ལུས་ཟུངས་འཚོ་བར་བྱེད་པའི་བཅུད་ཀྱི་མཆོག་འོ་མའི་སྐོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 1 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཕྲོད་བསྟེན། འཛེམ་བྱ། »ལུས་ཟུངས་འཚོ་བར་བྱེད་པའི་བཅུད་ཀྱི་མཆོག་འོ་མའི་སྐོར།
ལུས་ཟུངས་འཚོ་བར་བྱེད་པའི་བཅུད་ཀྱི་མཆོག་འོ་མའི་སྐོར།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/1ལྟ་ཀློག (3134)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    བཞིན་པ་རེད། འོན་ཀྱང་དེ་དག་གི་ཕན་ནུས་ལྕི་ཡང་ལ་སོགས་པའི་གནས་ཚུལ་མཁྱེན་མཁན་ཉུང་ཤས་ལས་མེད་པ་གསལ་པོ་རེད། དེར་བརྟེན་ད་རེ་འདིར་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་གསུངས་པའི་བཏུང་བ་རིགས་གསུམ་གྱི་ཕན་གནོད་དང༌། ཡང་དགོས་འོ་མ་སྤྱི་དང་བྱེ་བྲག་གི་ནུས་པ་རོབ་ཙམ་ཞུས་ན་སྤྱིར་འོ་མས་རླུང་གི་ནད་རིགས་ལ་ཕན་པ་དང༌། ཆུ་ཡིས་མཁྲིས་པའི་ནད་རིགས། དེ་བཞིན་ཆང་གིས་བད་ཀན་གྱི་ནད་རིགས་ལ་ཕན་གྱི་ཡོད། འོན་ཀྱང་མང་དྲགས་ན་དེ་ལས་ལྡོག་པའི་ནུས་པ་ཐོན་གྱི་ཡོད་དེ། དཔེར་ན་འོ་མ་མང་དྲགས་ན་བད་ཀན་གྱི་ནད་བསྐྱེད་པ་དང༌། ཆུ་ཁོལ་མའམ། ཆུ་གྲང་མོ་དང་བསྐོལ་གྲང་མང་དྲགས་ན་རླུང་གི་ནད་བསྐྱེད་པར་བྱེད། ཆང་གིས་མཁྲིས་པའི་ནད་རབ་ཏུ་བསྐྱེད་པར་བྱེད་པ་ཡིན་ནོ།

                                         ༢ བྱེ་བྲག་འོ་མའི་རོ་ནུས་ཕན་ཡོན་སྐོར།
   སྤྱིར་འོ་མ་ཕལ་ཆེ་བ་རོ་མངར་བ་དང༌། ཞུ་རྗེས་ཡང་མངར་ཞིང་ནུས་པ་སྣུམ་ལ་ལྕི་བས་ལུས་ཟུངས་རྣམས་འཕེལ་ཞིང་གཟི་མདངས་སྐྱེད་པ་དང༌། རླུང་མཁྲིས་ཀྱི་ནད་སེལ་ཞིང༌། རོ་ཚ་བ་སྟེ་ལུས་ཟུངས་ཀྱི་ཐ་མ་ཁུ་སྟོབས་འཕེལ་བར་བྱེད། ལྷག་པར་དུའང་བྱིས་པ་ལོ་ན་བཅུ་དྲུག་བར་དུ་འཚར་ལོངས་ཚུལ་བཞིན་ཡོང་ཐབས་དང་གཟུགས་སྟོབས་རྒྱས་པ། རྒན་གྲས་ལོ་ན་༥༠ བརྒལ་ན་རུས་བཅུད་ཉམས་པ་གསོ་བ། བུད་མེད་བྱིས་པ་མང་པོ་བཙའ་མྱོང་བ་རྣམས་ཀྱི་རུས་པའི་བཅུད་གསོ་བར་ཕན་པ་དང་གྲུམ་བུ་སྔོན་འགོག་ཐུབ་པ། གློ་གཅོང་སོགས་ཡུན་རིང་ནད་མནར་བ་རྣམས་ཀྱི་ལུས་ཟུངས་གསོ་བ་སོགས་ཀྱི་ཕན་ཡོན་བརྗོད་ཀྱི་མི་ལང་བ་ཡོད་པས་གོང་གསལ་རྒན་བྱིས་དང་གཅོང་ནད་ཅན་རྣམས་ཀྱིས་འོ་མ་གང་མང་མཆོད་དགོས། དེ་ཡང་རང་རང་གི་ལུས་ཁམས་དང་རང་བཞིན་ནད་གཞི་སོགས་དང་བསྟུན་ནས་འོ་མའི་རིགས་གང་དང་གང་འཕྲོད་པ་ཡོད་མེད་བརྟག་ཞིབ་ཀྱིས་བེད་སྤྱད་ཤེས་པ་བྱེད་དགོས་པ་གལ་གནད་ཆེ།།
                                          ༣ འོ་མ་བྱེ་བྲག་སོ་སོའི་ནུས་པའམ་ཕན་ཡོན་ནི།
   བ་ཕྱུགས་ཀྱི་འོ་མས་གློ་རྡོལ་གྱི་ནད་དང༌། གློ་བའི་གཅོང་ནད་དང༌། རིམས་ནད་རྙིང་པ་ཆམ་རིམས་ལྟ་བུ། ཟ་ཁུ་གཅིན་སྙིའི་ནད་ཁྲག་དང་གཅིན་ནང་མངར་ཆ་འཕེལ་བའི་ནད་བཅས་ལ་ཕན་པ་དང༌། གཞན་ཡང་ཡིད་གཞུངས་པ་སྟེ་བྱ་བ་གང་ལའང་མི་བརྗེད་པར་དྲན་པ་གསལ་བ། བློ་རྣོ་བར་གྱུར་པ་སྟེ་རིག་སྟོབས་འཕེལ་བ་མ་ཟད་ནད་གཞི་སྔོན་འགོག་དང་ལུས་བརྟས་པར་བྱེད་པ་འོ་མའི་ནང་ནས་མཆོག་ཡིན་པས་བྱིས་པ་རྣམས་ལ་བ་ཡི་འོ་མ་སྟེར་དགོས་པ་གལ་ཆེའོ།།
   ར་ཡི་འོ་མས་དབུགས་མི་བདེ་བའི་ནད་སེལ་བར་བྱེད་པས་གློ་གཅོང་གི་ནད་རྙིང་སོགས་ཀྱི་དབུགས་བསགས་སྐབས་ར་ཡི་འོ་མ་འཐུང་དགོས། ལུག་གི་འོ་མས་རླུང་གི་ནད་འཇོམས་པར་བྱེད་ཀྱང་སྙིང་གི་ནད་ལ་གནོད་པ་མ་ཟད་དྲན་པ་མི་གསལ་བར་འགྱུར་བ་དང་བརྗེད་ངས་ཆེ་བར་འགྱུར་བས་བྱིས་པ་རྣམས་ཀྱི་ཤེས་རབ་ཉམས་པས་སྟེར་མི་རུང༌། འབྲི་ཡི་འོ་མ་ནི་བ་ཕྱུགས་ཀྱི་འོ་མ་ལྟར་ཤིན་ཏུ་ལེགས་པས་རྒན་བྱིས་ཚང་མས་སྤྱོད་འོས་ཀྱང་མང་དྲགས་པ་དང་ཁ་སྤྲི་མ་དོར་ན་མཁྲིས་པའི་ནད་སློང་བར་བྱེད། རྟ་བོང་གི་འོ་མས་གློ་ནད་གི་ནད་རིགས་ལ་ཕན་ཞིང་གློ་བའི་རྨ་གསོ་བར་བྱེད་པ་དང༌། མ་ཧེའི་འོ་མས་ལུས་ཟུངས་གསོ་ཞིང་ལས་ཀྱི་ཤ་རྒྱས་པར་བྱེད་ཅིང་ལོ་ན་རྒན་གྲས་རྣམས་ལ་འཕྲོད་ཀྱང་ལོ་ཆུང་བྱིས་པ་རྣམས་ཀྱི་བློ་རིག་རྨོངས་པར་བྱེད་པས་ལོ་ཆུང་བྱིས་པར་མ་སྟེར་ན་ལེགས། དེ་བཞིན་འཚོ་ཆེས་པ་སྟེ་ཤ་རྒྱགས་པ་རྣམས་དང་ཁྲག་ཤེད་ཀྱི་ནད་པ་རྣམས་ཀྱིས་མཆོད་རྒྱུ་མེད། གལ་ཏེ་འོ་མ་མཆོད་འདོད་ན་ལེགས་པར