༽གཡག་རོག་པོའི་བཀའ་དྲིན་མི་ཤེས་ན། །སྦྲ་མཐིང་སྨུག་བཀལ་འགེལ་བྱས་ན་གོ །
༼༨༽གཡག་མགོ་སྐམ་རུང་ལབ་རྩེ། །ཁྱི་མགོ་སྐམ་རུང་མནན་པ། །
༼༩༽འཚིག་པ་གཡག་ལ་ཟོས་ནས། །ལུང་ལྕག་རྟ་ལ་བྱས། །
༼༡༠༽གཡག་རྒས་རུང་སྡོད་ཡོད། །མི་རྒས་རུང་མིང་ཡོད། །
༼༡༡༽གཡག་རོག་པོ་བཤས་པའི་སྡིག་གྲོགས་མྱོང་། །དབུས་ཇོ་བོར་མཇལ་བའི་ཆོས་གྲོགས་མྱོང་། །
༼༡༢༽གཡག་ལ་སེམས་པ་མ་རེད། །ཁྲག་ལ་སེམས་པ་རེད། །
༼༡༣༽གཡག་གིས་རྩྭ་མ་ཟོས་ན། །གཉའ་བའི་མནན་དང་མ་མནན་མེད། །
༼༡༤༽ལྷ་གཡག་ལ་རྭ་རྡོ་སྤྲད། །ལྷ་སྲས་ལ་དམའ་འབེབ་བྱས། །
༼༡༥༽གཡག་གི་རྭ་ཁ་རྒྱུ་དག་ཡག་ས། །རྟ་བོའི་མགོ་འཕང་བྲུག་ཞེང་ཆེ་ས། །
༼༡༦༽གཡག་དང་བླ་མ་རྒས་ན་བཟང་། །རྩེད་གྲོགས་དགོད་གྲོགས་ཆུང་ན་བཟང་། །
༼༡༧༽རང་གི་ངོ་ན་གཡག་ཡོད་པ་མི་མཐོང་། གཞན་གྱི་ངོ་རུ་ཤིག་སྲོ་ཡོད་པ་མཐོང་།
༼༡༨༽རང་ཆགས་རོག་འ་བཞག །སྒ་ཆག་གཡག་འ་བསྟད། །
༼༡༩༽མི་ཕྱོགས་ཟེར་རུང་རང་ཕྱོགས། གཡག་རྣ་ལོ་མེད་རུང་ཡུལ་ཕྱོགས།
༼༢༠༽གཡག་ནོན་ནོན་ལ་ཁྲག །མི་བསད་བསད་ལ་བསུབ། །
༼༢༡༽གཡག་བཤས་པས་མི་ཚད་རྔ་མའི་འཕྲུ། །མི་བསད་པས་མི་ཚད་ཤི་མཚང་ངོ་། །
༼༡༢༽གཡག་རྭ་ལོས་རྡུང་སྔ། །མི་ལྕེ་ལོས་བཤད་སྔ། །
༼༡༣༽ལྷ་གཡག་ཡིན་པས་མི་ཚད་གྭ་ཡོད། །གཅེས་ཕྲུག་ཡིན་པས་མི་ཚད་ཐོབ་ཡོད། །
༼༡༤༽གཡག་ཞོན་སྙིང་ཇེ་ཆེ། །ཆང་འཐུང་ཁ་ཇེ་མང་། །
༼༡༥༽བྱང་གཡག་ཁེར་ཉལ། །སྤྱང་ཀིའི་འཁྲུལ་སྣང་། །
༼༡༦༽གཡག་གཡུང་ན་ཁལ་གཉིས་འགེལ། །མི་ངན་ན་ཁྲིམས་གཉིས་འབབ། །
༼༡༧༽རི་ཐང་བདེ་གཟར་ལོག་ན་རྟ་ལས་གཡག་ཞོན་མགྱོགས། །བརྒྱ་བཅུ་ཁ་ལོག་བྱུང་ན་དཔོན་ལས་གཡོག་མགོ་མཐོ། །
༼༡༨༽གཡག་གིས་གཡག་བསད་ན་སྟོང་མེད། །རང་གིས་རང་གིས་བརླགས་ན་ལེ་མེད། །
༼༡༩༽གཡག་ཞོན་གྲས་ན་འདྲེ་མེད། །རྔ་མོང་གོང་ན་ལྷ་མེད། །
༼༢༠༽ གཡག་རྣ་ཁུ་ཚུར། །མྱི་སྔུན་རང་མཚང་། །
སྨིན་དབུས་པོའི་པོད་ཕྲན་ལས་བཤུས།
|