་བསྐོལ་རྗེས་ཆུ་ཁོལ་བསྲེས་པའམ་ཡང་ན་འོ་མའི་ཁ་སྤྲི་དོར་ཟིན་པ་ཡིན་དགོས། དེ་ལྟར་བཤད་པའི་འོ་མའི་རིགས་ཐམས་ཅད་ཀྱང་བཞོས་ནས་མ་བསྐོལ་བར་གྲང་མོ་ནི་འོ་རློན་ཞེས་ནུས་པ་ལྕི་ཞིང་བསིལ་བ་དང་ལྡན་པས་སྲིན་གྱི་ནད་རིགས་དང༌། བད་ཀན་གྱི་ནད་སྐྱེད་པར་བྱེད་པས་ངེས་པར་དུ་བསྐོལ་དགོས། འོ་མ་གང་ཡང་ལེགས་པར་བསྐོལ་བ་ནི་ནུས་པ་ཡང་ཞིང་དྲོ་བས་འཇུ་སླ་བ་མ་ཟད་ནད་འབུའི་རིགས་སྔོན་འགོག་ཐུབ་པ་དང༌། ཡང་འོ་མ་ཡུན་རིང་བསྐོལ་ནས་གདུས་པར་གྱུར་ན་ནི་ནུས་པ་ལྕི་རུ་འགྲོ་བས་འཇུ་དཀའ་བར་འགྱུར། བཞོས་མ་ཐག་པའི་འོ་མ་དྲོན་མོ་ནི་ལུས་ཁམས་ལ་ཤིན་ཏུ་ཕན་པས་བདུད་རྩི་ཉིད་དང་མཚུངས་པར་བཞེད་དོ།།
                                      ༤ འོ་མས་ལས་བྱུང་བའི་དཀར་གཞན་གྱི་ནུས་པ།
     ཞོ་སྐྱ་ཞེས་འོ་མ་དཀྲོགས་ཏེ་སྙིང་པོ་མར་བཏོན་ཟིན་པའི་དར་བ་དེས་ནི་བད་ཀན་ལས་གྱུར་བའི་རིམས་ནད་དང༌། རིམས་ཀྱི་ཆམ་པ། རིམས་ནད་འགྲམས་པ་དང་འཁྲུགས་པ་དེ་བཞིན་ཚད་པས་འཁྲུ་བ་རྣམས་སེལ་བར་བྱེད་དོ། འོ་མ་ལས་བྱས་པའི་ཞོ་ཀུན་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར་ལ་ནུས་པ་བསིལ་སྣུམ་དང་ལྡན་པས་ཆབས་ཆེན་འགག་པ་སེལ་བ་དང་རླུང་ཚད་ཀྱི་ནད་སེལ་ཞིང་ཁ་ཟས་ཀྱི་དང་ག་འབྱེད་པ་བྱེད་དོ། དར་བ་གསར་པའི་དུས་སུ་རོ་སྐལ་སྐྱུར་ཞིང་ནུས་པ་ཡང་བ་དང་ལྡན་པས་ཕོ་བའི་མེ་དྲོད་སྐྱེད་པ་དང༌། སྐྲན་གྱི་ནད། མཚེར་པའི་ནད། གཞང་འབྲུམ་གྱི་ནད། མར་མ་ཞུ་བའི་ནད་བཅས་སེལ་བ་དང་ཞོ་ཡི་ཁར་སྐྱེས་པའི་ཆུ་ནི་ཁོང་ཁོང་པ་འཁྲུ་ཞིང་བཤང་བ་སླ་བར་བྱེད་པ་དང་རྩ་སྦུབས་ཀྱི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ། ཕྱུར་ཁུས་ནི་རླུང་དང་མཁྲིས་པ་མི་བསྐྱེད་ཅིང་བད་ཀན་གྱི་ནད་སེལ་བར་བྱེད། ཞོ་ཆུ་བཙགས་རྗེས་མར་ཁུ་བཙོས་པས་ནི་ཤ་བ་སྐམ་པར་བྱེད་ཅིང་ཚད་པས་འཁྲུ་བ་སེལ་བར་བྱེད་པ་ཡིན་ནོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41524582
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1